དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“བོད་ལྗོངས་ཀྱི་བཅིངས་འགྲོལ་ཐོབ་པའི་གྲོང་ཚོ་ཨང་དང་པོར”རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བ།

སྤེལ་དུས 2021-04-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས།

འདི་ནི་བོད་ལྗོངས་ཀྱི་བཅིངས་འགྲོལ་ཐོབ་པའི་གྲོང་ཚོ་ཨང་དང་པོ་སྟེ་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་སྐམ་ཐོག་གྲོང་ཚོའི་ཟུར་ཞིག་ཡིན་པ། 
          “བོད་ལྗོངས་ཀྱི་བཅིངས་འགྲོལ་ཐོབ་པའི་གྲོང་ཚོ་ཨང་དང་པོ”སྟེ་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་སྐམ་ཐོག་གྲོང་ཚོར་སྐྱོད་མྱོང་ཡོད་པ་ཚང་མར་གསར་བརྗེའི་ལོ་རྒྱུས་དང་ཤེས་དཔལ་གྱི་མྱོང་སྣང་ཟབ་མོ་ཞིག་ཚོར་ཐུབ། གྲལ་སྟར་འགྲིག་པའི་ཁྲོན་པའི་དབྱིབས་ཀྱི་བོད་ཁྱིམ་སྡོད་ཁང་གསར་པའི་ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་། དུད་ཚང་འགའ་ཤས་ཀྱི་སྒོ་འགྲམ་དུ་ད་དུང་འཇིབ་ཆུང་དང་ལྗིད་ཐེག་རླངས་འཁོར་ཡང་བཞག་ཡོད་པ་རེད།
          སྐམ་ཐོག་གྲོང་ཚོ་ནི་ཁྲོན་བོད་ས་མཚམས་ཀྱི་འབྲི་ཆུའི་ངོགས་སུ་གནས་ཡོད་ཅིང་། 1950ལོའི་ཟླ་10པའི་ཟླ་སྟོད་དུ་ཆབ་མདོའི་གཡུལ་འགྱེད་འགོ་ཚུགས་པ་དང་། ཟླ་10ཚེས་7ཉིན་གྱི་མཚན་མོར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པའི་བྱང་རུ་ཚོགས་པའི་གཡོན་ལམ་དམག་དཔུང་དེ་གར་འབྲི་ཆུ་མྱུར་བརྒལ་གྱིས་དམག་འཐབ་དྲག་པོ་བྱས་པ་བརྒྱུད་ཚེས་8ཉིན་གྱི་ཕྱི་དྲོ་བཅའ་སྡོད་བོད་དམག་ཕྱིར་འཐེན་བྱས་པས། སྐམ་ཐོག་གྲོང་ཚོ་དེ“བོད་ལྗོངས་ཀྱི་བཅིངས་འགྲོལ་ཐོབ་པའི་གྲོང་ཚོ་ཨང་དང་པོར”གྱུར་པ་མ་ཟད། བོད་ལྗོངས་སུ་དཔུང་སྐྱོད་བྱེད་པའི་ཟམ་སྣེའི་མཁར་རྫོང་ཞིག་ལའང་གྱུར་ཡོད།
          ལོ་70ཡི་གོང་གི་སྐམ་ཐོག་གྲོང་ཚོ་ནི་བོད་ལྗོངས་ཀྱི་ས་ཆ་གཞན་དང་འདྲ་བར་མང་ཚོགས་རྣམས་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཁྲོད་འཚོ་བ་སྐྱེལ་བ་དང་མི་མང་ཆེ་བ་ནི་ཞིང་བྲན་རེད། “ང་ཚོས་མངའ་བདག་གི་ཁྱིམ་ལ་ཁྲལ་རྫོགས་རྒྱུ་མེད་པ་ཞིག་རྒྱུག་དགོས་ཀྱི་ཡོད་པས་ལྟོ་གོས་གཉིས་འཛོམས་ཡོང་བ་ནི་སྟོང་བསམ་ཞིག་རང་རེད། དེ་གར་བཅའ་སྡོད་བོད་དམག་གིས་རྟག་ཏུ་གྲོང་མིར་བརྙས་བཅོས་དང་བུད་མེད་ལ་ལོག་གཡེམ་བྱེད་ཀྱི་ཡོད”ཅེས་འདི་ལོ་ལོ་79ལ་སླེབས་པའི་ཕུར་པས་དྲན་གསོ་བྱེད་བཞིན་བརྗོད།
          སྐབས་དེ་དུས་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་ཚོས་ཕུར་པར་བག་ཆགས་ཧ་ཅང་ཟབ་མོ་ཞིག་བཞག་པ་སྟེ། “བཅིངས་འགྲོལ་དམག་གིས་ང་ཚོར་ཡར་ལངས་བཅིངས་འགྲོལ་གཏོང་རོགས་བྱས་པ་ལས་ང་ཚོའི་ས་ནས་འབྲུ་རྡོག་གཅིག་ཀྱང་ཟ་མྱོང་མེད་ལ། ཁབ་དང་སྐུད་པ་ཙམ་ཡང་འཁྱེར་མྱོང་མེད། སྐབས་དེར་རང་ཉིད་ལོ་ན་ཆུང་བས་རྟག་ཏུ་སྒར་སའི་ཉེ་འདབས་སུ་བཅིངས་འགྲོལ་དམག་མི་སྦྱོང་བརྡར་བྱེད་པ་དང་ལག་རྩེད་སྤོ་ལོ་རྒྱག་མཁན་ལ་ལྟ་བར་འགྲོ་ཡི་ཡོད། དེ་ག་ནས་གློག་བརྙན་ཐེངས་དང་པོར་ལྟ་རྒྱུ་བྱུང་ལ། འབྲས་རྡོག་ཐོག་མ་དེ་ཡང་ཟ་རྒྱུ་བྱུང་། བཅིངས་འགྲོལ་དམག་མིས་ང་ཚོར་ཧ་ཅང་ཡག་པོ་བྱེད་ཀྱི་འདུག”
          བཅིངས་འགྲོལ་དམག་མི་བརྒྱུད། ཕུར་པ་དང་གྲོང་མི་ཚོས་ཀྲུང་གོ་གུང་ཁྲན་ཏང་ཤེས་རྟོགས་ཐུབ་པ་དང་སྐར་ལྔའི་དར་དམར་མཐོང་ཐུབ་པ་རེད། དུས་དེ་ནས་བཟུང་གསར་བརྗེའི་ས་བོན་སེམས་སུ་རྩ་བ་ཚུགས་ནས་མྱུ་གུ་འབུས།
          1969ལོར་ཕུར་པ་དམག་ལ་ཞུགས་ནས་མཐའ་མཚམས་སྲུང་། ཁོང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་། “ང་དམག་དང་ཏང་ལ་ཞུགས་དོན་ནི་ཁོང་ཚོ་དང་འདྲ་བའི་མི་ཞིག་བྱས་ནས་ཁྱིམ་སྲུང་རྒྱལ་སྐྱོང་བྱ་ཆེད་ཡིན”ཞེས་ཕུར་པས་བརྗོད།
          དམག་ཞབས་ཐིམ་ནས་གྲོང་ཚོར་ལོག་རྗེས་ཕུར་པས་གྲོང་ཚོའི་ཐོན་སྐྱེད་རུ་དཔོན་གྱི་འགན་ཁུར་བ་དང་གྲོང་མིའི་སྣེ་ཁྲིད་དེ་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད། ཕམ་འདོད་མེད་པའི་ངར་ཤུགས་དང་འཚོ་བ་གསར་པར་བཅངས་པའི་རེ་སྨོན་ལ་བརྟེན་ནས་སྐམ་ཐོག་གྲོང་ཚོས་སོན་བཟང་ཁྱབ་གདལ་དང་། ཆུ་ཡུར་གསར་སྐྲུན། དགུན་གྲོ་དང་། སྲན་མ། བྲ་བོ་སོགས་བཏབ་པ་དང་སྔོན་གྱི་དུས་ཚིགས་གཅིག་ནས་དུས་ཚིགས་གཉིས་བར་འགྱུར་ལྡོག་བྱུང་ནས་གྲོང་མིའི་འཚོ་བ་ཇེ་ལེགས་སུ་ཕྱིན་ཡོད།
          “སྤོབས་སེམས་ཆེ་ཤོས་ནི་ཚང་མར་ལྟོ་གྲོད་པ་རྒྱགས་པ་ཞིག་བཟའ་རྒྱུ་བྱུང་བ་དེ་རེད”ཅེས་ཕུར་པས་བརྗོད།
          བཅོས་བསྒྱུར་སྒོ་དབྱེ་བྱས་རྗེས་སྐམ་ཐོག་གྲོང་ཚོར་ཐོན་ཚད་དུད་ཚང་ལ་འགན་གཙང་སྤྲད་པ་རེད། 1955ལོར་སྐྱེས་པའི་རྡོ་དགའ་ཡིས་ཁོང་གི་ཁྱིམ་ལ་ས་ཞིང་མུའུ་3དང་རྨོན་ཕྱུགས་1བགོ་བཤའ་རག་ནས་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་གསལ་པོར་དྲན་གྱི་ཡོད།
          2016ལོ་ནས་བཟུང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ“འཛམ་གླིང་ཡང་རྩེར”རྒྱག་འགོ་ཚུགས་ཡོད།
          ཐུན་མོང་མ་ཡིན་པའི་གསར་བརྗེའི་རིག་གནས་དང་། རང་བྱུང་མཛེས་ལྗོངས། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་བཅས་ལས་སྐམ་ཐོག་གྲོང་ཚོ་དེ་ཉིད་བོད་ལྗོངས་སུ་ཡོང་མཁན་ཡུལ་སྐོར་བ་མང་པོའི་ས་ཚིགས་ཨང་དང་པོར་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། འཇོ་མདའ་རྫོང་གིས་གསར་བརྗེའི་ཡུལ་སྐོར་གྱི་མི་མངོན་པའི་ནུས་པ་སྔོག་འདོན་གང་ལེགས་བྱས་ཏེ་འབྲི་ཆུའི་དམག་སྡེ་བཅོ་བརྒྱད་པའི་གྲུ་ཁ་སོགས་མཚོན་བྱེད་དུ་བྱས་པའི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བཏོད་པ་དང་། ཡུལ་སྐོར་ལས་རིགས་ལ་བརྟེན་ནས་འཕེལ་རྒྱས་བཏང་བའི་ཡུལ་མིའི་མགྲོན་ཁང་དང་། རྟ་བོགས་མར་གཏོང་བ། ཞབས་བྲོ་འཁྲབ་པ། མཛེས་ལྗོངས་འགྲེལ་བཤད་རྒྱག་པ་སོགས་ཀྱི་ཞབས་ཞུའི་ལས་རིགས་གྲོང་མིའི་ཡོང་འབབ་ཀྱི་འཕར་གཞི་གསར་པར་གྱུར་ཡོད།
          ལོ་བཅུ་ཕྲག་ཁ་ཤས་རིང་སྐམ་ཐོག་གྲོང་ཚོས་མི་རབས་ནས་མི་རབས་བར་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ཏེ་དཀའ་སྤྱད་འབད་འཐབ་དང་དཀའ་སྤྱད་དངོས་སྒྲུབ་བྱས་ཡོད།
          དུས་ཆེན་གལ་ཆེན་འཆར་རིམ་བཞིན་སྐམ་ཐོག་གྲོང་ཚོའི་དུད་ཚང་ཚང་མས་རང་འགུལ་ངང་ཐོག་ཁའི་སྐར་ལྔའི་དར་དམར་གསར་རྐྱང་བརྗེས་ནས་ཏང་གི་བཀའ་དྲིན་ཚོར་ལུགས་དང་མེས་རྒྱལ་ལ་དགའ་ཞེན་བཅངས་ལུགས་མཚོན་པར་བྱེད་ཀྱི་ཡོད།