ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མ་ལིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞིས་བརྗོད་དོན། ཀྲུང་གོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བར་མ་ལིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་ཀྱི་ཡིན།

སྤེལ་དུས 2022-01-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏཱ་ཁཱར་ནས་ཟླ་1ཚེས་15ཉིན་གློག་འཕྲིན་འབྱོར་གསལ། པ་མ་ཁོ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་14ཉིན་མ་ལིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཧཱ་པི་ཕུའུ ་ ཤིས་སོའོ་ཁོའོ་ཡིས་མ་ལིའི་རྒྱལ་ས་པ་མ་ཁོར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བར་མ་ལིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཨོ་རྩལ་འགྲན་ཚོགས་ཆབ་སྲིད་ཅན་ལ་འགྱུར་བར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད།
        ཤིས་སོའོ་ཁོའོ་ཡིས། ཀྲུང་གོས་གོ་ལ་ཧྲིལ་པོར་ཏོག་གསར་རིམས་ནད་མཆེད་པའི་རྒྱབ་ལྗོངས་འོག་ད་ཐེངས་ཀྱི་ལུས་རྩལ་སྟོན་ཚོགས་དེ་གཉེར་བར་མ་ལི་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་རྒྱུའི་ཡིད་ཆེས་ཀྱང་ཡོད་ཅེས་བརྗོད།
        ཤིས་སོའོ་ཁོའོ་ཡིས། ཀྲུང་གོས་ཨོ་ལིམ་ཕིག་ལུས་རྩལ་དང་འཛམ་གླིང་གི་ལུས་རྩལ་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། “ང་ཚོས་བློ་བརྟན་འགྱུར་མེད་ཀྱི་བློ་སྟོབས་དེ་འདྲ་དང་ལུས་རྩལ་འགྲན་བསྡུར་གཉེར་བའི་ཆོད་སེམས་རླབས་པོ་ཆེར་གུས་བཀུར་ཞུ་རྒྱུ་ཡིན་ལ། ཀྲུང་གོས་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བར་ང་ཚོས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན”ཞེས་བརྗོད།
རྩོམ་སྒྲིག་པ། སྣང་རྡོར།