དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ས་མཐོའི་ལྗང་མདོག་ཞིང་ལས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་རམ་འདེགས་བྱས་པ།

སྤེལ་དུས 2021-06-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “འདི་གར་ལས་ཀ་བྱས་ཚེ་ཉིན་གཅིག་ལ་ཡོང་འབབ་སྒོར150རག་གི་འདུག  ཟླ་གཅིག་ལ་ཡོང་འབབ་སྒོར་བཞི་སྟོང་ལྷག་ཙམ་ཡོང་གི་འདུག་པས་ཧ་ཅང་ཡག་པོ་འདུག” ཟླ6པའི་ཚེས15ཉིན“མཛེས་སྡུག་ལྡན་པའི་གྲོང་གསེབ་ཡུལ་སྐོར་གྱིས་གྲོང་གསེབ་དར་རྒྱས་གཏོང་རོགས་བྱེད”ཅེས་པའི་བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཤིས་ཕུ་ཞིང་ལས་རྟེན་གཞིར་གཉེར་བ་དང་ལས་དོན་མི་སྣ་ཨོ་རྒྱན་སྔ་ས་ནས་ཡུལ་དངོས་སུ་སླེབས་ཡོད་པ་རེད། 
བྱེད་སྒོ་སྤེལ་ཡུལ།
         ད་ལོ་ལོ་ན24ལ་སླེབས་པའི་ཨོ་རྒྱན་ནི་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གི་མི་ཡིན་ཞིང་། དབུལ་པོ་ལས་སྒྲོལ་ཆེད་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་དུ་གནས་སྤོ་བྱས་པ་ཡིན་ལ། གོ་འཇོ་རྫོང་གི་རི་མཐོ་གྲོག་རོང་ནས་ཐོན་ཏེ་ཨོ་རྒྱན་བཟའ་མི་གང་པོས་འཚོ་བ་གསར་པ་ཞིག་སྐྱེལ་མགོ་བརྩམས་ལ། སྲིད་གཞུང་གི་བཀོད་སྒྲིག་འོག་ཨོ་རྒྱན་ནི་ཞིང་ལས་རྟེན་གཞིའི་བདེ་སྲུང་བ་བྱས་པ་རེད། 
         “ངའི་ལས་ཀ་ཅུང་སླ་ལ་བཟའ་ཟླས་ཡང་ཉེ་འགྲམ་གྱི་ཞིང་ལས་རྟེན་གཞིར་ལས་ཀ་བྱེད་ཀྱི་ཡོད། ཁོ་མོ་ནི་ང་ལས་དཀའ་ལས་ཁག་ཙམ་ཡོད་མོད། དེ་ལྟར་ནའང་གླ་ཕོགས་ང་ལས་མང་པོ་ཡོད་ཅིང་། ཁོ་མོས་ཟླ་བ་གཅིག་ལ་སྒོར་ལྔ་སྟོང་ལྷག་ཙམ་ལེན་ཐུབ་ཀྱི་ཡོད”ཅེས་ཨོ་རྒྱན་ཅུང་ཁ་སྐྱེངས་པའི་ངང་དེ་སྐད་བརྗོད་བྱུང་། 
རིན་ཆེན་གྱིས་རང་ཉིད་ལ་ཐོབ་པའི་གཟི་བརྗིད་དཔང་ཡིག་སྟོན་བཞིན་པ།
         རྟེན་གཞིའི་གཟེངས་བསྟོད་ཚོགས་ཆེན་ཐོག་སློབ་ཆེན་སློབ་མ་རིན་ཆེན་ལ“བྱས་རྗེས་འབུར་ཐོན་གྱི་བྱ་དགའ”ཐོབ་པ་རེད། 2020ལོར་རིན་ཆེན་རྟེན་གཞིར་ལས་ཞུགས་བྱས་ནས་མི་དོན་དོ་དམ་ལས་དོན་གྱི་འགན་ཁུར་པ་རེད། “ཁེ་ལས་ཀྱི་ཕན་བདེའི་ཐོབ་ཐང་ལེགས་ཙམ་ཡོད་པས་ཟླ་བ་གཅིག་ནང་སྒོར7000ལྷག་ཙམ་རག་གི་ཡོད། དེ་ནི་དེ་སྔོན་གྱི་བརྡ་ཁྱབ་ཀུང་སི་ལས་ཡོང་འབབ་མང་བ་ཡོད།  ངས་འདི་གར་ཕྱོགས་གཅིག་ནས་ལས་ཀ་བྱེད་པ་དང་ཕྱོགས་གཅིག་ནས་སློབ་སྦྱོང་བྱས་ནས་ཡར་རྒྱས་གཏོང་བ་བཅས་བྱས་ཏེ་དེ་བས་ལེགས་པའི་གྲུབ་འབྲས་ཐོབ་རྒྱུའི་བརྩོན་ལེན་བྱེད་ཀྱི་ཡོད”ཅེས་འབྱུང་འགྱུར་ལ་རིན་ཆེན་ཡིད་ཆེས་ཀྱིས་ཁེངས་ནས་ཡོད། 
ས་གནས་དེ་གའི་མང་ཚོགས་ཀྱིས་རྟེན་གཞིའི་ནང་སིལ་འབྲས་བཏོག་བཞིན་པ།
         རྟེན་གཞིའི་ནང་དུ་ཨོ་རྒྱན་དང་རིན་ཆེན་ལྟ་བུའི་ས་གནས་དེ་གའི་མི150ཙམ་ཡོད་ཅིང་། རྟེན་གཞིའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྟེན་གཞིས་དེང་རབས་ཞིང་ལས་ལ་བརྟེན་པ་དང་གྲོང་གསེབ་ཡུལ་སྐོར་གཞོགས་འདེགས་སུ་བྱས་ཏེ་ས་གནས་དེ་གའི་མི་སེར་རང་ཡུལ་དང་མི་འབྲལ་བར་ཐག་ཉེ་སར་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ཡོད། དེས་ས་གནས་དེ་གའི་མང་ཚོགས150དང་སློབ་ཆེན་སློབ་མ20ཡི་ལས་ཞུགས་ཐག་གཅོད་ཐུབ་པ་མ་ཟད། ད་དུང་ས་གནས་དེ་གའི་མི་སེར་ཕྱུག་འགྱུར་གྱི་ལག་རྩལ་སྦྱོང་ཐུབ་པ་བྱུང་ནས་བསམ་བློར་འགྱུར་ལྡོག་ཕྱིན་ཡོད་ཟེར། 
རྟེན་གཞིའི་ནང་བཏབ་པའི་མེ་ཏོག
         ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྔ་རྗེས་སུ་ལྗང་མདོག་ཁེ་ལས་ཁག་ཅིག་གཞིས་ཆགས་པར་ནང་འདྲེན་བྱས་ནས་མུའུ་ཁྲི་ཡི་སྡོང་ཕྲུག་རྟེན་གཞི་དང་མུའུ་སྟོང་གི་ཀུ་ཤུ། མུའུ་སྟོང་གི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི། མུའུ་སྟོང་གི་ཤིང་མངར་རྟེན་གཞི། མུའུ་བརྒྱའི་ཁྲེ་ལི་ཙེ་རྟེན་གཞི་སོགས་སྣོད་བཅུད་ཐོན་ལས་རྣམ་གྲངས་ཁག་ཅིག་བསྐྲུན་ནས་སྣོད་བཅུད་འདེབས་འཛུགས་དང་སྣོད་བཅུད་ཡུལ་སྐོར་གྱི་སྣ་མང་སྣོད་བཅུད་ཐོན་ལས་དབུལ་སྐྱོར་མ་ལག་ཅིག་ཆགས་ཡོད་པ་རེད། རྣམ་གྲངས་ལག་བསྟར་བྱས་པ་ལས་ས་གནས་དེ་གའི་སྣོད་བཅུད་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་མ་ཟད། ཡོང་འབབ་དམའ་བའི་མང་ཚོགས་ཚོས་ལས་ཀར་བརྟེན་ནས་དེང་རབས་ཅན་གྱི་འདེབས་གསོའི་ལག་རྩལ་སློབ་སྦྱོང་བྱས་པས་ཐག་ཉེ་སར་འབབ་འཕར་ཡོང་རྒྱུ་མངོན་འགྱུར་བྱུང་བ་དང་ལས་ཞུགས་འབབ་འཕར་གྱི་འདུ་ཤེས་ལ་འགྱུར་ལྡོག་ཕྱིན་ཡོད་པ་རེད།