ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཅང་སུའུ་ཡི་བོད་སྐྱོར་རྣམ་གྲངས“སྔར་བས་ལྔ་པོར”དམིགས་པ།

སྤེལ་དུས 2021-11-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
          ཟླ10པའི་ཚེས29ཉིན།  གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱིས《ཅང་སུའུ་ཞིང་ཆེན་གྱིས་བོད་ལྗོངས་ཀྱི་འཛུགས་སྐྲུན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལོ་རྒྱུས》ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཅང་སུའུ་ཞིང་ཆེན་གྱིས་བོད་སྐྱོར་རྣམ་གྲངས་130ལྷག་ཙམ་བཀོད་སྒྲིག་བྱེད་རྩིས་ཡོད་ཅིང་།  ཁྱོན་མ་དངུལ་སྒོར་དུང་ཕྱུར20ལྷག་ཙམ་བཏང་བའི་ནང80%ཡན་དམངས་འཚོ་འགན་ལེན་ལེགས་སུ་གཏོང་རྒྱུར་སྤྱད་པ་དང་མ་དངུལ80%ཡན་གཞི་རིམ་རྣམ་གྲངས་ལ་བཏང་ཡོད་པ་རེད།  
          བོད་སྐྱོར་རྣམ་གྲངས་དེ་དག་གིས་ཤེས་ལྡན་མི་སྣའི་རིག་ནུས་རོགས་སྐྱོར་མཉམ་ལས་སྔར་བས་གཏིང་ཟབ་ཏུ་འགྲོ་རྒྱུར་དམིགས་པ་དང་། ཐོན་ལས་རོགས་སྐྱོར་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་བ། དམངས་འཚོའི་འགན་ལེན་ཞབས་ཞུའི་ཆུ་ཚད་སྔར་བས་ཇེ་བརྟན་དུ་གཏོང་བ། མི་རིགས་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་སྔར་བས་གཏིང་ཟབ་ཏུ་གཏང་པ། རིག་གནས་སློབ་གསོའི་རོགས་སྐྱོར་གྲུབ་འབྲས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་པ་བཅས་བྱ་རྒྱུ་རེད།  
          
ཅང་སུའུ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རིག་རྩལ་ཡན་ལག་རུ་ཁག་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་བསྐྱོད་དེ“སུའུ་ལྷ་ཁྱིམ་གཅིག་བརྩེ་སེམས་གང་ལས་ཟབ།  བསྐྱར་དར་ཕུགས་འདུན་མཉམ་དུ་གཏོད།”ཅེས་པའི་དམངས་ཕན་འཁྲབ་སྟོན་དང་རིག་གནས་སྤེལ་རེས་བྱེད་སྒོ་སྤེལ་བ་རེད།  
          བོད་སྐྱོར་རྣམ་གྲངས་ཀྱིས་རིག་སྟོབས་རོགས་སྐྱོར་གྱི་ཐབས་ལམ་རྒྱ་ཆེར་བཏང་ནས་ལྷ་སར་རང་ས་ཅན་དང་བྱང་ཚད་མཐོ་བ། སྣེ་ཁྲིད་མི་ཐུབ་པའི་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་རོགས་བྱས་ཏེ་ལྷ་ས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད།  
          ཐོན་ལས་བོད་སྐྱོར་ཐད།  ཕྱོགས་གཉིས་པོའི་དཔལ་འབྱོར་ཕན་གསབ་རང་བཞིན་ཆེ་བའི་ཁྱད་ཆོས་ལ་གཞི་ཚུགས་ཏེ།  ལྷ་ས་གླིང་ཁུལ་གྱི་ལས་སྟེགས་བསྐྲུན་རྒྱུར་རོགས་རམ་དང་ས་གཙང་བདེ་ཐང་དང་རིག་གནས་ཡུལ་སྐོར་སོགས་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་རྒྱུར་མུ་མཐུད་རྒྱབ་སྐྱོར་དང་ཁྲིད་སྟོན་བྱ་རྒྱུ་དང་།  དེ་དང་ཆབས་ཅིག་ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་ལས་གཏོད་ཀྱི་ལས་གནས་མང་དུ་བཏང་སྟེ་མང་ཚོགས་དེ་བས་མང་པོ་ཐག་ཉེ་སར་ལས་ཞུགས་ཐུབ་པ་བྱ་རྒྱུ་རེད།  
          དམངས་འཚོའི་འགན་ལེན་ཐད།  མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་དང་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་དམིགས་པ། མང་ཚོགས་ཚོས་མིག་མཐོང་ལག་ཟིན་དང་སྤྱོད་གོ་ཆོད་པ། སྤྱོད་གོ་ཆོད་ཐུབ་པ་བཅས་ཀྱི་དོན་དངོས་རྣམ་གྲངས་ཁག་ཅིག་གང་མགྱོགས་ངང་བསྐྲུན་རྒྱུ་རེད།  
          གཞན་ཡང་བོད་སྐྱོར་རྣམ་གྲངས་ཀྱིས་ད་དུང་མི་རིགས་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་དམིགས་ནས་ལྷ་སའི་ཕུལ་བྱུང་གཞོན་ནུ་ལོ་ཆུང་དང་། གྲོང་གསེབ་ཀྱི་ལས་བྱེད་པ། ཕྱུག་འགྱུར་སྣེ་ཁྲིད་པ། མི་རིགས་མཐུན་སྒྲིལ་དཔེ་བཟང་བ། སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་སོགས་ཀྱིས་ཅང་སུའུ་ཡི་ལས་རིགས་ཁག་དང་སྤེལ་རེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ཡོད་ཅིང་།  རིག་གནས་སློབ་གསོའི་རོགས་སྐྱོར་གཞི་རྟེན་དུ་བྱས་ནས་སུའུ་ལྷ་ས་ཁུལ་གཉིས་པོའི་རིག་གནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་སྟེ།  ས་གནས་གཉིས་པོའི་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས།  ཀྲུང་ཧྭ་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ཚད་མཐོའི་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་བཏང་ཡོད་ལ།  ལྷ་སས་གྲོང་གསེབ་ཀྱི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་ལས་རིགས་སློབ་གསོའི་ཆུ་ཚད་མཐོ་རུ་བཏང་སྟེ།  གཞི་རྩའི་སྤྱི་པའི་སློབ་གསོའི་ཐོན་ཁུངས་དེ་བས་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་རེད། 
རྩོམ་སྒྲིག་པ། བསྟན་ཆོས།