ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ནང་བསྟན་སློབ་གླིང་གི་2021ལོའི་སློབ་མ་གསར་པའི་སློབ་འགོ་ཚུགས་པ།

སྤེལ་དུས 2021-09-27 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

          ཚེས་25ཉིན་གྱི་སྔ་དྲོ། བོད་ལྗོངས་ནང་བསྟན་སློབ་གླིང་གིས་2021ལོའི་སློབ་མ་གསར་པའི་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཛད་སྒོར་ཞུགས་ནས་གསུང་བཤད་གནང་བ་རེད། 

          ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་བོད་ལྗོངས་སུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སློབ་གླིང་གི“ཡིག་འབྲུ་ཉི་ཤུའི”སློབ་གཉེར་བྱེད་ཕྱོགས་དང་ཁྱད་ཆོས་ངོ་སྤྲོད་བྱས་པ་དང་སྦྲགས། སློབ་གླིང་བཙུགས་ནས་ལོ་10སོང་རིང་ཐོབ་པའི་སློབ་ཁྲིད་སྒྱུར་བཅོས་ཚོད་ལྟའི་ལས་དོན་གྱི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་པ་རེད། 
  
          ཚོགས་འདུའི་ཐོག ཏང་ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་དུ་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། སློབ་མ་ཡོངས་ཀྱིས“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པ”དེ་རང་ཉིད་ཀྱི་བྱ་སྤྱོད་ཚད་གཞིར་བརྩིས་ནས། རང་འགུལ་ངང་སྒྲིག་བཀུར་སྡོམ་སྲུང་དང་ཐོས་བསམ་སྒོམ་གསུམ་ལ་རྩེ་གཅིག་ཏུ་གཞོལ་བ། “བཟང་པོ་ལྔའི་གྲྭ་བཙུན”ཞིག་ཧུར་ཐག་བྱེད་པ། “ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ”བཅས་བྱས་ནས། ལྗོངས་ཡོངས་ཀྱི་ཆོས་ལུགས་ལམ་ལྷོངས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་བསྟན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།