ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

འབད་པ་ལྷོད་མེད་དམ་འཛིན་གྱིས། རྣམ་པ་གསར་པ་ཧུར་ཐག་གཏོད།

སྤེལ་དུས 2021-12-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལ་བོད་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
          ཉིན་ཤས་བསྟུད་མར་ཆབ་མདོ་དང་གཞིས་རྩེ་གྲོང་ཁྱེར་གཉིས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཚགས་པར་དང་། རླུང་འཕྲིན། བརྙན་འཕྲིན། དྲ་རྒྱ་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུར་དོ་ཁུར་བྱས་ཤིང་། ཚང་མས་ལྗོངས་ཏང་ཨུད་ཀྱིས་དཔལ་འབྱོར་གྱི་དུས་བབ་ལ་བརྡར་ཤ་བཅད་ཚུལ་ནི་དོན་དངོས་དང་མཐུན་ལ་ཡོངས་སུ་ཚང་བ་ཞིག་ཡིན་པ་དང་། སང་ལོའི་དཔལ་འབྱོར་ལས་དོན་གྱི་བཀོད་སྒྲིག་ནི་ཀྲུང་དབྱང་གི་དགོངས་དོན་ལ་དམ་པོར་གཞིགས་པ་དང་བོད་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་འདུག་པས། དངོས་ཐོག་བདེན་འཚོལ་དང་འབད་འབུངས་ཡར་བརྩོན་གྱི་རྩ་དོན་མངོན་གྱི་འདུག གོམ་སྟབས་རྗེས་མར་ང་ཚོས་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། བསམ་བློ་དང་བྱ་སྤྱོད་རྗེས་མའི་དཔལ་འབྱོར་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ཁག་ལ་གཅིག་གྱུར་ཡོང་བ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་དམིགས་ཚད་ཀྱི་ལས་འགན་ལ་དམིགས་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དམ་པ་དོན་གཉེར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་དུ་བཤད།
          ཆབ་མདོ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཞིང་ལས་སྐུལ་སྤེལ་སྤྱི་ཁྱབ་ས་ཚིགས་ཀྱི་ཀྲེན་ཀྲང་ཁྲེན་པིན་གྱིས“ད་ཐེངས་ཀྱི་ཚོགས་འདུས་ང་ཚོའི་གོམ་སྟབས་རྗེས་མའི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས་ནས་དང་འབྲི་གཡག་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་དང་ཐོན་ལས་ཁུལ་ཁག་གཅིག་འཛུགས་སྐྲུན་མཐའ་འཁྱོངས་དང་ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་གི་འཐབ་ཇུས་མཐའ་འཁྱོངས་བྱས་ནས། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ཤུགས་ཆེན་བྱེད་རྒྱུ་དང་། ལུད་སྦྱོར་དང་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་སོགས་སྔོན་ཐོན་གྱི་ཞིང་ལས་གོ་ཆོད་ལག་རྩལ་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་མ་ཟད། གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས། སྔོན་ཐོན་གྱི་ཞིང་ལས་ལག་རྩལ་གང་སར་ཁྱབ་གདལ་བཏང་སྟེ་ཆབ་མདོའི་ནས་ཀྱི་ཐོན་སྐྱེད་བདེ་འཇགས་འགན་ལེན་བྱེད་ཀྱི་ཡིན”ཞེས་བཤད།
          “ལྗོངས་ཏང་ཨུད་ཀྱིས་སང་ལོའི་དཔལ་འབྱོར་ལས་དོན་ལ་སྤྱི་ཡོངས་ནས་ཇུས་འགོད་དང་འཐབ་ཇུས་རང་བཞིན་གྱི་བཀོད་ཇུས་བྱས་ཡོད་ལ། སྤྱི་ཡོངས་རང་བཞིན་གྱི་སྒོ་ནས་སྐུལ་འདེད་གཏོང་བའི་བྱེད་ཐབས་ཀྱང་བཏོན་ཡོད་པས། དེའི་ནང་ཆ་འཕྲིན་ཧ་ཅང་མང་པོ་འདུས་ལ། ཐག་གཅོད་བྱེད་པའི་ལས་འགན་ཧ་ཅང་ལྕི་བ་དང་དོན་འཁྱོལ་གྱི་བླང་བྱའང་ཧ་ཅང་མཐོ་བར་བརྟེན། ང་ཚོས་སློབ་སྦྱོང་ནན་ཏན་དང་། གོ་བ་གཏིང་ཟབ་ལེན་པ། ཏན་ཏིག་སྒྲུབ་པ་བཅས་བྱས་ནས་གཏན་འཁེལ་བྱས་པའི་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམིགས་ཏེ་ཉེན་ཁ་འགོག་ཟོན་དང་། འགལ་ཟླ་སེལ་བ། བཅོས་སྐྱོང་གཏིང་ཟབ། མངོན་མེད་རྐྱེན་ངན་སེལ་བ། ཞི་མཐུན་ལ་སྐུལ་གཏོང་། འགན་ལེན་ནུས་ལྡན་བཅས་བྱས་ཏེ་བྱ་གཞག་ཁག་གི་གོ་རིམ་ལྡན་ལ་སྐྱོན་བྲལ་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱེད་ཀྱི་ཡིན”ཞེས་ཆབ་མདོ་གྲོང་ཨུད་རྒྱལ་ཁབ་བདེ་འཇགས་གཞུང་དོན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་ཤིས་དབྱིང་གིས་བཤད།
          “བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུར་ང་ཚོའི་སྤྱི་དབང་མིན་པའི་ཁེ་ལས་གྱི་འཕེལ་རྒྱས་ལ་ཐབས་ལམ་གསར་པ་བཏོན་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་དབང་འདུས་ཀྱིས་བཤད་པ་དང་། ཁོང་གིས“གོམ་སྟབས་རྗེས་མར། ང་ཚོས་ཚོགས་འདུའི་དགོངས་དོན་ལ་དམིགས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁྱབ་ཁོངས་ཀྱི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། གྲོང་ཁྱེར་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁྱབ་ཁོངས་སུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་དང་དེ་བཞིན་གྲོང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་ནས། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་ཁྱབ་ཁོངས་ཀྱི་མི་སྣར་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ཏེ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་སྔར་བས་ཐུབ་རྒྱུར་ཁྲིད་སྟོན་བྱེད་ཀྱི་ཡིན་ཞེས་བཤད།
          གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཏེང་མིང་ཞ་ཡིས“བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འགོ་ནས་མཇུག་བར་ཁྱབ་ཡོད་པ་དེ་ནི་ང་ཚོས་གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་གཞི་འཛིན་ས་གལ་ཆེན་དང་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་ཞིག་རེད། འཕེལ་སྒྱུར་སྡེ་ཚན་གྱི་ངོས་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་གི་ཡིན། རྣམ་གྲངས་སྒྲུབ་གཉེར་བྱེད་ཤུགས་ཆེ་རུ་བཏང་ནས། སང་ལོའི་རྣམ་གྲངས་གྲབས་གསོག་དང་འཛུགས་སྐྲུན་གྱི་ལས་དོན་ཁག་སྔ་སྣུར་དུ་ཡག་པོ་སྒྲུབ་ཆེད། བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྡེ་ཚན་ཁག་ལ་གཞོགས་འདེགས་དང་མཛུབ་ཁྲིད་བྱས་ཏེ་སྦྲེལ་མཐུད་ལ་ཤུགས་སྣོན་ཧུར་ཐག་རྒྱག་པ། ཚོང་འགུགས་ཀྱི་རྣམ་གྲངས་ལ་འཆར་འགོད་བྱེད་པར་དམ་འཛིན་དང་། དུས་འགོའི་རྣམ་གྲངས་ལས་འགོ་འཛུགས་པར་དམ་འཛིན། སྐྲུན་བཞིན་པའི་རྣམ་གྲངས་ཀྱི་འཕེལ་རིམ་ལ་དམ་འཛིན། བསྐྲུན་ཟིན་པའི་རྣམ་གྲངས་ཐོན་སྐྱེད་བྱེད་པར་དམ་འཛིན། གནད་དོན་ཡོད་པའི་རྣམ་གྲངས་བཅོས་སྒྲིག་བྱེད་པར་དམ་འཛིན། ཐོན་སྐྱེད་བྱེད་འགོ་ཚུགས་པའི་རྣམ་གྲངས་ལ་ཕན་འབྲས་ཐོན་པར་དམ་འཛིན་བཅས་བྱེད་པའི”ངོས་འཛིན་བྱས།
          “གཞི་རིམ་ཏང་ཨུད་ཀྱི་ཧྲུའུ་ཅི་ཞིག་གི་ངོས་ནས། འགན་འཁྲི་ནི་གཟི་བརྗིད་ལྡན་པ་དང་ལས་འགན་ནི་ལྕི་པོ་ཡིན་པ་ཚོར་གྱི་འདུག”ཅེས་གྲོ་མོ་རྫོང་ཕག་རི་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལྷག་པ་ཚེ་རིང་གིས་བཤད་པ་དང་། ཁོང་གིས“གོམ་སྟབས་རྗེས་མར་ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་གྱི་མཛུབ་ཁྲིད། ཕག་རི་གྲོང་རྡལ་གྱི་དོན་དངོས་དང་ཟུང་འབྲེལ་བཅས་བྱས་ཏེ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་འཕེལ་རིམ་མགྱོགས་སུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཧུར་ཐག་གཏོང་བ་དང་ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ། གྲོང་རྡལ་ཡོངས་ཀྱི་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་། འཚོ་བ་འབྱོར་ཕྱུག་ལྡན་པ། རྒྱལ་གཅེས་མཐའ་སྲུང་བཅས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། བདེ་འཇགས་བརྟན་ལྷིང་གི་མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་བདེ་འཇགས་དང་བརྟན་ལྷིང་གི་རྨང་གཞི་བརྟན་དུ་བཏང་སྟེ་གྲོང་རྡལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བདེ་འཇགས་དང་། བརྟན་ལྷིང་། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་ཀྱི་ཡིན”ཞེས་བཤད།
རྩོམ་སྒྲིག་པ། བདེ་སྒྲོན།