ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷོ་ཁའི་གཞུང་དངུལ་ལྐོག་ཟ་མཁན་དེ་གཞུང་གཏུག་བྱས་ཡོད།

སྤེལ་དུས 2021-10-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
         ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མདོ་ཆོས་ཤང་མི་དམངས་སྲིད་གཞུང་གི་དེ་སྔའི་རྩིས་གཉེར་པ་དང་དངུལ་གཉེར་པའི་ལས་འགན་གཅིག་ལྕོགས་སུ་འཁུར་བའི་ཕུར་བུ་ཚེ་རིང་གིས་ལྐོག་ཟའི་ཉེས་བསགས་ཀྱི་དོགས་པ་ཡོད་པའི་གྱོད་གཞི་དེ་སྣ་དཀར་རྩེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་སྣ་དཀར་རྩེ་རྫོང་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་པ་རེད།
         ཞིབ་དཔྱོད་ལས་ཁུངས་ཀྱིས་ཞུ་གཏུག་ལ་ཞིབ་བཤེར་བྱེད་པའི་དུས་མཚམས་སུ་ཞུ་སྦྱོར་ཕྱི་མ་ཕུར་བུ་ཚེ་རིང་ལ་ཡོད་པའི་ཞུ་གཏུག་དབང་ཆ་ཁྲིམས་ལྟར་གསལ་བཤད་བྱས་པ་དང་འབྲེལ་ཞུ་སྦྱོར་ཕྱི་མ་བར་འདྲི་རྩད་བྱས་པ་དང་དག་འབུད་བྱེད་མཁན་གྱི་བསམ་འཆར་ལ་ཉན་ཞིང་། སྣ་དཀར་རྩེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་དང་སྐྱོན་འདོན་ཞུ་གཏུག་བྱས་དོན། ཞུ་སྦྱོར་ཕྱི་མ་ཕུར་བུ་ཚེ་རིང་གིས་སྣ་དཀར་རྩེ་རྫོང་མདོ་ཆོས་ཤང་གི་རྩིས་གཉེར་པ་དང་དངུལ་གཉེར་པའི་ལས་འགན་གཅིག་ལྕོགས་འཁུར་བའི་ལས་ཐོག་གི་སྟབས་བདེ་བེད་སྤྱད་དེ་གཞུང་དངུལ་འབོར་ཆེན་ལྐོག་ཟ་བྱས་པས། ཁྲིམས་ཀྱི་གཏན་འཁེལ་ལྟར་ན་ཁོའི་བྱ་སྤྱོད་དེ་ལྐོག་ཟའི་ཉེས་བསགས་ལ་བརྩིས་ནས་དེའི་ཉེས་དོན་གྱི་འགན་འཁྲི་ལ་བདའ་འདེད་གཏོང་དགོས།
རྩོམ་སྒྲིག་པ། སྣང་རྡོར།