ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཆུ་བེད་པུའི་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཅུ་པ་ལྷ་སར་འཚོགས་པ།

སྤེལ་དུས 2021-09-16 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
      ཉིན་ཤས་གོང་། ཆུ་བེད་པུས་ལྷ་སར་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཅུ་པ་འཚོགས་ནས“ལོ་ལྔ་ཚན་བཅུ་བཞི་པའི”ཆུ་བེད་བོད་སྐྱོར་ལས་དོན་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ཆུ་བེད་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ལི་གོ་དབྱིང་གིས་གསུང་བཤད་གནང་བ་རེད།

      ཆུ་བེད་པུའི་བོད་སྐྱོར་ལས་དོན་ཐེངས་བཅུ་པའི་ཚོགས་འདུ་འཚོགས་ཡུལ།
      ཝུའུ་དབྱིང་ཅེས་ཆུ་བེད་བོད་སྐྱོར་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། དུས་ཡུན་རིང་པོའི་ནང་ཆུ་བེད་པུའུ་དང་རྒྱལ་ཡོངས་ཆུ་བེད་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བོད་སྐྱོར་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་དང་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ལ་བརྩིས་ནས་ཟམ་མི་ཆད་པར་ཆུ་བེད་བོད་སྐྱོར་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་བ་དང་། བོད་སྐྱོར་ལས་དོན་གྱི་ལམ་སྲོལ་གསར་གཏོད། བོད་སྐྱོར་ལས་དོན་གྱི་ནང་དོན་གཏིང་ཟབ་ཏུ་བཏང་བ། སྲིད་ཇུས་དང་། མ་དངུལ། ཤེས་ལྡན་པ་སོགས་ཐད་དམིགས་བསལ་གཟིགས་སྐྱོང་བྱས་པ། བོད་ལྗོངས་ཀྱི་ཆུ་བེད་བྱ་གཞག་གོང་འཕེལ་གཏོང་བར་རྒྱབ་སྐྱོར་ཧ་ཅང་ཆེན་པོ་བྱས་ཏེ། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་བཏང་ཡོད་ཅེས་གསུངས་པ་རེད།

      ཆུ་བེད་པུའི་བོད་སྐྱོར་ལས་དོན་ཐེངས་བཅུ་པའི་ཚོགས་འདུ་འཚོགས་ཡུལ།
      ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། བོད་ལྗོངས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། བོད་ཀྱི་ཆུ་བེད་གསར་སྤེལ་འཛུགས་སྐྲུན་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་དེ་བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་དང་འབྲེལ་བ་ཡོད་ལ། རྒྱལ་ཁབ་ཀྱི་ཆུའི་ཐོན་ཁུངས་བདེ་འཇགས་དང་། སྐྱེ་ཁམས་བདེ་འཇགས། ནུས་རྒྱུ་བདེ་འཇགས་བཅས་དང་འབྲེལ་བའང་ཡོད། ང་ཚོས་ཆུ་བེད་ལས་དོན་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཆུ་བེད་བོད་སྐྱོར་གྱི་ལེགས་ཆ་གང་ལེགས་བེད་སྤྱོད་དང་ཁོར་ཡུག་ཡག་པོ་བཏོད་དེ་བོད་ཀྱི་ཆུ་བེད་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ཐོག་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས། ཆུ་བེད་པུའུ་དང་རྒྱལ་ཡོངས་ཆུ་བེད་ཁོངས་གཏོགས་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་ཆུ་བེད་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་རྣམ་གྲངས་བོད་སྐྱོར་དང་། ལག་རྩལ་བོད་སྐྱོར། ཤེས་ལྡན་པའི་བོད་སྐྱོར། རིག་སྟོབས་བོད་སྐྱོར་བཅས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་བོད་ཀྱི་ཆུ་བེད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།

      ཆུ་བེད་པུའི་བོད་སྐྱོར་ལས་དོན་ཐེངས་བཅུ་པའི་ཚོགས་འདུ་འཚོགས་ཡུལ།
      ལི་གོ་དབྱིང་གིས་ནན་བཤད་གནང་དོན། “ལོ་ལྔ་ཚན་བཅུ་བཞི་པའི”ཆུ་བེད་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཆུ་བེད་པུའི་ཆབ་སྲིད་ཀྱི་ལས་འགན་དང་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་རེད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་འཕྱུག་མེད་སྟངས་འཛིན་བྱེད་པར། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་ནས་འགོ་བཙུགས་ཏེ་ཆུ་བེད་བོད་སྐྱོར་ལས་དོན་གྱི་འཇུག་གཞི་དང་ཤུགས་རྒྱག་ས་གནད་འཁེལ་བཙལ་ནས་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། དུས་མཚམས་གསར་པའི་བོད་ཀྱི་ཆུ་བེད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བར། ཆུ་བོ་འབབ་རྒྱུད་ཀྱི་ཆུ་ལོག་འགོག་སྲུང་ལས་གྲྭའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྐང་འཛིན་གྱི་ཆུ་བེད་ལས་གྲྭ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། གཙང་པོ་དང་མཚོར་སྲུང་སྐྱོང་ཡག་པོ་བྱེད་པ། རིག་ལྡན་ཆུ་བེད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཆུ་གྲོན་ཆུང་གི་ལམ་ལུགས་དང་སྲིད་ཇུས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྒྲིག་སྲོལ་ལམ་སྲོལ་གྱི་ཁྲིམས་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། བོད་ཀྱི་ཞོད་ཐན་འགོག་ནུས་དང་། ཆུའི་ཐོན་ཁུངས་ལེགས་བསྡུས་དང་གྲོན་ཆུང་སྤྱོད་ནུས། ཆུའི་ཐོན་ཁུངས་ལེགས་གཏོང་བཀོད་སྒྲིག་བྱེད་ནུས། གཙང་པོ་དང་མཚོའི་སྐྱེ་ཁམས་སྲུང་སྐྱོང་གི་བཅོས་སྐྱོང་ནུས་པ་བཅས་ཆེ་རུ་ཏན་ཏིག་བཏང་སྟེ་བོད་ཀྱི་ཆུ་བེད་དེང་རབས་ཅན་གྱི་དོ་དམ་ཆུ་ཚད་དང་བཅོས་སྐྱོང་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཆུ་བེད་བོད་སྐྱོར་ལས་དོན་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པར་ལས་ཀའི་འགན་འཁྲི་ཁ་གསལ་བཟོ་བ་དང་། ལས་འགན་ཁག་ཞིབ་ཕྲ་བཟོ་བ། ལྟ་ཞིབ་དཔྱད་ཞིབ་ལ་ཤུགས་སྣོན། བོད་སྐྱོར་ལས་བྱེད་པའི་ནུས་པ་འདོན་པ་བཅས་ཀྱི་ཐོག་ནས་འཆར་འགོད་དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཏེ་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བའི་ལེའུ་གསར་པ་ཧུར་ཐག་རྩོམ་རྒྱུར་ཆུ་བེད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།
རྩོམ་སྒྲིག་པ། སྣང་རྡོར།