ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ལྷ་སའི་སྲིད་དོན་ཞབས་ཞུའི“ཆེས་མང་ན་ཐེངས་གཅིག”གིས་སྒྲུབ་ཐུབ་པའི་ལས་དོན་ཁག465ཟིན་ཡོད།

སྤེལ་དུས 2021-11-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ11པའི་ཚེས8ཉིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱིས2021ལོར་ལས་དོན་སྒྲུབ་རིམ་ཇེ་བཟང་དང་དམངས་ཕན་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་ལྷ་ས་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི་ལས་དོན་སྐོར་བརྡ་ཁྱབ་བཏང་བ་རེད། 
          མགྲིན་ཚབ་པས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་རིམ་པ་དེ་གའི་སྲིད་དོན་ཞབས་ཞུའི“ཆེས་མང་ན་ཐེངས་གཅིག”གིས་སྒྲུབ་ཐུབ་པའི་དོན་ཚན465དང་། བརྒྱུད་རིམ་ཧྲིལ་པོ་དྲ་ལམ་ནས་སྒྲུབ་ཐུབ་པའི་དོན་ཚན300 “དོན་དག་གཅིག་ཐེངས་གཅིག་གིས་སྒྲུབ་པ”བརྗོད་དོན་གཙོ་བོར་བྱས་པའི་གཅིག་འདུས་ཞབས་ཞུ་སྣ57དྲ་ཞུགས་ཚོད་ལྟ་བྱས་པ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་ཆོག་འཐུས་དོན་ཚན་ཤེས་སུ་བཅུག་ནས་ཁས་ལེན་དམ་བཅའ་ལམ་ལུགས་ཀྱི་ངོ་སྤྲོད་དོན་ཚན་ཁག21གསལ་བཤད་གནང་པ་རེད། 

གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས།
          “འཛིན་ཡིག་ཉུང་གཏོང་གི་དམངས་བདེའི”ཐད་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པ་དེ་གའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པའི“དཔང་ཡིག་དཔྱད་གཞི”247མེད་པར་བཟོས་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་དོན་ཚན་གྱི་ཆ་སྙོམས་ཁས་ལེན་དུས་ཚད60%ཡན་ཇེ་ཉང་དུ་བཏང་བ། སྲིད་དོན་ཞབས་ཞུའི་དོན་ཚན་གྱི་ཆ་སྙོམས་སྙན་ཞུའི་ཡིག་ཆ3.06བར་ཁུ་བསྡུ་བྱས་པ། སྲིད་དོན་ཞབས་ཞུའི་དོན་ཚན་གཉེར་བའི་ཆ་སྙོམས་འགུལ་གྲངས0.6མན་བར་ཇེ་ཉུང་དུ་བཏང་ཡོད་ལ། དེ་དང་དུས་མཚུངས“ཁྱེད་ལ་སྒྲུབ་རོགས་བྱེད་པ”དང་ཁེ་ལས་དང་མང་ཚོགས་ལ“གཅིག་གཏད་གཅིག་དང་བུ་སྐྱོང་ལྟ་བུའི”ཞབས་ཞུ་མཁོ་འདོན་བྱས་པར་བརྟེན། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད།  འཛིན་ཡིག་ཇེ་ཉུང་གཏོང་པའི་དམངས་ཕན་གྱི“དངུལ་འགྱུར”མངོན་འགྱུར་བྱུང་ཡོད་པ་རེད། 
          དུས་མཚུངས་སུ། ལྷ་ས་གྲོང་ཁྱེར་གྱིས“སྒེའུ་ཁུང་གཅིག་ནས་བདག་སྤྲོད་དང་གཉེར་སྐྱོང་། དང་ལེན་ཁག་དབྱེ། གཅིག་སྡུད་ཞབས་ཞུ”བཅས་ཀྱི་ཞབས་ཞུའི་རྣམ་པ་ཁྱབ་གདལ་ཤུགས་ཆེན་གཏོང་བ། ཕྱོགས་བསྡུས་སྐར་ཁུང་གི་མ་ལག་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས་མ་ལག་སྦྲེལ་མཐུད་དང་གཞི་གྲངས་བརྒྱུད་གཏོང་བྱེད་སྟངས་ཇེ་ལེགས་སུ་བཏང་སྟེ་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར། ཁྲེང་ཀོན་ཆུས་བཅས་རིམ་པ་གསུམ་གྱི་སྲིད་དོན་ཞབས་ཞུའི་རྣམ་གྲངས་ལ“སྒེའུ་ཁུང་གཅིག་ནས་བདག་སྤྲོད་དང་སྒེའུ་ཁུང་གཅིག་ནས་སྒྲུབ་པ། སྒེའུ་ཁུང་གཅིག་ནས་འཛིན་ཡིག་སྤྲོད་པ”བཅས་མངོན་འགྱུར་བྱུང་བ་དང་། ཕྱོགས་བསྡུས་སྒེའུ་ཁུང་མ་ལག་ལ“མ་ལག་ཤར་གཏོང་ཐུབ་པ་དང་གཞི་གྲངས་ཤར་གཏོང་ཐུབ་པ། ལས་སྒོ་ཤར་གཏོང་ཐུབ་པ”བཅས་བྱུང་ནས“རིམ་གསུམ་སྒེའུ་ཁུང་གཅིག”གི་མཉམ་འགུལ་ཞབས་ཞུའི་རྣམ་པ་ཐོག་མར་བཏོད་ཡོད་ཅིང་། ཆུ་ཚོད24ཡི་རིང“ངལ་གསོ་མི་རྒྱག་པའི”ཞབས་ཞུའི་ས་ཁུལ་བཙུགས་ནས་མང་ཚོགས་རྣམས་ལ“ཞབས་ཞུར་བར་ཐག་མེད་པ་དང་། དམངས་ཕན་སྒྲུབ་པར་ངལ་མི་གསོ་པའི”ཚན་རྩལ་མཐོ་བའི་ལས་དོན་སྒྲུབ་པའི་ཉམས་ལེན་བྱས་ཡོད་པ་རེད། 
          དེ་མིན། ལྷ་ས་གྲོང་ཁྱེར་གྱིས་ད་དུང་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱི་ནུས་པ་ཧུར་ཐག་སྒོས་ཇེ་ལེགས་སུ་བཏང་སྟེ། ཁེ་ལས་མང་ཚོགས་ཀྱི་ངོས་ནས་བརྗོད་ན། ཐེངས་མང་པའི་དོན་ཚན་དག་དྲ་ལམ་ནས་བརྒྱུད་རིམ་ཧྲིལ་པོར་སྤྱོད་སླ་བ་དང་བརྗོད་དོན་གཙོ་བོའི་པར་གཞི་ཇེ་ལེགས་སུ་གཏོང་བ། བོད་རང་སྐྱོང་ལྗོངས་ཀྱི་ལས་སྟེགས་ཀྱི“སྤྱོད་མཁན་ལྟེ་གནས”དང་སྦྲེལ་མཐུད་བྱེད་པ། “བྱ་བ་གཅིག”ཅན57ལ་བརྗོད་དོན་གཙོ་བོའི་གཅིག་སྡུད་ཞབས་ཞུ་མཁོ་འདོན་བྱེད་པ། “ས་ཏུའུ་པན”APPདང་དེ་བཞིན་ལྷ་སའི་སྲིད་དོན་ཞབས་ཞུའི་སྤྱི་སྟེགས་ཀྱི་རྣམ་པ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། བཀོལ་སྤྱོད་སྔར་བས་སྟབས་བདེ་རུ་གཏོང་བ། ཞབས་ཞུའི་ཁྱབ་ཁོངས་རྒྱུན་མཐུད་སྣུར་སྲིང་བཅས་བྱེད་ཀྱི་ཡོད་པ་རེད། དེ་དང་ཆབས་ཅིག་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་དང་གྲོང་ཁྱེར་གྱི་གཞི་གྲངས་མཉམ་སྤྱོད་བརྗེ་རེས་ལས་སྟེགས་ལ་བརྟེན་ནས་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་དང་ལས་ཁུངས7གྱི་མ་ལག8ལེགས་སྒྲུབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། “དྲ་བ་མང་པོ”ནས“དྲ་བ་གཅིག”བར་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་དང་། གྲོང་ཁྱེར་སྲིད་དོན་ལས་སྟེགས་སྤྱོད་མཁན་གྲོང་ཁྱེར་རིམ་པའི་ལས་ཁུངས9ཟིན་ཡོད་པ་རེད། དྲ་ལམ་ཞབས་ཞུ“ཤང་གྲོང་ཀུན་ཁྱབ”ཀྱི་ཁྱབ་ཁྱོན་མུ་མཐུད་ཆེ་རུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)དང་ཞང་གྲོང(ཁྲོམ་གཞུང)གྲོང་ཚོ(གྲོང་ལྷན)བཅས་ཚང་མར་ཁྱབ་ཡོད་པ་རེད།
རྩོམ་སྒྲིག་པ། བསྟན་ཆོས།