ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

པ་ཏྲའི་རིས་ལྟར་བཀྲ་བའི་བོད་ལྗོངས་ཀྱི་གཞུང་ལམ་དྲ་བ།

སྤེལ་དུས 2022-04-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

          གསར་འགོད་པས་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ལོ་2021ལོའི་ལོ་མཇུག་ཏུ་བོད་ལྗོངས་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་9ལྷག་ཙམ་ཟིན་པ་དང་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་གི་ལམ་ཐག་སྤྱི་ལེ་ཁྲི་8.9ཟིན་ཡོད་པ་རེད། བོད་ལྗོངས་ཀྱི་རྫོང་དང་ཆུས་74དང་། ཤང་དང་གྲོང་རྡལ་500 སྒྲིག་གཞི་ཆ་ཚང་བའི་གྲོང་ཚོ་2259བཅས་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཡོད་པ་རེད།
          ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་ཚུན་དུ་བོད་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བྱས་ན་བོད་ལྗོངས་ཀྱི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་3123བཀོད་སྒྲིག་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་941བཏང་བ་དང་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་3.82གསར་སྐྲུན་དང་བསྐྱར་སྐྲུན་བྱས་པ་རེད།
          སྤྱི་ལོ་2021ལོའི་ལོ་མཇུག་ཏུ་སླེབས་སྐབས་བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་9ལྷག་ཙམ་ཟིན་པ་དེས་བོད་ལྗོངས་ཀྱི་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་བསྡོམས་འབོར་གྱི་བརྒྱ་ཆ་75བཟུང་བ་དང་། ཤང་གྲོང་280དང་། སྒྲིག་གཞི་ཆ་ཚང་བའི་གྲོང་ཚོ་2974ལ་ཨར་འདམ་ལམ་ཤར་གཏོང་ཐུབ་ནས་ཤང་གྲོང་དང་སྒྲིག་ཚུད་གྲོང་ཚོར་རླངས་འཁོར་ཤར་གཏོང་ཐུབ་ཚད་ཁག་སོ་སོར་བརྒྱ་ཆ94.55དང་བརྒྱ་ཆ་77.94ཟིན་ཡོད། བོད་ལྗོངས་ཀྱི་གྲོང་གསེབ་གཞུང་ལམ་བདག་སྐྱོང་གི་ལམ་ཐག་སྤྱི་ལེ་ཁྲི་8.9ཟིན་པ་དང་། རྫོང་རིམ་པའི་གཞུང་ལམ་དང་ཆེད་སྤྱོད་གཞུང་ལམ། ཤང་གྲོང་ལམ། གྲོང་སྡེའི་གཞུང་ལམ་བཅས་ཀྱི་གཞུང་ལམ་འཛུགས་སྐྲུན་གྱི་སྤུས་ཚད་ཁག་སོ་སོར་བརྒྱ་ཆ་72.5དང་བརྒྱ་ཆ་67.3ཟིན་ཡོད།

    བོད་ལྗོངས་སུ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་317ཤར་གཏོང་ཐུབ་པ་དང་། གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་369སྐྱེལ་འདྲེན་ནང་ཞུགས་པ། རྫོང་དང་ཆུས་74དང་། ཤང་དང་གྲོང་རྡལ་500 སྒྲིག་གཞི་ཆ་ཚང་བའི་གྲོང་ཚོ་2259བཅས་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་བཅས་བྱུང་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།