ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་དམངས་གཙོའི་འཚོ་བའི་ཚོགས་འདུར…

སྤེལ་དུས 2022-01-21 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
           བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཚེས་19ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུར་དཔེ་བསྡུར་དང་། ད་ཐེངས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་དང་མི་སྒེར་གྱི་བསམ་བློའི་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ཏེ། གནད་དོན་བཤེར་འདོན་གཏིང་ཟབ་དང་། བསམ་བློ་སྤེལ་རེས་ཟོལ་མེད། གནད་དོན་འབྱུང་རྐྱེན་ལ་དབྱེ་ཞིབ་བཅས་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་པོ་བྱས་པ་རེད།
           བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་དགུ་པའི་ཙུའུ་ཀྲང་ཡུས་ཞའོ་མིང་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་དང་འབྲེལ་དཔྱད་བརྗོད་གསུང་བཤད་ཀྱང་གནང་བ། ཙུའུ་ཀྲང་གཞོན་པ་ཁྲའེ་ཀྲེ་པིན་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་ཡོད།

ཚོགས་ར།
           ཚོགས་འདུའི་ཐོག《2021ལོར་བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་སེང》དང《2021ལོར་བོད་རང་སྐྱོང་ལྗོངས་ཀྱིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་གཏིང་ཟབ་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་སེང》ལ་གྲོས་ཞིབ་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་2020ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་དག་ཐེར་བྱ་ཐབས་དོན་འཁྱོལ་བྱས་པའི་གནས་ཚུལ་དང་། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་དག་ཐེར་བྱ་ཐབས་དོན་འཁྱོལ་བྱས་པའི་གནས་ཚུལ། ད་ཐེངས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པའི་གནས་ཚུལ་བཅས་བརྡ་ཁྱབ་བཏང་བ་རེད།
           ཝང་ཅུན་ཀྲེང་གིས། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་ཚབ་ཞུས་ནས་ལྟ་བསྡུར་ཞིབ་བཤེར་གནང་བ་དང་འབྲེལ་སྣེ་ཁྲིད་དེ་མི་སྒེར་གྱིས་ལྟ་བསྡུར་ཞིབ་བཤེར་བྱས་པའི་སྐོར་གྱི་གཏམ་བཤད་ཀྱང་གནང་བ་དང་། རྒྱུན་ཨུ་ཚོས་རེ་རེ་བཞིན་ལྟ་བསྡུར་ཞིབ་བཤེར་གནང་བ་དང་སྦྲགས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱང་གནང་བ་རེད། ཚང་མས་བརྗོད་དོན་གཙོ་བོར་དམིགས་ནས་ངོས་འཛིན་དང་བསམ་གཞིག་གླེང་བ་དང་། རང་ཉིད་དང་། འགན་འཁྲི། ལས་ཀ་བཅས་ཟུང་འབྲེལ་དམ་ཟབ་བྱས་ནས་བསམ་བློ་སྤེལ་རེས་དང་། གནད་དོན་ལ་ཞིབ་བཤེར། ཁ་ཕྱོགས་གསལ་སྟོན་བཅས་གནང་བ་ལས་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་དམིགས་ཡུལ་གྲུབ་ཡོད།
           ཝང་ཅུན་ཀྲེང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས་བསྟན་དོན། ཏང་གིས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་གཏན་འཁེལ་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་གནང་བ་ལས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་གྱི་ཡོད་ལ། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའང་མཚོན་གྱི་ཡོད།
           ཡུས་ཞའོ་མིང་གིས་དཔྱད་བརྗོད་གནང་སྐབས་བསྟན་དོན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་ད་ཐེངས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་གྲ་སྒྲིག་ལས་དོན་ཚགས་ཚུད་པོ་དང་། བརྗོད་དོན་གཙོ་བོ་མངོན་གསལ་དོད་པོ། ལྟ་བསྡུར་ཞིབ་བཤེར་གཏིང་ཟབ་པོ། བཅོས་སྒྲིག་བྱ་ཐབས་ཁ་གསལ་པོ་བཅས་ཡོད། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཧུར་ཐག་གནང་བ་དང་རྣམ་པ་སྒམ་བརླིང་ལ་ནན་པའི་ཚོགས་འདུ་འདི་ནི། ཀྲུང་དབྱང་གི་བླང་བྱ་དང་མཐུན་པའི་སྤུས་ཚད་མཐོ་བའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཞིག་རེད། གོམ་སྟབས་རྗེས་མར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་དམངས་གཙོའི་འཚོ་བའི་ཚོགས་འདུའི་གྲུབ་འབྲས་ཟབ་ཏུ་གཏོང་དགོས་པ་མ་ཟད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་། ཀྲུང་དབྱང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་གྱི་དགོངས་དོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་དགོངས་དོན་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་ཀྱི་རང་བཞིན་དང་། དུས་རབས་ཀྱི་རང་བཞིན། རྩ་དོན་གྱི་རང་བཞིན། འཐབ་འཛིང་གི་རང་བཞིན་བཅས་སྔར་བས་ཆེ་རུ་གཏོང་བར་སྐུལ་ལྕག་བྱེད་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།