ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝང་ཅུན་ཀྲེང་གིས་བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ཏུ་བརྟག་ཞིབ་གནང་བ།

སྤེལ་དུས 2022-03-24 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱ་གལ་ཆེན་གྱི་དགོངས་དོན་ལྷག་བསམ་ཟོལ་མེད་ངང་ལག་བསྟར་བྱས་ནས་འཕྲལ་སྡོམ་རོགས་སྐྱོབ་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མེ་ཟོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
          ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་ཐབས་ཐོག་ནས་བོད་ཀྱི་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ཏུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་མེ་ཟོན་རོགས་སྐྱོབ་དང་། འཕྲལ་སྡོམ་འཕྲིན་གཏོང་། དམག་འཐབ་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན། མེ་ཟོན་དྲིལ་བསྒྲགས་སོགས་ཀྱི་སྒྲིག་ཆས་འགྲེམས་སྟོན་ལ་ལྟ་སྦྱོང་གནང་བཞིན་པ།
          ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་ཐབས་ཐོག་ནས་བོད་ཀྱི་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ཏུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱ་གལ་ཆེན་གྱི་དགོངས་དོན་ལྷག་བསམ་ཟོལ་མེད་ངང་ལག་ལེན་བསྟར་བ། “གཏན་འཁེལ་གཉིས”ལ་གོང་བཀུར་མཐའ་གཅིག་ཏུ་ཞུ་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་བཏང་ནས་ཏང་ལ་བློ་དཀར་སེམས་དཀར་དང་། སྒྲིག་ཁྲིམས་ནན་སྲུང་། སྲོག་ཉེན་ལ་མི་འཛེམ་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བ་བཅས་བྱས་ནས་རང་ལྗོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མེ་ཟོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
          སྤྱི་ཁྱབ་རུ་ཁག་གི་ལས་ཁུངས་སུ་ཝང་ཅུན་ཀྲེང་གིས་མེ་ཟོན་རོགས་སྐྱོབ་ལས་དོན་དང་དཔུང་ཁག་འཛུགས་སྐྱོང་བྱས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་ཞིང་། མེ་ཟོན་རོགས་སྐྱོབ་དང་། འཕྲལ་སྡོམ་འཕྲིན་གཏོང་། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན། མེ་ཟོན་དྲིལ་བསྒྲགས་སོགས་ཀྱི་སྒྲིག་ཆས་འགྲེམས་སྟོན་ལ་ལྟ་སྦྱོང་ནན་ཏན་དང་། རིགས་ཁག་གི་འཁོར་རིགས་སྒྲིག་ཆས་ཀྱི་བྱེད་ནུས་དཔྱད་གྲངས་དང་དེ་བཞིན་དངོས་འཐབ་ཁྲོད་ནུས་པ་འདོན་སྤེལ་གྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ། མེ་ཟོན་རོགས་སྐྱོབ་མི་སྣ་དང་བྱམས་བརྩེའི་ངང་སྤེལ་རེས་བཅས་གནང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གངས་ལྗོངས་ས་མཐོའི་འཕྲལ་སྡོམ་རོགས་སྐྱོབ་འཐབ་ཕྱོགས་སུ་འབད་འཐབ་ཡུན་རིང་བྱེད་མཁན་མེ་ཟོན་རོགས་སྐྱོབ་མི་སྣ་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།
          ཝང་ཅུན་ཀྲེང་གིས་བསྟན་དོན། ལྗོངས་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱ་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་འབོད་སྐུལ་ཉན་པ་དང་། ཉེན་བརྡ་ཡོད་ཚེ་ངེས་པར་དུ་དོན་ཐུབ་པ། ཉེན་བརྡ་ཐོས་ཚེ་འཕྲལ་མར་བྱ་སྤྱོད་སྤེལ་བ། མི་དམངས་མང་ཚོགས་ལ་དགོས་མཁོ་ཆེ་ཤོས་ཀྱི་དུས་སུ་དཔའ་ངར་ཆེར་སྐྱེད་ཀྱིས་དོན་པ། གནོད་འཚེ་དང་ལས་འཛོལ་ཚབས་ཆེན་འཕྲད་སྐབས་གདོང་མཆོང་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རིང་བློ་དཀར་སེམས་དཀར་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
          ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་ནི་རང་ལྗོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད་ལ། འཕྲལ་སྡོམ་རོགས་སྐྱོབ་ཀྱི“གཙོ་ཤུགས་དམག”དང“རྒྱལ་ཁབ་རུ་ཁག”ཅིག་ཀྱང་རེད། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་རྩ་བའི་ཆབ་སྲིད་ཀྱི་རྩ་དོན་ལ་བརྩིས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་མཐའ་གཅིག་ཏུ་ལག་བསྟར་དང་། འགན་འཁྲི་དང་ལས་འགན་ལ་ཤུགས་སྣོན། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ། བོད་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས། “སྤྱི་ཡོངས་གཉིས”བློ་ལ་བརྟན་པོར་བཅངས་པ་དང“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་ནས་མེ་ཟོན་རོགས་སྐྱོབ་ཀྱི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་དུ་བཞག་སྟེ་བསམ་གཞིག་དང་ཇུས་འགོད་དང་རང་རྟོགས་ངང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་བརྟན་བཅས་ཀྱི“དོན་ཆེན་བཞིར”དམ་པོར་དམིགས་ནས་ནུས་ཤུགས་ཡོད་རྒུས་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་ཐག་གཅོད་བྱེད་པ་དང་གནོད་འཚེ་དང་ལས་འཛོལ་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་བཅག་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་འགན་ལེན་ནུས་ལྡན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མེ་ཟོན་བདེ་འཇགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་དང་། སྔོན་འགོག་གཙོ་བོར་འཛིན་པ། མེ་ཟོན་དང་མེ་གསོད་ཟུང་འབྲེལ། མི་དམངས་ཀྱི་ཁེ་ཕན་ཆེད་དུ་རང་སྲོག་བློས་གཏོང་། ཁྱིམ་གཞིས་དུས་བདེ་ཡོང་ཆེད་རང་འགན་གཙང་སྒྲུབ། ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་གལ་ཆེན་མཐའ་གཅིག་ཏུ་སྒྲུབ་པ་བཅས་བྱས་ནས། ནམ་ཡང་ཏང་དང་མི་དམངས་ལ་བློ་དཀར་སེམས་དཀར་བྱེད་པའི་སྐུ་སྲུང་བ་ཞིག་བྱེད་དགོས། དངོས་འཐབ་དང་རྒྱལ་ཁ་འཐོབ་པར་དམིགས་ཏེ་དཔུང་ཁག་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་དང་འཐབ་ནུས་ཆེ་རུ་ཏན་ཏིག་གཏོང་བ་དང་། གནོད་འཚེ་སྣ་ཚོགས་ལ་ཕྱོགས་བསྡུས་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་ཨང་བསར་དང་འཕྲལ་མར་ཁ་གཏད་གཅོག་པའི་དམག་གྲབས་རྣམ་པ་རྒྱུན་འཁྱོངས། ཚན་རིག་དང་མཐུན་ལ་ཕན་འབྲས་ཆེ་བ་དང་གནད་སྨིན་བྱང་ཆུབ་ཀྱི་ཉམས་སད་ཐེག་པའི་འཇོན་ཐང་ལ་ཞུན་བརྡར། དཔའ་ངར་ཞུམ་མེད་དང་རང་སྲོག་བློས་གཏོང་ལ་མི་སྐྲག་པའི་དམག་འཐབ་སྤྱོད་ཚུལ་དར་སྤེལ། བཙན་ཅིང་ནན་པའི་སྒྲིག་ཁྲིམས་ལ་བརྟེན་ནས་དཔུང་ཁག་ཧྲག་པོ་ཞིག་གཏོད་པ་བཅས་བྱས་ཏེ། བསྐོངས་ན་ཡོང་ཐུབ་པ་དང་འཐབ་ན་རྒྱལ་ངེས་ཡིན་པའི་འགན་ལེན་བྱེད་དགོས། ཚན་རྩལ་ལ་བརྟེན་ནས་འཐབ་ནུས་ཆེ་རུ་མཐའ་འཁྱོངས་བཏང་ནས་ཆ་འཕྲིན་ཅན་གྱི་ཚན་རྩལ་མེ་ཟོན་བཅོས་སྐྱོང་དང་། འཕྲལ་སྡོམ་རོགས་སྐྱོབ། དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་འཐབ་ཇུས་འདེགས་སྐྱོར་ལ་བརྩིས་ནས“རིག་ལྡན་མེ་ཟོན”འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ་ཚན་རིག་དང་མཐུན་ཞིང་ནུས་པ་ཆེ་བའི“གནོད་འཚེ་སྣ་ཚོགས་དང་འཕྲལ་སྡོམ་ཆེན་པོར”ཁ་གཏད་གཅོག་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བ་དང་གོ་བདེ་ཤེས་སླའི་བྱ་ཐབས་བརྒྱུད་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་མེ་ཟོན་བདེ་འཇགས་ཀྱི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ། མི་ཚང་མས་མེ་ཟོན་ལ་དོ་ཁུར་དང་། མེ་ཟོན་ལ་རྒྱབ་སྐྱོར། མེ་ཟོན་ལ་ཞུགས་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས།
          ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་མེ་ཟོན་རོགས་སྐྱོབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། མེ་ཟོན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན། མེ་ཟོན་རོགས་སྐྱོབ་སྒྲིག་ཆས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། གཟིགས་སྐྱོང་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ། སྔོན་ཐོན་དཔེ་མཚོན་སྐྱེད་སྲིང་དང་འཛུགས་གཏོད་ཤུགས་ཆེན་བཅས་བྱས་ནས། མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་ལས་རིགས་ཀྱི་གཟི་བརྗིད་ཚོར་སེམས་དང་སྤྱི་ཚོགས་ཀྱི་གོང་བཀུར་བསམ་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་མེ་ཟོན་བདེ་འཇགས་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ནང་བཅུག་ནས་སྤྱི་འདོམས་བཀོད་སྒྲིག་དང་སྡེབ་གཅིག་ལ་སྐུལ་འདེད་གཏོང་བ་དང་། མེ་ཟོན་བདེ་འཇགས་ཀྱི་སྣ་མང་མཉམ་བཅོས་དང་། སྡེ་ཚན་མཉམ་སྒུལ། ཕྱོགས་བསྡུས་བཅོས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་བོད་ཀྱི་མེ་ཟོན་རོགས་སྐྱོབ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
རྩོམ་སྒྲིག་པ། སངས་སྐྱབས།