དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རིམས་ནད་ཕྱི་ནས་བོད་ལྗོངས་སུ་མཐའ་གཅིག་ཏུ་མ་མཆེད་པ་བྱེད་དགོས།

སྤེལ་དུས 2021-06-02 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཟླ་5ཚེས་31ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེའི)ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་དང་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་40འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་5ཚེས་26ཉིན་ནེ་པ་ལའི་ཙུང་ཐུང་པན་ཏ་ལི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བཅས་བྱས་ལ། བོད་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་ཀྱང་བྱས་པ་རེད། ད་དུང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། འཕེལ་རྒྱས་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཚུལ་གྱི་སྙན་སེང་ཉན་པ་དང་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་སྙན་སེང་སོགས་ཉན་པ་རེད། 
          ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་ར
          ཚོགས་འདུའི་ཐོག མིག་སྔར་བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བས། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ངེས་པར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲིའི་རྩ་བ་དེ་དམ་པོར་འཛིན་པ་དང་། སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཀྱི་འཕེལ་རྒྱས་གསར་པ་དང་འགྱུར་ལྡོག་གསར་པའི་རྗེས་སུ་དམ་པོར་སྙེགས་པ། རིམས་ནད་ལས་ཐོན་སྲིད་པའི་ཉེན་ཁ་སྣ་ཚོགས་འགོག་ཟོན་དང་སེལ་བ། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་ཏན་ཏིག་བྱེད་པ་བཅས་ལ་བརྟེན་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་ཏན་ཏིག་གཏོང་དགོས་པ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་དང་ལས་རིགས་ཁག་གི་གཙོ་གཉེར་སྡེ་ཚན་གྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྐྱོན་ཆ་སྔར་བས་འཚོལ་བ་དང་ཞན་ཆ་གསབ་ནས། ཕྱོགས་ཡོངས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་སེལ་དགོས། སྔོན་གཏན་འཁེལ་བའི་ལས་དོན་བཀོད་སྒྲིག་གཞིར་བཟུང་། དཀའ་ངལ་ཆེ་ཤོས་ནས་བསམ་བློ་གཏོང་བ་དང་། གྲ་སྒྲིག་གང་ལེགས་བྱེད་པ། ཡག་ཤོས་བརྩོན་ལེན་བཅས་མཐའ་འཁྱོངས་ཀྱིས་ལས་དོན་གྱི་སྟོབས་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་ལས་དོན་གྱི་སྔོན་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་རིམས་ནད་ཕྱི་ནས་བོད་ལྗོངས་སུ་མཐའ་གཅིག་ཏུ་མ་མཆེད་པ་བྱེད་དགོས། འགོ་མཇུག་གཟབ་འཁྱོངས་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་བརྟན་པོ་དང་གོ་རིམ་ལྡན་པའི་ངང་ཡག་པོ་སྒྲུབ་པ། རིམས་འགོག་སྨན་ཁབ་རྒྱག་ས་ལུགས་མཐུན་ངང་མང་དུ་གཏོང་བ། རིམས་འགོག་སྨན་ཁབ་རྒྱག་པའི་ནུས་པ་ཆེ་རུ་གཏོང་བ། བོད་ལྗོངས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ཆ་འཕྲིན་རྒྱལ་ཡོངས་ཀྱི་དྲ་བ་དང་འབྲེལ་མགྱོགས་སུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
          ཚོགས་འདུའི་ཐོག《དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ལ་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་ཞིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བསམ་བློ་དང་བྱ་སྤྱོད“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་གཞི་ཁྱོན་ཆེ་བའི་དབུལ་པོ་བསྐྱར་ལོག་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་སྲུང་བ་དང་། དབུལ་པོ་བསྐྱར་ལོག་གི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དབུལ་སྒྲོལ་སྲིད་ཇུས་ཀྱི་སྤྱི་ཡོངས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། མང་ཚོགས་དབུལ་པོ་རྒྱུན་མཐུད་དབུལ་སྒྲོལ་བརྟན་པོ་ཐུབ་པའི་འགན་ལེན་བྱེད་དགོས། ལས་དོན་འབྲེལ་མཐུད་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ལས་དོན་བྱེད་ཐབས་དབུལ་སྒྲོལ་འགག་སྒྲོལ་ནས་རིམ་བཞིན་གྲོང་གསེབ་དར་རྒྱས་ཕྱོགས་སུ་བསྒྱུར་ཏེ། བོད་ཀྱི་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་སྔོན་སླ་རྗེས་དཀའ་དང་། གཙོ་གནད་མངོན་གསལ་དོད་པ། བརྟན་པོའི་ངང་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་། གཙང་པོའི་རྒྱུད་དང་ཆུ་བོའི་རྒྱུད་ཀྱི་གྲོང་ཚོའི(ཨུ་ལྷན)བཙོག་ཆུ་འབུད་པ་དང་གད་སྙིགས་དབྱེ་བ་འབྱེད་པ་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་འཆར་འགོད་སྤྱི་འདོམས་ཡག་པོ་བྱེད་པ་བཅས་བྱས་ནས། ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། རིམ་ཁག་གྲོང་གསེབ་དར་རྒྱས་ཅུས་ཀྱི་སྒྲིག་གཞིའི་དཔུང་ཁག་འབྲེལ་མཐུད་ལ་སྐུལ་འདེད་ཏན་ཏིག་བཏང་ནས། དབུལ་སྒྲོལ་རྫོང(ཆུས)གི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས། ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་བཏང་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་འགྱུར་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ་མང་ཚོགས་དེ་བས་མང་བ་ཐག་ཉེ་ས་དང་སྟབས་བདེ་སར་ཐོན་ལས་འཕེལ་རྒྱས་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀ་དུས་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་། གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས། ཡ་རབས་ཡུལ་སྲོལ་དང་། ཁྱིམ་སྲོལ་བཟང་པོ། དམངས་སྲོལ་བབ་ཆགས་བཅས་སྐྱེད་སྲིང་བྱས་ཏེ། གྲོང་གསེབ་ཀྱི་ཡ་རབས་ལྡན་པའི་རྣམ་པ་གསར་པ་མངོན་པར་བྱེད་དགོས། ཏང་གི་འགོ་ཁྲིད་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་ལས་བྱེད་པའི་སྟོབས་ཤུགས་ཡག་པོ་སྤྱོད་པ། གྲོང་ཚོའི་ལས་བྱེད་པས་ངོ་ཐུག་གདོང་འཕྲད་ངང་ཞིང་འབྲོག་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་དང་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།
          ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།