ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཨུ་ཡོན་སྤེན་པ་ལྷ་མོས་འདི་ལྟར་བཤད།

སྤེལ་དུས 2022-03-08 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ།
  ལོ་ལྔའི་ཡར་སྔོན་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་པ་དང་བསྟུན་ནས།
  ཁོང་མོ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་ཐོན་བྱུང་།
  ལོ་ལྔའི་རྗེས་སུ།
  ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐག་གཅོད་བཀོད་སྒྲིག་ལྟར།
  ཁོང་མོ་པེ་ཅིང་དུ་སླེབས་ནས་བྱ་བ་བསྒྲུབས།
  ལས་ཀའི་ས་གནས་དང་ལས་གནས་ལ་འགྱུར་ལྡོག་བྱུང་ཡང་།
  མོས་ཐོག་མའི་བསམ་འདུན་མ་འགྱུར་བར།
  ཐོག་མཐའ་བར་གསུམ་དུ་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྒོ་འབྱེད་འཕེལ་རྒྱས་ལ་གཞོལ་ནས།
  ལས་སྟེགས་རྒྱ་ཆེན་པོ་འདིའི་ཐོག་ནས། 
  དུས་རབས་གསར་པའི་ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་འཆད་ཡོད།
  དེ་རིང《ངའི་འགན་སྒྲུབ་ལམ་བུ》ཞེས་པའི་ལེ་ཚན་གྱིས།
  ཁྱེད་དང་ལྷན་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྤེན་པ་ལྷ་མོར་རྗེས་ལོན་ཞིག་བྱེད།
ང་རང་བོད་ལྗོངས་ནས་པེ་ཅིང་དུ་ལས་ཀར་ཡོང་བ་ཡིན།

  ཞོགས་པའི་ཆུ་ཚོད་བརྒྱད་པ་ནི་པེ་ཅིང་གི་སྔ་དྲོའི་འགྲོ་འོང་མང་ཤོས་ཀྱི་དུས་མཚམས་ཤིག་ཡིན། འཚང་ཁ་ཤིག་ཤིག་བྱེད་པའི་ཐའེ་དབྱང་ཀུང་ས་འོག་ལྕགས་ལམ་འབབ་ཚིགས་སུ་མི་ཚོགས་ཁྲོད་ན་རྣ་ཉན་བརྒྱབ་ཅིང་རྒྱབ་ཁུག་འཁུར་བའི་བོད་རིགས་བུད་མེད་ཅིག་ཡོད། 
  ས་འོག་ལྕགས་ལམ་ལ་བསྡད་རྗེས་ཁོང་མོས་ཀྱང་མགོ་བོ་སྒུར་ནས་ཁ་པར་ལ་ལྟ་བཞིན་འདུག འོན་ཀྱང་ཁོང་མོའི་བསམ་ཕྱོགས་མེས་རྒྱལ་གྱི་རི་ཆུ་ཁྲི་སྟོང་བརྒལ་ནས་བོད་ལྗོངས་དང་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་གཞན་དག་གི་འཕེལ་རྒྱས་ལ་བསམ་བློ་གཏོང་བཞིན་ཡོད།
  ལོ་ལྔའི་གོང་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་ལས་ཀ་བྱེད་བཞིན་པའི་སྤེན་པ་ལྷ་མོ་ན་གཞོན་ཤེས་ཡོན་པ་ཞིག་ཡིན་པའི་ངོས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་པ་རེད། འདི་ནི2018ལོར་ཁོང་མོ་ཐེངས་དང་པོར་པེ་ཅིང་དུ་སླེབས་ནས་ཚོགས་འདུར་ཞུགས་སྐབས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ་ཡིན།
  རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་འཁུར་བའི་ལོ་ལྔའི་རིང་། སྤེན་པ་ལྷ་མོས་དུས་རབས་གསར་པའི་ནང་མེས་རྒྱལ་སྟོབས་ཆེར་ཕྱིན་པ་དང་བོད་ལྗོངས་མཐའ་མཚམས་ཉིན་རེ་བཞིན་མཛེས་སྡུག་དང་བདེ་སྐྱིད་ལྡན་པར་གྱུར་པ་བདེན་དཔང་བྱས་ཡོད་ལ། ཁོང་མོ་ནི་ཞིབ་འཇུག་པ་ཞིག་ཡིན་པའི་ངོས་ནས་ཞིབ་འཇུག་བྱས་པའི་ཕྱི་ཕྱོགས་སྒོ་དབྱེའི་ཁྱབ་ཁོངས་སུའང་འཕེལ་རྒྱས་མྱུར་པོ་བྱུང་ཡོད།
  སྲིད་གྲོས་ཨུ་ཡོན་དང་ཞིབ་འཇུག་པའི་ཐོབ་ཐང་གཉིས་ལྡན་གྱི་སྤེན་པ་ལྷ་མོས་ལོ་ལྔའི་རིང་འགན་འཁྲི་སྒྲུབ་སྐབས། ད་དུང་ཇི་ལྟར་བྱས་ནས་བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་སྣོན་སྐུལ་འདེད་གཏོང་བ་དང་། ས་བབ་མཐོ་བའི་གནས་སྤོའི་མང་ཚོགས་ཀྱི་ཁེ་དབང་འགན་ལེན་བྱེད་པ་སོགས་དམིགས་སུ་བཟུང་ནས་ཞིབ་འཇུག་བྱས་ཏེ་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ལྕག་བཏང་ཡོད། ན་ནིང་ལོ་མཇུག་ཏུ། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དང་། བོད་ལྗོངས་ནས་ནང་སར་ལས་བྱེད་པ་བརྗེ་རེས་བྱེད་དུ་སོང་བའི་སྤེན་པ་ལྷ་མོ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དུ་སླེབས་ནས་ལས་ཀར་ཞུགས་པ་དེས་ཁོང་མོ་ཡར་རྒྱས་ཡོང་བར་སྔར་ལས་ལྷག་པའི་ཁོར་ཡུག་ཅིག་བྱུང་། 
  གོ་སྐབས་དམ་འཛིན་བྱས་ནས་བཀའ་དྲིན་ཚོར་བཞིན་མདུན་དུ་བསྐྱོད་པར་བྱ། སྤེན་པ་ལྷ་མོས་པེ་ཅིང་གི་ལས་གྲོགས་དང་མཉམ་དུ་ལས་ཀ་བྱེད་སྐབས་རྒྱུན་པར་ལས་གྲོགས་རྣམས་ཀྱི་ཐུགས་ཁུར་དང་རོགས་རམ་ཐོབ་ཅིང་། དེས་ཁོང་མོས་རང་གི་ད་ལྟའི་ལས་ཀ་འདི་ལ་སྔར་བས་དགའ་པོ་བྱེད་ཀྱིན་ཡོད།
  རིག་གཞུང་ཞིབ་འཇུག་བྱེད་པའམ་ཡང་ན་གྲོས་གཞི་བཀོད་འབྲི་བྱེད་པ་གང་ཞིག་ཡིན་རུང་ཚང་མར་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཏན་ཏིག་བྱེད་དགོས་པ་དང་། པེ་ཅིང་དུ་ལས་ཀ་བྱེད་པར་ཡོང་མཁན་སྤེན་པ་ལྷ་མོར་མེས་རྒྱལ་གྱི་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་ལ་བརྗེ་རེས་སློབ་སྦྱོང་དང་བརྟག་ཞིབ་ལག་ལེན་ཡོང་བའི་གོ་སྐབས་སྔར་བས་མང་བ་ཐོབ་པ་དང་། ཁོང་མོའི་ལས་འགན་བསྒྲུབ་པའི་ནུས་པ་དང་ཆུ་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།
  ད་ལོ་ནི་སྤེན་པ་ལྷ་མོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་ཨུ་ཡོན་གྱི་འགན་འཁྲི་བསྒྲུབ་པའི་མཇུག་མཐའི་ལོ་ཞིག་ཡིན་ལ། ཁོང་མོས་པེ་ཅིང་དུ་ལས་ཀ་བྱས་པའི་ལོ་དང་པོའང་ཡིན། ལས་ཀ་ཞིག་གི་མཇུག་སྒྲིལ་བའམ་ཡང་ན་ལས་ཀ་ཞིག་གི་མགོ་བརྩམས་པ་གང་ཡིན་རུང་། སྤེན་པ་ལྷ་མོའི་སེམས་སུ་ནམ་ཡང་འགྱུར་བ་མེད་པ་ནི་ཀྲུང་ཧྭའི་བརྩེ་སེམས་ཟབ་མོ་དེ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།