ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དུས་བབ་ཀྱི་བླང་བྱ་དང་འཚམ་པར་བྱེད་པ་དང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ།

སྤེལ་དུས 2022-08-08 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཟླ་8ཚེས་5ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་དུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ། ས་ཁང་ཐོན་ལས་ཁྲོམ་ར་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།
  ཚེས་5ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་དུ་བརྟག་ཞིབ་གནང་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་ཆེན་པོའི་ཐོག་ནས་དུས་བབ་ཀྱི་བླང་བྱ་དང་འཚམ་པར་བྱེད་པ་དང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་རང་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
  ཝང་ཅུན་ཀྲེང་གིས་གྲོང་ཁྱེར་འཛུགས་སྐྲུན་ཁྲུའུ་དང་། འཆར་འགོད་ནོར་དོན་ཁྲུའུ། སྡོད་ཁང་འགན་ལེན་དང་སྒྱུར་བཅོས་ཁྲུའུ་སོགས་སྡེ་ཚན་དུ་ཕེབས་ནས། ལས་བྱེད་པ་དང་ལས་བཟོ་ཚོར་གཟིགས་པ་དང་འཚམས་འདྲི་གནང་བ་དང་། ཚང་མའི་ལས་ཀ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ། ས་ཁང་ཐོན་ལས་ཁྲོམ་ར་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས“ཕྱོགས་གསུམ་གཞི་གཅིག”མཐའ་འཁྱོངས་བྱས་ནས་རྣམ་གསར་གྲོང་ཁྱེར་གྲོང་རྡལ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྡོད་ཁང་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཁང་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། དགོས་མཁོར་བརྟེན་ནས་མཁོ་སྤྲོད་ལ་ཁྲིད་སྟོན་བཅས་བྱས་ཏེ་ས་ཁང་ཐོན་ལས་སྐྱོན་བྲལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་ཡོན་གྱི་སློབ་སྦྱོང་འཐབ་ས་བེད་སྤྱོད་ཡག་པོ་བྱས་ནས་སློབ་སྦྱོང་གི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། སློབ་སྦྱོང་བྱེད་སྟངས་གསར་གཏོད་བྱེད་པ། སློབ་སྦྱོང་དང་དོ་དམ་བྱེད་སྟངས་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་ལས་དོན་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། བློ་གཅིག་སེམས་གཅིག་དང་སེམས་ནུས་གཅིག་སྒྲིལ་གྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད། དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལས་དོན་གྱི་སྙན་སེང་གསན་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་བྱམས་བརྩེའི་འཚམས་འདྲི་ཡང་གནང་སྟེ། ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱིས་རྣམ་གསར་གྲོང་ཁྱེར་གྲོང་རྡལ་འཛུགས་སྐྲུན་དང་། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་། སྡོད་ཁང་འགན་ལེན། གྲོང་ཁྱེར་བཅོས་སྐྱོང་སོགས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད།
  ཝང་ཅུན་ཀྲེང་གིས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁོངས་གཏོགས་ཀྱིས“འཛུགས་གཏོད་བཞིར”སྐུལ་འདེད་ཤུགས་ཆེན་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་ཐུབ་པའི་འཐབ་ཇུས་དམིགས་ཚད་ཁྲོད་འགན་འཁྲི་གལ་ཆེན་འཁུར་བ་དང་ནུས་པ་ཆེན་པོ་ཧུར་ཐག་འདོན་དགོས། ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ཟབ་སྦྱོང་མཐིལ་རྟོགས་ལ་འབད་བརྩོན་བྱས་ཏེ་སློབ་སྦྱོང་གཏིང་ཟབ་དང་། རྒྱུན་ཆད་མེད་པར་སློབ་སྦྱོང་། སྙིང་རུས་ཆེན་པོས་སློབ་སྦྱོང་། གནད་དོན་བསམ་བཞིན་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བཅས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་དངོས་འབྲེལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
  ཝང་ཅུན་ཀྲེང་གིས་སྡོད་ཁང་འཛུགས་སྐྲུན་གྱི་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པ། གཙོ་གནད་མངོན་གསལ་དོད་པ་དང་ལས་དོན་ཧུར་ཐག་སྤེལ་བ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོར་བར་སྐུལ་འདེད་གཏོང་དགོས། དེའང་ཞབས་ཞུར་དམ་འཛིན་དང་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་བཏང་ནས། སྡོད་ཁང་འགན་ལེན་གྱི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། བདེ་སྡོད་བྱུང་ཚེ་གཞི་ནས་ལས་བརྩོན་ཐུབ་པ་མཐའ་འཁྱོངས་ཀྱིས་ཁྲོམ་རའི་མཁོ་སྤྲོད་ལེགས་སུ་གཏོང་བ་དང་། འགན་ལེན་རང་བཞིན་གྱི་སྡོད་ཁང་མཁོ་སྤྲོད་མང་དུ་གཏོང་བ། སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། གསར་བརྗེས་ལ་དམ་འཛིན་དང་སྤུས་ཚད་མཐོ་རུ་བཏང་ནས། གྲོང་ཁྱེར་གྱི་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་སྟེ་ཚན་རིག་དང་། ལྗང་མདོག ཞི་མཐུན་འཕེལ་རྒྱས་བཅས་ཀྱི་འདུ་ཤེས་འཛུགས་པ་དང་། གྲོང་ཁྱེར་འཛུགས་སྐྲུན་ལ་ཚད་གཞི་མཐོ་པོས་སྐུལ་འདེད་གཏོང་བ། གྲོང་ཁྱེར་ལ་ཆུ་ཚད་མཐོ་པོས་དོ་དམ་བྱེད་པ་བཅས་བྱས་ནས་ཁོར་ཡུག་མཛེས་སྡུག་ལྡན་པ་དང་། སྐྱེ་ཁམས་བཟང་བ། ཁྱད་ཆོས་མངོན་གསལ་དོད་པ། འཚོ་སྡོད་དང་ལས་ཀར་འཚམ་པ་བཅས་ཀྱི་ས་མཐོའི་གྲོང་ཁྱེར་ཞིག་ཏུ་ཧུར་ཐག་གཏོད་དགོས། གསོ་སྐྱོང་ལ་དམ་འཛིན་དང་ཞན་ཆ་བསལ་ནས། གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་དང་ཞིང་འབྲོག་ཁུལ་གྱི་སྡོད་ཁང་ཆ་རྐྱེན་ལེགས་སུ་ཤུགས་ཆེན་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་མགྱོགས་པོ་བཅས་བྱས་ཏེ། གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། སྙོམས་སྒྲིག་སྟངས་འཛིན་ལ་དམ་འཛིན་དང་ཉེན་ཁ་སྔོན་འགོག་བྱས་ནས། ས་ཁང་ཐོན་ལས་ཁྲོམ་ར་འཁོར་རྒྱུག་བརྟན་པོ་ཡོང་བ་རྒྱུན་འཁྱོངས་དང་། ས་རིན་དང་། ཁང་པའི་གོང་ཚད། སྔོན་དཔག་བཅས་བརྟན་པོ་ཡོང་བ་མཐའ་འཁྱོངས་བྱས་ནས། སྲིད་ཇུས་ཞིབ་འཇུག་ཡག་པོ་བྱེད་པ་དང་། ས་ཁང་ཐོན་ལས་ཁྲོམ་རའི་སྔོན་དཔག་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ། ས་ཁང་ཐོན་ལས་ལས་རིགས་འཁོར་རྒྱུག་བཟང་པོ་དང་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བཅོས་སྐྱོང་ལ་དམ་འཛིན་དང་མཐའ་ཚད་འགན་ལེན་བྱས་ནས། སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བདེ་འཇགས་མཐའ་གཅིག་ཏུ་བསྲུངས་བ་དང་། སྡོད་ཁང་དང་གྲོང་ཁྱེར་དོ་དམ་འདུ་འགོད་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བཅོས་སྐྱོང་བྱ་སྤྱོད་དང་སྡོད་ཁང་འཛུགས་སྐྲུན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། གྲོང་ཁྱེར་དོ་དམ་སྒྲིག་བཀོད་འཁོར་སྐྱོད་བདེ་འཇགས་དང་དོ་དམ་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
  རྩོམ་སྒྲིག་པ། སངས་སྐྱབས།