དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“རྩེར་སོན་སློབ་མ”སྟེ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ནོར་བུ།

སྤེལ་དུས 2021-04-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
---བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ངམ་རིང་རྫོང་ཆུ་འོག་ཤང་སྟེང་མཐོང་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ནོར་བུའི་སྐོར་བཀོད་པ།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་རྒྱལ་ལམ318བརྒྱུད་རླངས་འཁོར་བསྐོར་ནས་ཆུ་ཚོད4ཕྱིན་པ་ན་ལྷ་མོའི་ཕ་ས་སྟེ་གཞིས་ཀ་རྩེ་གྲོང་ཁྱེར་ངམ་རིང་རྫོང་དུ་སླེབས་ཐུབ། ཟླ4པའི་ཚེས16ཉིན། ངམ་རིང་རྫོང་ཨུད་ཀྱི་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་འགན་ཁུར་པའི་སྣེ་ཁྲིད་འོག   ང་ཚོ་ངམ་རིང་རྫོང་ཆ་འོག་ཤང་སྟེང་མཐོང་གྲོང་ཚོར་སླེབས་པ་ཡིན་ལ། སྟེང་མཐོང་གྲོང་ཚོ་ནི་དེ་སྔའི་སྟེང་ལུང་གྲོང་ཚོ་དང་མཐོང་སྨོན་གྲོང་ཚོ་བཅས་སྲིད་འཛིན་གྲོང་ཚོ་གཉིས་མཉམ་བསྲེས་ཀྱིས་གྲུབ་པ་ཞིག་ཡིན་ལ། གྲོང་ཚོ་ཡོངས་ལ་ཁྱིམ་ཚང110དང་མི་གྲངས503ཡོད། ཁོད་སྙོམས་ཤིང་རྒྱ་ཆེ་བའི་གཞུང་ལམ་བརྒྱུད་དེ་ང་ཚོ་སྟེང་མཐོང་གྲོང་ཚོར་འབྱོར་དུས་བོད་ལུགས་བཟོ་བཀོད་ཀྱི་ཐོག་ཁང་དག་ནི་མཐོང་ལམ་དུ་མངོན་ཞིང་ཡིད་དུ་འོང་པར་སྣང་།
དབྱར་དུས་ཀྱི་ངམ་རིང་རྫོང་ཆུ་འོག་ཤང་སྟེང་མཐོང་གྲོང་ཚོའི་བཀོད་པ་ཡོངས་ཀྱི་རྣམ་པ།
        སློབ་མཚམས་བཞག་ནས་ཕྱིར་ཡུལ་དུ་ལོག་སྟེ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅིར་གྱུར་པ།
        ང་ཚོས་གཟུགས་གཞི་ཕྲ་ཞིང་རིང་ལ་གྱོན་པ་སྟབས་བདེ་གྱོན་པའི་མི་དར་མ་ཞིག་རང་ཁྱིམ་གྱི་སྒོ་ཁར་བུད་ཡོད་པ་ཐག་རིང་ནས་མཐོང་བྱུང་། ང་ཚོའི་རླངས་འཁོར་ཁོ་ཚང་གི་ཕྱོགས་སུ་སྙེག་པ་མཐོང་དུས་ཁོ་རང་བྲེལ་འཚུབ་ངང་ང་ཚོ་བསུ་རུ་ཡོང་། ངོ་སྤྲོད་བྱས་པ་བརྒྱུད། ཁོས་ང་ཚོར་ལག་འཇུ་གནང་རྗེས་ཁོ་ཚང་གི་ཁྱིམ་དུ་ཁྲིད། མགྲོན་ཁང་གི་ནང་དུ་གོམ་པ་སྤོས་མ་ཐག་པའི་སྐད་ཅིག་མ་དེར་ང་ཚོས་མ་གྲོས་རང་མཐུན་ངང་། “ངོ་མཚར་བ་ལ”ཞེས་བཤད། སྒོ་ཁའི་ཕྱོགས་ཀྱི་གྱང་ངོས་སུ་བྱ་དགའི་དཔང་ཡིག་སྣ་ཚོགས་ཀྱིས་བཀང་ཡོད་ཅིང་། བལྟས་ཚོད་ཀྱིས་ཁོ་ཚང་ལ་ཕུལ་བྱུང་སློབ་མ་ཁ་ཤས་ཡོད་སྣང་དུ་འདུག
ནོར་བུ་ཚང་གི་གྱང་ངོས་སུ་སྦྱར་པའི་བྱ་དགའི་དཔང་ཡིག
        1965ལོར་སྐྱེས་པའི་ནོར་བུ་ནི་མིང་སྲིང་བརྒྱད་ཀྱི་ཁྲོད་ཀྱི་ལོ་ན་ཆེས་ཤོས་ཡིན་ལ། ཆུང་དུས་ཀྱི་འཚོ་བར་ཕྱིར་དྲན་བྱེད་དུས། ཁོས་མགོ་བོ་གཡུག་ཞོར“ཁྱིམ་དུ་མི་མང་པས་འཚོ་བ་ཤིན་ཏུ་དཀའ་ཁག་ཆེ”ཞེས་བཤད། སྤྱིར་འཚོ་བའི་ཆ་རྐྱེན་ཤིན་ཏུ་ཞན་ནའང་ཁོའི་ཕ་མ་གཉིས་ཀྱིས་ཁོ་བཙན་གྱིས་སློབ་གྲྭར་བསྐྱལ་ཞིང་། སློབ་འབྲིང་གི་དུས་ཕྱེད་འགྲིམས་རྗེས་ཉིན་ཞག་ལ་དཀའ་ལས་རྒྱག་མཁན་ཕ་མ་དང་ད་དུང་ནར་སོན་མེད་པའི་གཅུང་བོ་གཅུང་མོ་དག་མཐོང་དུས། ཁོས་རང་ཉིད་ནི་ཁྱིམ་ནང་་ཆེ་ཤོས་ཡིན་པས་ཕྱིར་ཡུལ་དུ་ལོག་ནས་ཕ་མར་ཁྱིམ་ཚང་གི་ལས་འགན་ཁུར་རོགས་བྱེད་དགོས་བསམ་ཏེ། སློབ་མཚམས་བཞག་ནས་གྲོང་ཚོའི་ནང་དུ་ལོག
        “ཐབས་ཟད་འུ་ཐུག་སྒོས་སློབ་མཚམས་བཞག་པ་མིན་ན། ང་རང་ཡང་ད་སྐབས་རྒྱལ་ཁབ་ཀྱི་ལས་བྱེད་ཅིག་ཡིན་སྲིད”ཅེས་ཁོ་དང་ལོ་མཉམ་དག་གི་ཁྲོད་སློབ་གྲྭར་འགྲིམས་མཁན་རྣམས་དམའ་འབྲིང་མཐར་ཕྱིན་མ་ཐག་ལས་ཀ་བགོས་ནས་གྲོང་ཚོ་དང་ཁ་བྲལ་ཡོད་ཅིང་། ཆུང་དུས་ནས་གྲོང་ཚོར་སྡོད་མཁན་དག་ནི་རིག་གནས་མེད་པའི་ཞིང་གྲོང་གི་མིར་གྱུར་ཡོད་པ་རེད། དམའ་འབྲིང་འགྲིམ་མྱོང་མཁན་ནོར་བུ་ནི་སྐབས་དེ་དུས་སུ་གྲོང་མི་དག་གིས་གྲོང་ཚོའི་ནང་གི་རྩེར་སོན་སློབ་མར་མཐོང་གི་ཡོད་ཅིང་། དེ་བས་གྲོང་ཚོའི་ནང་དུ་རེའུ་མིག་སྐོང་པའམ་བརྡ་སྦྱོར་གང་འདྲ་ཞིག་སྤེལ་དགོས་པ། ཚོགས་འདུ་གང་ཞིག་གི་ནང་དོན་བརྒྱུད་སྒྲོག་བྱེད་པར་ཁོ་རང་འབོད་ཀྱི་ཡོད། དུས་སྐབས་ཤིག་རིང་གི་གྲོང་ཚོའི་ཚོ་དཔོན་གྱི་འགན་ཁུར་རྗེས་ཁོའི་ལས་ཀ་དང་ནུས་པར་ཤང་གི་འགོ་ཁྲིད་ཀྱིས་ཁས་ལེན་ཐོབ་ནས་ལོ་ན24ཡི་སྐབས་སུ་གྲོང་ཚོའི་ཀྲི་པུའུ་ཡི་ཧྲུའུ་ཅིར་བསྐོས་པ་རེད།
བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ངམ་རིང་རྫོང་ཆུ་འོག་ཤང་སྟེང་མཐོང་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ནོར་བུ།
        སྲིད་ཇུས་སྒྲོག་སྦྱོང་ལ་ཐབས་ཤེས་ལྡན་པ།
        “དབུལ་སྐྱོར་ལ་སྔོན་དུ་རིག་སྐྱོར་བྱེད་དགོས་ཤིང་། རིག་སྐྱོར་ལ་སྔོན་དུ་སྒྲོག་སྦྱོང་གནང་དགོས”2005ལོར་ཏང་ནང་དུ་ཞུགས་པ་ནས་བཟུང་། ནོར་བུས་ཕྲག་སྟེང་གི་འོས་འགན་ལྕི་བ་ཚོར་ཞིང་། གྲོང་ཚོའི་ལས་བྱེད་ཅིག་ཡིན་པའི་ངོས་ནས། ཁོ་རང་ནམ་རྒྱུན་ཤང་དང་རྫོང་། གྲོང་ཁྱེར། རང་སྐྱོང་ལྗོངས་ཀྱིས་རྩ་འཛུགས་གནང་པའི་ཟབ་སྦྱོང་འཛིན་གྲྭར་ཞུགས་གིན་ཡོད་ལ། ཕྱིར་ལོག་རྗེས་གོ་བདེ་བའི་སྐད་ཆའི་ལམ་ནས་གྲོང་མི་ཚོར“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མུ་འབྲེལ་གསུང་བཤད་གལ་ཆེན་གྱི་དགོངས་དོན”དང“སྣང་ཆེན་བཞི་དང་དགའ་ཞེན་བཞི”“ཏང་གི་བྱེད་ཕྱོགས་སྲིད་ཇུས”སོགས་ཀྱི་ནང་དོན་བརྒྱུད་སྒྲོག་གནང་པ་དང་། “ངས་ནམ་རྒྱུན་གྲོང་མི་ཚོ་དང་མཉམ་དུ་ངལ་རྩོལ་བྱེད་པ་དང་། ཁོ་ཚོ་དང་མཉམ་དུ་ལས་ཀ་སྒྲུབ་པ། ཁོ་ཚོ་དང་མཉམ་དུ་ཟ་མ་བཟའ་དུས་ཏང་གི་བྱེད་ཕྱོགས་སྲིད་ཇུས། གྲོང་ཚོའི་ནང་གི་ད་ལྟའི་གནས་བབ་དང་དེ་བཞིན་ང་རང་གི་གྲོང་ཚོའི་འབྱུང་འགྱུར་འཕེལ་ཕྱོགས་ཐད་ཀྱི་བསམ་ཚུལ་ཁ་བརྡ་བྱེད་ཀྱི་ཡོད། འདི་ལྟར་བྱས་ཚེ་ང་ཚོས་བར་ཐག་ཇེ་ཉེར་གཏོང་ཐུབ་པ་མ་ཟད། ང་ཚོའི་མཛའ་བརྩེའང་ཇེ་ཟབ་ཏུ་གཏོང་ཐུབ་པས་འབྲེལ་འདྲིས་གནང་ཚེ་ཤིན་ཏུ་སྟབས་བདེ་པོ་འདུག”ཟེར། མང་ཚོགས་དང་འབྲེལ་འདྲིས་གནང་ཕྱོགས་སྐོར་གླེང་དུས། ནོར་བུ་ཡིད་ཚིམ་པའི་ངང་གདོང་ལ་འཛུམ་གྱིས་ཁེངས་ནས་གསར་འགོད་པར་བརྗོད་བྱུང་།
        བསམ་འཆར་གཅིག་མཐུན་བྱུང་ན་དོན་དག་སྒྲུབ་སླ།
        ནོར་བུས།  སྔོན་ཆད་ཀྱི་མ་མཐའི་འགན་སྲུང་རག་མཁན་གྱི་ཁྱིམ་ཚང་ཡིན་ནའང་འདྲ། གནད་འཁེལ་དབུལ་སྐྱོར་སྲིད་ཇུས་ལག་བསྟར་གནང་རྗེས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་འདེམས་པའི་ཐད་ཡིན་ནའང་འདྲ། ཐོག་མར་མང་ཚོགས་ཀྱི་བསམ་བློའི་ལས་དོན་དང་དྲིལ་སྒྲོག་ལས་དོན་ཡག་པོ་སྒྲུབ་དགོས། མང་ཚོགས་ཀྱི་འདེམས་འབྲས་དང་གྲོང་ཚོའི་ལས་བྱེད་པའི་བསམ་འཆར་གཅིག་མཐུན་ཡིན་པའི་གནས་ཚུལ་འོག    དབུལ་ཕོངས་ཁྱིམ་ཚང་བྱུང་ཚེ་དེ་ནི་ད་གཟོད་དངོས་གནས་དབུལ་ཐར་བྱེད་དགོས་པ་དེ་ཉིད་རེད།  གནས་ཚུལ་ངོ་སྤྲོད་གནང་ཚར་རྗེས། ཁོའི་གདོང་ལ་ཡིད་ཆེས་ཀྱིས་ཁེངས་ཞོར།“མང་ཚོགས་དང་ལས་བྱེད་པའི་བསམ་འཆར་གཅིག་མཐུན་བྱུང་ཚེ་རྗེས་ཀྱི་དོན་དག་སྒྲུབ་པར་རྩོད་རྙོག་མེད་ལ།  ལས་ཀ་འདི་ནི་ང་ཚོའི་གྲོང་ཚོས་སྒྲུབ་པ་ལེགས་པོ་ཡིན”ཞེས་ངོ་སྤྲོད་གནང་བྱུང་།
སྟེང་མཐོང་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ནོར་བུ་ཡིས་གྲོང་མི་རྣམས་ལ་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དྲིལ་སྒྲོག་གནང་བཞིན་པ།
        “དེ་སྔར་ངས་ཤང་འདི་གར་ཤང་ཀྲང་གཞོན་པའི་འགན་ཁུར་མྱོང་། གྲོང་ཚོ་འདི་དང་ཉེ་འགྲམ་གྱི་ཁང་གསར་གྲོང་ཚོ་ནི་སྔོན་ཆད་སྐད་གྲགས་ཆོད་པའི་ཐ་ཐོར་ཉམས་ཞན་གྱི་གྲོང་ཚོ་ཞིག་ཡིན་ཏེ། དག་ཐེར་བྱེད་པར་དཀའ་ཁག་ཤིན་ཏུ་ཆེན་པོ་འདུག   ཕུ་བོ་ནོར་བུ་ཀྲི་པུའུ་ཧྲུའུ་ཅིར་བསྡད་པ་ནས་བཟུང་། གྲོང་ཚོ་ཡོངས་རིམ་གྱིས་ཇེ་ལེགས་སུ་སོང་ཡོད་དེ། སྔོན་ཆད་ཚོགས་འདུར་ནར་འགྱངས་བྱེད་པའི་གནད་དོན་ཤིན་ཏུ་མང་ལ་དེང་སྐབས་དུས་ཚོད་ལྟར་འཚོགས་ཐུབ་པ་ལྟ་བུ་རེད”ཅེས་ང་ཚོ་སྣེ་ཁྲིད་མཁན་ངམ་རིང་རྫོང་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་འགན་ཁུར་པས་དེ་སྐད་ཟེར།
        འདུ་ཤེས་ལ་འགྱུར་བ་བྱུང་ནས་ཕྱུག་འགྱུར་ལས་ལ་བརྩོན།
        ནོར་བུས་ང་ཚོར་ངོ་སྤྲོད་གནང་དོན། སྔོན་ཆད་ལམ་ཡག་པོ་མེད་པས་འགྲིམ་འགྲུལ་སྟབས་བདེ་མིན་ལ། གྲོང་ཚོའི་ནང་གི་གྲོང་མི་དག་ཕྱི་རུ་ཞོར་ལས་བྱེད་དུ་འགྲོ་འདོད་མེད།  སྤྱིར་བཏང་ཁྱིམ་དུ་ཞིང་ས་ཡོད་ནའང་དེ་ཙམ་གྱི་ཡོང་འབབ་ཤིན་ཏུ་ཉག་ཕྲ་བ་རེད། དེང་སྐབས། འགྲིམ་འགྲུལ་ཆ་རྐྱེན་ལེགས་བཅོས་བྱུང་པས། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ལྷན་རྒྱས་ལ་རིན་མེད་ཀྱི་ནུས་རྩལ་ཟབ་སྦྱོང་གོ་སྐབས་གནང་པ་དང་།  གྲོང་ཚོའི་ལས་བྱེད་དག་གིས་ཀྱང་གང་ཐུབ་ཀྱིས་གྲོང་མི་ཚོར་བསམ་བློའི་ལས་དོན་སྒྲུབ་པས་གྲོང་མི་དག་གི་བསམ་ཕྱོགས་ལའང་རིམ་གྱིས་འགྱུར་ལྡོག་བྱུང་ཡོད་ཅིང་། གྲོང་ཚོ་ཡོངས་ཀྱི་གྲོང་མི150ལྷག་ཡུན་རིང་ཕྱི་རུ་ཞོར་ལས་ལ་འགྲོ་ཀྱིན་ཡོད་པས། ཁོ་ཚོས་ཁྲོད་ཁ་ཤས་ཀྱིས་ས་སློག་འདྲུད་འཁོར་སྐོར་པ་དང་འཛུགས་བསྐྲུན་རྒྱུ་ཆ་སྐྱེལ་འདྲེན་བྱེད་པ། ཁ་ཤས་ཀྱིས་ཚྭ་ལ་བྱེད་པ་དང་ལྕགས་ལས་བྱེད་པ་སོགས་ཀྱི་ལས་ཀ་སྒྲུབ་ཀྱིན་ཡོད།“དབྱར་དུས་སུ་འདྲུད་སྐྱེལ་རླངས་འཁོར་བཀོལ་དགོས་བྱུང་དུས་སྐོར་མཁན་མེད་པའི་དཀའ་ངལ་རྩ་བ་ནས་མེད”ཅེས་ནོར་བུ་གད་མོ་དགོད་ཞོར་དེ་སྐད་ཟེར།
ངམ་རིང་རྫོང་ཆུ་འོག་ཤང་སྟེང་མཐོང་སྐྱིད་གཞུང་འདེབས་འཛུགས་ཞིང་པའི་ཆེད་ལས་ཁང་མཉམ་ལས་ཁང་གི2020ལོའི་ཟླ4པའི་ཁེ་སྤོགས་བགོ་བའི་མཛད་སྒོ།
        རྒྱུས་ལོན་བྱུང་པ་ལྟར་ན། སྟེང་མཐོང་གྲོང་ཚོའི་གྲོང་མི་ཕུར་བུ་དོན་འགྲུབ་ནི་ལོ་ངོ30ཡི་ཡར་སྔོན་དུ་གྲོང་ཚོའི་ནང་དུ་གཡར་པའི་སྡོད་ཁང་དུ་སྡོད་པའི་དབུལ་པོ་དབུལ་རྐྱང་ཞིག་ཡིན་ལ། ཐབ་ཚང་གི་ཅ་ལག་ཀྱང་གྲོང་ཚོའི་ནང་དུ་གཡར་གྱི་ཡོད་པས་འཚོ་བར་དཀའ་ངལ་ཤིན་ཏུ་ཆེ། དེའི་རྗེས་ནས་ཁོས་ཞོར་ལས་བྱས་ཏེ་ཡོང་འབབ་འཚོལ་ཅིང་ལས་ཀའི་ཉམས་མྱོང་ཕྱོགས་སྡོམ་བྱས་རྗེས། རིམ་གྱིས་ལས་གཞིའི་རྣམ་གྲངས་ཆུང་གྲས་འགན་གཙང་ལེན་བྱས་པ་དང་། དེ་ལྟར་རིམ་གྱིས་རྣམ་གྲངས་ཇེ་ཆེ་ནས་ཇེ་རྒྱས་སུ་སོང་པ་དང་། ལོ་ངོ30ཡི་རྗེས་ཀྱི་དེ་རིང་། ཕུར་བུ་དོན་འགྲུབ་ནི་ཀུན་གྱིས་གླེང་གཞིར་གྱུར་པའི་སྦྱིན་བདག་ཆེན་པོ་ཞིག་ཡིན་པ་དང་། གྲོང་ཚོའི་ཨུ་ལྷན་གྱི་མཐུན་སྦྱོར་འོག་གྲོང་མི་དག་སྣེ་ཁྲིད་དེ་གྲོང་ཚོ་ཕྱི་རུ་བསྐྱོད་ནས་ཡོང་འབབ་ཆེན་པོ་འཚོལ་གྱི་ཡོད་པ་མ་ཟད། ནམ་རྒྱུན་མང་ཚོགས་དབུལ་པོར་འཚམས་འདྲིའི་སྐྱེས་དངུལ་གནང་གི་ཡོད། གྲོང་ཚོའི་ནང་དུ་ཁོ་ལྟ་བུ་མི་བདུན་བརྒྱད་ཡོད་པ་རེད།
        2019ལོར། སྟེང་མཐོང་གྲོང་ཚོའི་དབུལ་ཕོངས་ཁྱིམ་ཚང་ཡོད་ཚད་ཀྱིས་དབུལ་ཞྭ་ཕུད་པ་དང་། དེང་སྐབས། སྟེང་མཐོང་གྲོང་ཚོའི་གྲོང་མི་དག་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར9800ཟིན་ཡོད་ལ།  ཁྱིམ་ཚང40ལྷག་ལ་སོ་སོར་རླངས་འཁོར་ཡོད་པ་རེད།
སྟེང་མཐོང་གྲོང་ཚོ།
སྟེང་མཐོང་གྲོང་ཚོ།
        ནོར་བུ་ཚང་ནས་ཕྱིར་ལོག་དུས། ལམ་བར་དུ་གྲོང་ཚོའི་ཁྱིམ་ཚང་ཁ་ཤས་ཀྱི་སྒོ་འགྲམ་དང་ལམ་འགྲམ་དུ་རླངས་འཁོར་དང་ས་སློག་འདྲུད་འཁོར་བཞག་ཡོད་ལ། ནོར་བུ་དག་གི་གོང་བཀུར་སེམས་ལ་བཅིངས་ནས་ང་ཚོ་རིམ་གྱིས་སྟེང་མཐོང་གྲོང་ཚོ་དང་ཁ་གྱེས་པ་ཡིན།