དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལུས་རྩལ་ཁོངས་གཏོགས་ཀྱིས་ཁ་གཏད་བོད་སྐྱོར་འདི་འདྲ་བྱ་རྩིས་འདུག

སྤེལ་དུས 2021-04-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས།

          ཟླ་4པའི་ཚེས་28ཉིན། རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་དྲུག་པ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། ལུས་རྩལ་སྟོབས་ཆེན་རྒྱལ་ཁབ་སྐྲུན་པ་དང་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། ཉེ་བའི་ལོ་ཤས་རིང་། རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱིས་བོད་ལྗོངས་ཀྱི་ལུས་རྩལ་ལས་དོན་ལ་ཁ་གཏད་རོགས་སྐྱོར་བྱས་ཚུལ་སྤེལ་རེས་དང་ཕྱོགས་སྡོམ། གོམ་སྟབས་རྗེས་མའི་ལུས་རྩལ་བོད་སྐྱོར་གྱི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་རེད།

          རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ཀོའུ་ཀྲུང་ཝུན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

          ཀོའུ་ཀྲུང་ཝུན་གྱིས་གསུངས་དོན། ལུས་རྩལ་གྱི་ཁ་གཏད་བོད་སྐྱོར་ནི་དུས་ཡུན་རིང་པོའི་ལས་འགན་ཞིག་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ང་ཚོས་ཁ་གཏད་བོད་སྐྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་གསར་པར་གོ་བ་གཏིང་ཟབ་ལེན་པ་དང་། བོད་ལྗོངས་ཀྱི་ལུས་རྩལ་ལས་དོན་གྱི་དུས་བབ་གསར་པ་དང་ལས་འགན་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། རྒྱལ་ཡོངས་སྒྲིག་སྲོལ་གྱི་ལེགས་ཆ་འདོན་སྤེལ་བཅས་བྱས་ཏེ། ལུས་རྩལ་གྱི་ཁ་གཏད་བོད་སྐྱོར་ལས་དོན་ཞིབ་ཚགས་དང་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། འཆར་འགོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་། ཐུན་མོང་ཐོག“ལོ་ལྔ་ཚན་བཅུ་བཞི་པའི”ཁ་གཏད་རོགས་སྐྱོར་འཆར་གཞི་ཞིབ་བཟོ། ལས་འགན་དང་བླང་བྱ་གཏན་འཁེལ་ཁ་གསལ་བཅས་བྱས་ཏེ་ཐུན་མོང་ཐོག་ལུས་རྩལ་བོད་སྐྱོར་ལས་དོན་འཆར་འགོད་ཡག་པོ་བྱེད་དགོས། དམངས་འཚོ་ལེགས་སུ་གཏོང་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་བོད་སྐྱོར་སྲིད་ཇུས་དང་། མ་དངུལ། རྣམ་གྲངས་བཅས་དམངས་འཚོའི་ཁྱབ་ཁོངས་སུ་དེ་བས་མང་བ་གཟིགས་སྐྱོང་བྱས་ཏེ་བོད་སྐྱོར་རྣམ་གྲངས་བོད་ལྗོངས་ཀྱི་དགོས་མཁོ་དངོས་དང་འཚམ་པར་བྱེད་དགོས། ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་སྤེལ་རྒྱུ་གཏིང་ཟབ་ཏུ་བཏང་ནས་བོད་ལྗོངས་ལ་ཤེས་ལྡན་མི་སྣ་སྣ་ཚོགས་སློབ་སྦྱོང་དང་། གནས་སྦྱར། སྦྱོང་བརྡར་བཅས་ཀྱི་གོ་སྐབས་དེ་བས་མང་བ་སྤྲོད་པ་དང་ཆབས་ཅིག ཤེས་ལྡན་མི་སྣ་སྣ་ཚོགས་བོད་ལྗོངས་སུ་རོགས་སྐྱོར་བྱེད་པར་འདེམས་གཏོང་ཧུར་ཐག་བྱེད་དགོས། གཞོན་ནུ་ལོ་ཆུང་གི་ལུས་རྩལ་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། ལུས་རྩལ་གྱི་སྲོལ་རྒྱུན་ཁྱད་ལྡན་སློབ་གྲྭ་དང་མཐོ་སློབ་ཀྱི་ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། རྩལ་འགྲན་ལུས་རྩལ་གྱི་རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་རྨང་གཞི་བརྟན་དུ་དང་རྒྱ་ཆེར་གཏོང་བ། བོད་ལྗོངས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་འགྲན་བསྡུར་སྒྲིག་འཛུགས་བྱ་རྒྱུར་རྒྱབ་སྐྱོར་དང་ལྕག་སྐུལ་བཅས་བྱེད་དགོས། “རང་བརྟེན”ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་དང་། ལུས་རྩལ་བོད་སྐྱོར་འདུ་ཤེས་ལེགས་སུ་གཏོང་བ། རིག་སྟོབས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལམ་ལུགས་ཀྱི་མ་ལག་དང་། ལས་རིགས་ཀྱི་ཚད་གཞི། ཐོན་ལས་ཀྱི་འཆར་འགོད། གཉེར་སྐྱོང་གི་དོ་དམ་སོགས་ཐད་ཤུགས་སྣོན་མང་ཙམ་བརྒྱབ་ནས། བོད་ལྗོངས་ཀྱི་ལུས་རྩལ་འཕེལ་རྒྱས་ཀྱི་གཏིང་ཤུགས་དང་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་དགོས། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་ལུས་རྩལ་བོད་སྐྱོར་བྱེད་སྟངས་གསར་གཏོད་བྱས་ཏེ་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་བོད་སྐྱོར་སྲིད་ཇུས་དང་། མ་དངུལ། རྣམ་གྲངས་བཅས་དེ་བས་མང་བ་ལུས་རྩལ་ཁྱབ་ཁོངས་སུ་གཏོང་རྒྱུའི་བརྩོན་ལེན་ཧུར་ཐག་བྱེད་དགོས།

          ཝུའུ་དབྱིང་ཅེས་གསུངས་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས“ལོ་ལྔ་ཚན་བཅུ་བཞི་པ”དང་དེ་བས་རྒྱང་རིང་གི་དུས་སྐབས་སུ་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་བོད་ལྗོངས་ཀྱི་ལུས་རྩལ་འཕེལ་རྒྱས་ཐད་བླང་བྱ་ཁ་གསལ་བཏོན་ནས་ང་ཚོར་དུས་རབས་གསར་པའི་བོད་ལྗོངས་ཀྱི་ལུས་རྩལ་ལས་དོན་ཡག་པོ་བསྒྲུབ་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱིས་སྔར་རྒྱུན་བཞིན་བོད་ལྗོངས་ཀྱི་ལུས་རྩལ་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ང་ཚོར་ལུས་རྩལ་འཕེལ་རྒྱས་ཀྱི་ཞན་ཆ་སེལ་རོགས་བྱས་ནས་རྒྱལ་སྤྱི་དང་། རྒྱལ་ཡོངས། ས་ཁོངས། ས་གནས་རང་བཞིན་བཅས་ཀྱི་འགྲན་བསྡུར་དེ་བས་མང་བ་གཉེར་བ་དང་། ས་གནས་འདི་གའི་ཕུལ་བྱུང་ལུས་རྩལ་པ་དེ་བས་མང་བ་གསོ་སྐྱོང་བྱེད་པ། བོད་ལྗོངས་ཀྱི་རི་ཁུལ་ཕྱོགས་ཐོན་ལུས་རྩལ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད། ང་ཚོས་ལུས་རྩལ་བོད་སྐྱོར་གྱི་སྲིད་ཇུས་ཁག་ཡག་པོ་སྤྱད་དེ་རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་སེམས་ཁུར་དང་རྒྱབ་སྐྱོར་བོད་ལྗོངས་ཀྱི་ལུས་རྩལ་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་པ་དང་། ལུས་རྩལ་སྟོབས་ཆེའི་ལྗོངས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས་བཅས་དོན་ཆེན་བཞི་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལ་དྲིན་ལན་འཇལ་རྒྱུ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་དྲིན་ལན་འཇལ་རྒྱུ་ཡིན།