ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་བམ་པོ་གསུམ་པའི་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

སྤེལ་དུས 2022-01-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་བམ་པོ་གསུམ་པའི་སོག་ཡིག་དང་། བོད་ཡིག ཡུ་གུར་ཡི་གེ། ཧ་སག་ཡི་གེ། ཁོ་རེ་ཡའི་ཡི་གེ་བཅས་གྲངས་ཉུང་མི་རིགས་ལྔའི་ཡི་གེའི་པར་གཞི་ཉེ་དུས་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད།
          《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་བམ་པོ་གསུམ་པ་ནི་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་(རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་)ཡིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་། ཀྲུང་གོའི་ཕྱི་རྒྱལ་ཡིག་རིགས་ཅུད་བཅས་ཀྱིས་རྩོམ་སྒྲིག་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ལོ་2017ལོའི་ཟླ་10ཚེས་18ཉིན་ནས་2020ལོའི་ཟླ་1ཚེས་13ཉིན་བར་གྱི་སྙན་ཞུ་དང་། གསུང་བཤད། གླེང་མོལ། གཏམ་བཤད། མཆན་བཀོད་མཛུབ་སྟོན། རྟེན་འབྲེལ་འཕྲིན་ཡིག་སོགས་ཡིག་ཆ་92བསྡུས་ཡོད་པ་མ་ཟད། ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་མཚམས་དེའི་ནང་གི་པར་རིས་41བསྡུས་ཡོད་པ་རེད། དཔེ་དེབ་དེ་ཆེད་དོན་19ལ་དབྱེ་ཡོད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ལ་ལོ་ངོ་བརྒྱར་འཕྲད་མ་མྱོང་བའི་འཕོ་འགྱུར་ཆེན་པོར་དམིགས་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་སེམས་ལ་བརྟན་པོར་ངེས་པ། རླབས་ཆེའི་འཐབ་རྩོད་དང་། རླབས་ཆེའི་ལས་གྲྭ། རླབས་ཆེའི་བྱ་གཞག རླབས་ཆེའི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱས་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་འཕེལ་རིམ་གལ་ཆེན་གསར་པ་ཐོབ་པ་བྱེད་པའི་རླབས་ཆེན་ལག་ལེན་ལ་སྐུལ་འདེད་གཏོང་བ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་གཅིག་སྡུད་ཐོག་མངོན་པ་དང་། རང་རེའི་ཏང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེལ་འབུལ་བའི་རྣམ་དཔྱོད་དང་ལྡན་པའི་ཇུས་གཞི་གང་ལེགས་མངོན་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ཁྱོན་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་མཚོན་པའི་དབང་གྲགས་ལྡན་པའི་གསུམ་རྩོམ་ཞིག་རེད།
          མི་རིགས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་མ་རྩོམ་ལྟ་ཀློག་དང་། མ་རྩོམ་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ་བཅས་ལ་རོགས་རམ་ཐུབ་ཆེད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོད་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་ཆེད། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུད་དང་མི་རིགས་དཔེ་སྐྲུན་ཁང་སྒྲིག་འཛུགས་བྱས་ནས་རྒྱལ་ནང་གི་གྲངས་ཉུང་མི་རིགས་ཡིག་རིགས་ཀྱི་རིག་གཅིག་མཁས་པའི་ཚོགས་པ་རྩེ་གྲ་ཞིག་སྒྲིག་འཛུགས་བྱས་ཏེ།  《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་བམ་པོ་གསུམ་པའི་གྲངས་ཉུང་མི་རིགས་ཡི་གེའི་པར་གཞིའི་ཡིག་སྒྱུར་དཔེ་སྐྲུན་ལས་དོན་ལེགས་སྒྲུབ་བྱས་ཡོད་པ་རེད།
          《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་བམ་པོ་གསུམ་པའི་གྲངས་ཉུང་མི་རིགས་ཡི་གེའི་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས། མི་རིགས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་སྔར་བས་ཁྱོན་ཡོངས་གཏིང་ཟབ་དང་། ཆ་ལག་ཚང་ཞིང་གནད་ལ་འཕིགས་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་བྱེད་པ་དང་། ནང་དོན་ཕུན་སུམ་ཚོགས་པོར་གོ་བ་ལེན་པ་དང་མི་རིགས་ཁག་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། འདུ་ཤེས་བཞི་སྔར་བས་ཤུགས་ཆེར་གཏོང་བ་དང་།  བློ་སྤོབས་བཞི་སྔར་བས་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་མཉམ་དུ་གཏོད་ཆེད་བཅས་ལ་ཕན་ཐོགས་ཡོད་པ་རེད།  
རྩོམ་སྒྲིག་པ། བདེ་སྒྲོལ།