དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་སློབ་གསོ་པུའི་པུའུ་ཀྲང་གཞོན་པ་ཀྲའོ་ཧྥུའུ་ཀྲེ་བཅས་པ་དང་བཞུགས་མོལ་གནང་བ།

སྤེལ་དུས 2021-05-31 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་བོད་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པའི་སློབ་གསོ་པུའི་ཏང་ཙུའི་ཁོངས་མི་དང་པུའུ་ཀྲང་གཞོན་པ་དང་། རྒྱལ་ཁབ་ཀྱི་སྤྱི་ཁྱབ་སློབ་གྲྭར་ལྟ་ཞིབ་མཁན་ཀྲའོ་ཧྥུའུ་ཀྲེ་བཅས་པ་དང་བཞུགས་མོལ་གནང་བ་རེད།
        ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
        ཝུའུ་དབྱིང་ཅེས་གསུངས་དོན། དུས་ཡུན་རིང་པོའི་ནང་། སློབ་གསོ་པུས་ཐོག་མཐའ་བར་གསུམ་དུ་སློབ་གསོའི་བོད་སྐྱོར་དེ་ཉིད་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་མི་རྒྱུ་དངུལ་གསུམ་སོགས་ཕྱོགས་གང་ཅིའི་ཐད་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་བོད་ཀྱི་སློབ་གཉེར་ཆ་རྐྱེན་ལེགས་སུ་ཤུགས་ཆེན་བཏང་བ་དང་བོད་ཀྱི་སློབ་གསོའི་འཕེལ་རྒྱས་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་སྟེ་བོད་ཀྱི་དེང་རབས་སློབ་གསོ་མེད་པ་ནས་ཡོད་པའི་བར་དང་ཕྱོགས་རྐྱང་པ་ནས་ཕྱོགས་བསྡུས་བར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་ཡོང་བར་རམ་འདེགས་བྱས་ཡོད། ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་360ལྷག་ཙམ་གྱི་ཚབ་ཞུས་ནས་སློབ་གསོ་པུས་དུས་ཡུན་རིང་པོའི་ནང་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
        ཝུའུ་དབྱིང་ཅེས་གསུངས་དོན། རང་ལྗོངས་ཀྱི་སློབ་གསོའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་སོང་བ་དང་མང་ཚོགས་ཀྱི་སློབ་གསོའི་འདུ་ཤེས་ཟམ་མི་ཆད་པར་ཡར་རྒྱས་དང་བསམ་བློ་ཆབ་སྲིད་སློབ་གསོ་ཉིན་རེ་བཞིན་ཟབ་ཏུ་སོང་བ་དང་སྦྲགས། བོད་ཀྱི་སློབ་གསོའི་བྱ་གཞག་ཀྱང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རབས་གསར་པར་བསྐྱོད་ཡོད། སློབ་གསོ་པུས་སྔར་རྒྱུན་བཞིན་བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་བོད་ཀྱི་སློབ་གསོའི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་དང་། བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཤེས་ལྡན་མི་སྣའི་རྗེས་གྲབས་དཔུང་ཁག་རྩེར་སོན་འཛུགས་སྐྱོང་ལ་སྐུལ་འདེད། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་སྔར་བས་རྒྱ་སྐྱེད། ཏང་ཀྲུང་དབྱང་གིས་བོད་ལ་བཏོན་པའི་འཐབ་ཇུས་ཀྱི་ངེས་གནས་དང་།  བོད་ཀྱི་གཏིང་ཤུགས་ཐོན་ལས། ཤེས་ལྡན་མི་སྣའི་དགོས་མཁོ་སོགས་གནས་ཚུལ་དངོས་དང་ཟུང་འབྲེལ་བཅས་བྱས་ཏེ་རང་ལྗོངས་ཀྱིས་སློབ་གསོའི་བྱ་གཞག་གི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་སློབ་གསོའི་འཕེལ་རྒྱས་འཆར་གཞི་བཟོ་རྒྱུར་རོགས་རམ་བྱ་རྒྱུའི་རེ་བ་སྙིང་དབུས་ནས་ཞུ་རྒྱུ་ཡིན། རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། སློབ་གསོའི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་གཞི་རྩའི་གནད་དོན་ལ་དམ་པོར་དམིགས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་མཐའ་འཁྱོངས་དང་། བོད་སྐྱོར་གྱི་གོ་སྐབས་དམ་འཛིན་ཡག་པོ། བོད་ཀྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཅས་བྱས་ཏེ། བྱ་སྤྱོད་དངོས་དང་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟིགས་སྐྱོང་ལ་དྲིན་ལན་འཇལ་རྒྱུ་དང་། སློབ་གསོ་པུའུ་ཚུད་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར། མཐོ་སློབ། རྒྱལ་ཡོངས་མི་དམངས་བཅས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་དྲིན་ལན་འཇལ་རྒྱུ་ཡིན།
        ཀྲའོ་ཧྥུའུ་ཀྲེས་སློབ་གསོ་པུས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་དར་བཅས་ཀྱི་གཙོ་གནད་ལས་དོན་དང་ཟུང་འབྲེལ་གྱིས་བོད་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་ལ་འབྲེལ་མཐུད་གནད་སྨིན་དང་། རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། བོད་ཀྱི་སློབ་གསོའི་བྱ་གཞག་གི་ཞན་ཆ་གསབ་པ་དང་སྤུས་ཚད་མཐོར་གཏོང་ལ་སྔར་བས་རོགས་རམ་བྱེད་པ་དང་། བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་མྱུར་པོ་བྱེད་པ། སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།