དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རིམས་འགོག་སྨན་ཁབ་ཐད་ཀྱི་གཏམ་བཟང་།

སྤེལ་དུས 2021-04-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
ཀྲུང་ནན་ཧྲན་གྱིས་རང་རྒྱལ་གྱིས་ནུས་ཤུགས་ཡོད་རྒུས་གཞན་འགྱུར་གྱི་ནད་དུག་ལ་དམིགས་པའི་རིམས་འགོག་སྨན་ཁབ་གསར་པ་ཞིབ་འཇུག་གསར་སྤེལ་བྱེད་བཞིན་ཡོད་ཅེས་བསྟན།

          ཟླ4པའི་ཚེས24ཉིན་སྤེལ་བའི་ཀྲུང་གོའི་བཟོ་སྐྲུན་ཁང་གི2021ལོའི་གསོ་རིག་ཚན་རིག་གི་གླེང་སྟེགས་སྟེང་དུ། ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་དྲ་ཐོག་སྙན་ཞུ་ཕུལ་ནས་ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་བྱེད་སྐབས་མི་སྒེར་གྱི་རྣམ་པ་ཅན་དང་གནད་སྨིན་སྔོན་འགོག་ལ་དོ་སྣང་བྱེད་དགོས་པ་དང་། མིག་སྔར་འཕྲད་པའི་འགལ་བ་གཙོ་བོ་ནི་ནད་དུག་གཞན་འགྱུར་ཡིན་པས་རང་རྒྱལ་གྱིས་ནུས་ཤུགས་ཡོད་རྒུས་གཞན་འགྱུར་བྱས་པའི་ནད་དུག་ལ་དམིགས་པའི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་བྱེད་བཞིན་ཡོད་ཅེས་བཤད་པ་རེད། ཇི་ལྟར་བྱས་ནས་ནད་དུག་འགོས་པའི་སྲུང་སྐྱོབ་ནུས་པ་ཆེ་རུ་གཏོང་དགོས་ཤེ་ན། “དེ་ནི་འཛམ་གླིང་རང་བཞིན་གྱི་ཞིབ་འཇུག་གི་ལས་གཞི་ཞིག་རེད། གལ་ཏེ་རེ་གཉིས་སམ་ཡང་ན་གཅིག་གྱུར་སྒོས་སྤྱོད་ཐུབ་ལ་ཁྱབ་གདལ་ཡང་གཏོང་ཐུབ་པའི་དམིགས་ཚད་རྙེད་ཚེ་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོད”ཅེས་བསྟན་པ་རེད།