དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཀྲང་སི་ཏེ། མི་དམངས་ཀྱི་ཁེ་ཕན་ཆེད་དུ་ལས་དོན་སྒྲུབ།

སྤེལ་དུས 2021-06-13 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
འདི་ནི་སོལ་བ་སྲེག་བཞིན་པའི་ཀྲང་སི་ཏེ(གཡོན)ཡིན་པ། (དཔྱད་གཞིའི་པར་རིས)
          ཀྲང་སི་ཏེ་1915ལོར་སི་ཁྲོན་ཞིང་ཆེན་དབྱི་ལུང་རྫོང་གི་ཞིང་པ་དབུལ་པོ་ཞིག་གི་ཁྱིམ་དུ་འཁྲུངས་ཤིང་། 1933ལོར་དམར་དམག་ལ་ཞུགས་པ་དང་ལོ་དེ་རང་ལ་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་ལ་ཞུགས།
          1935ལོར། ཀྲང་སི་ཏེ་དམར་དམག་དཔུང་ཕྱོགས་སྒར་ཆེན་བཞི་པ་དང་སྦྲགས་ནས་རྒྱང་སྐྱོད་ལ་ཞུགས། 1936ལོར་ཧྲའན་ཤིས་བྱང་རྒྱུད་དུ་འབྱོར་རྗེས་ཡུན་ཡང་མཚན་སྙན་དམག་མིའི་སློབ་གྲྭར་སློབ་སྦྱོང་དང་རྨ་ཁ་གསོས་ནས་བཞུགས། 1937ལོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས།
          1938ལོའི་དཔྱིད་ཀར། ཀྲང་སི་ཏེ་ཡུན་ཡང་དམག་སྡེ་བརྒྱད་པའི་དཔུང་སྡེ་ཞིག་གི་གཞིས་སྲུང་ཁྲུའུ་ཉེན་སྲུང་ཡིང་དུ་པན་ཀྲང་གནང་། 1940ལོའི་དཔྱིད་ཀར། ཀྲུང་དབྱང་དམག་ཨུད་ཉེན་སྲུང་ཡིང་དུ་འཕྲིན་གཏོང་པན་ཀྲང་གནང་།
          1942ལོའི་ཟླ་11པར། དཔུང་སྡེ་ཟླ་སྒྲིལ་ལེགས་སྒྲིག་བྱེད་སྐབས་ལས་བྱེད་པ་ཁུ་བསྡུ་བྱས་ནས་གཤམ་འོག་ལ་མངགས་ཤིང་། ཀྲང་སི་ཏེ་ཀྲུང་དབྱང་ཉེན་སྲུང་ཐོན་ཤོག་གི་ལེན་ཤོག་དང་པོའི་འཐབ་འཛིང་པར་བསྒྱུར།
          1944ལོའི་ལོ་འགོར། ཀྲང་སི་ཏེས་ཏང་ཀྲུང་དབྱང་གི་ཐོན་སྐྱེད་ཆེ་མོའི་ལས་འགུལ་གྱི་འབོད་སྐུལ་དང་ལེན་ཞུས་ཏེ། ཀྲུང་དབྱང་ལས་ཁུངས་ཀྱིས་སྒྲིག་འཛུགས་བྱས་པའི་ཐོན་སྐྱེད་ཡན་ལག་རུ་ཆུང་དུ་མིང་ཐོ་བཀོད་པས་ཞིང་རའི་རུ་དཔོན་གཞོན་པར་བདམས། ལོ་དེའི་ཟླ་7པར། ཨན་སའེ་རྫོང་གི་རི་སུལ་དུ་སོལ་བ་སྲེག་པར་བསྐྱོད། ཟླ་9ཚེས་5ཉིན། ཆར་པ་བབས་པའི་གནམ་གཤིས་ལ་མི་འཛེམ་པར་ཀྲང་སི་ཏེས་འཕྲལ་རྒོལ་རུ་ཁག་གི་འཐབ་འཛིང་པ་ཁྲིད་དེ་སྔར་རྒྱུན་བཞིན་རི་སུལ་དུ་སོལ་དོང་གསར་པ་སྔོག་པར་ཕྱིན། ཉིན་དགུང་ཆར་པ་བབས་པ་ལས་སོལ་དོང་རྡིབ་ཅིང་། ཉེན་ཁའི་མཚམས་སུ་ཀྲང་སི་ཏེས་འཐབ་འཛིང་པ་ཞའོ་པའེ་སོལ་དོང་ཕྱིར་འབུད་རྒྱག་བཏང་ནས་རང་ཉིད་ས་འོག་ཏུ་ལུས། འཐབ་འཛིང་པ་སྲོག་ཉེན་ལས་ཐར་མོད། དགུང་ལོ་29ལ་སླེབས་ཙམ་གྱི་ཀྲང་སི་ཏེ་ཚེ་སྲོག་ཤོར།
          1944ལོའི་ཟླ་9ཚེས་8ཉིན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་དང་ཀྲུང་དབྱང་ཉེན་སྲུང་ཐོན་ཤོག་གི་མི་1000ལྷག་ཙམ་གྱིས་ཡན་ཨན་དུ་ཀྲང་སི་ཏེར་མྱ་ངན་ཚོགས་འདུ་འཚོགས། མའོ་ཙེ་ཏུང་སྐུ་ངོ་མ་མྱ་ངན་ཚོགས་འདུར་ཕེབས་པ་མ་ཟད། མྱ་ངན་ཞུ་བའི་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས“རང་རེའི་གུང་ཁྲན་ཏང་དང་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་དམག་སྡེ་བརྒྱད་པ་དང་ཞིན་སི་ཅུན་ནི་གསར་བརྗེའི་དམག་དཔུང་རེད། ང་ཚོའི་དམག་དཔུང་འདི་ནི་མི་དམངས་ལ་བཅིངས་འགྲོལ་གཏོང་ཆེད་དང་མི་དམངས་ཀྱི་ཁེ་ཕན་ཆེད་དུ་ལས་དོན་མཐར་ཕྱིན་པ་སྒྲུབ་མཁན་ཞིག་རེད། བློ་མཐུན་ཀྲང་སི་ཏེ་ནི་ང་ཚོའི་དམག་དཔུང་འདིའི་བློ་མཐུན་གྱི་གྲས་ཤིག་རེད”ཅེས་གསུངས། 
 རྩོམ་སྒྲིག་པ། རིག་གྲོལ།