གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་དང་གྲོས་མོལ་གནང་བ།

སྤེལ་དུས 2018-06-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། རྡོ་རྗེས་བསྒྲིགས།

          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༧ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲར་པ་ཡེ་ཧྥུ་དང་གྲོས་མོལ་གནང་ཡོད་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་མགྲིན་དབྱངས་གཅིག་གྱུར་ཐོག་ཀྲུང་གོ་དང་ཧ་སག་སི་ཐན་བར་གྱི་སྲོལ་རྒྱུན་མཐུན་ལམ་སྲ་བརྟན་གཏོང་བ་དང་། མི་རིགས་སྐྱར་དར་གྱི་རྒྱང་སྐྱོད་ལམ་བུའི་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་རྒྱུའི་གཏན་འབེབས་གནང་ཡོད་པ་རེད།
          ཞི་ཅིན་ཕིང་གིས། ཧ་སག་སི་ཐན་ནི་ཀྲུང་གོའི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ལ། ཤུགས་རྐྱེན་ལྡན་པའི་ས་ཁུལ་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཀྱང་ཡིན། ཀྲུང་ཧ་འབྲེལ་བ་དེ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་གྲོགས་འབྲེལ་བའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཀྲུང་གོས་ཧ་སག་སི་ཐན་དང་མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་སྐྱོང་བྱེད་རྒྱུའི་འགྲོ་ལམ་ཐོག་སྔོན་དུ་སྐྱོད་ནས། མིའི་རིགས་ཀྱི་སྔར་བས་འོད་སྣང་ལྡན་པའི་འབྱུང་འགྱུར་གཏོད་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་འདོད་ཡོད། ང་རང་ནས་སྐུ་ཉིད་དང་ལྷན་དུ་ཀྲུང་ཧའི་མཛའ་གྲོགས་བྱ་བཞག་གི་གྲུ་གཟིངས་ཆེན་པོ་འདིའི་ཁ་ལོ་སྒྱུར་བ་དང་ལམ་སྣེ་ཁྲིད་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

          ཞི་ཅིན་ཕིང་གིས། ང་རང་ནས་ང་རང་གི་གྲོགས་པོ་རྙིང་པ་ཙུང་ཐུང་ན་ཀྲ་པ་ཡེ་ཧྥུ་མཆོག་དང་མཇལ་མོལ་ཞུ་བར་དགའ་ཚོར་ཆེན་པོ་བྱུང་ཞིང་། སྐུ་ཉིད་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་མ་ཟད་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཆིན་ཏའོ་དབུ་ཚོགསལ་་ཕེབས་ཞུགས་གནང་བར་དགའ་བསུ་ཞུ་རྒྱུ་ཡིན། ན་ནིང་ང་རང་ནས་ཧ་སག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་ཞུ་རིང་། ང་ཚོས་མཇལ་མོལ་ཞུས་ནས། ཕྱོགས་གཉིས་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་གོང་འཕེལ་གཏོང་རྒྱུ། དེ་བཞིན་ཐུན་མོང་ཐོག་སེམས་འཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོང་འཆར་བརྗེ་རེས་གཏིང་ཟབ་ཞུས་པ་དང་། གལ་ཆེའི་ངོས་འཛིན་གཅིག་གྱུར་རབ་དང་རིམ་པ་བྱུང་སོང་། ང་རང་ནས་གལ་ཆེའི་ངོས་འཛིན་གཅིག་གྱུར་བྱུང་བ་དེ་དག་རེ་རེ་བཞིན་དོན་འཁྱོལ་བྱུང་བ་མཐོང་བས་དགའ་ཚོར་ཆེན་པོ་བྱུང་། ཀྲུང་ཧ་བར་ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནས་བཟུང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔ་བར་ཕྱི་གསུམ་དུ་ཆུ་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བ་དང་། ཕྱོགས་གཉིས་པོའི་མཐོ་རིམ་འགྲོ་འོང་ཟབ་ཏུ་ཕྱིན་པ། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཧ་ཅང་བརྟན་པོ་ཡོད་པ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་གྲུབ་འབྲས་ཆེ་བ་བཅས་ཡིན། རྒྱལ་སྤྱིའི་རོགས་ལས་ཕན་ནུས་ཆེ་ལ་རྒྱུན་ཆད་མེད་ཅིང་། ཕན་ཚུན་སྲོག་ཤིང་ཁེ་ཕན་གནད་དོན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ང་ཚོ་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་གཉིས་པོས་ཕར་ཕྱོགས་ཀྱི་བརྟན་ལྷིང་གོང་འཕེལ་དང་དར་རྒྱས་དེ་རང་ཉིད་གོང་འཕེལ་གཏོང་བའི་གོ་སྐབས་བཟང་པོར་བརྩི་བ། ཁྱོན་ཡོངས་ནས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་ཕྱོགས་གཉིས་པོའི་ཐུན་མོང་གི་རེ་འདུན་ཡིན། ང་རང་ནས་ཀྲུང་ཧ་འབྲེལ་བའི་གོང་འཕེལ་མདུན་ལྗོངས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་གསུངས།
          ཞི་ཅིན་ཕིང་གིས། ཀྲུང་གོའི་ཕུགས་འདུན་དང་ཧ་སག་སི་ཐན་གྱི་ཕུགས་འདུན་གཉིས་ཀས་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་འདུ་ཤེས་དང་དེ་བཞིན་ང་ཚོས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་དོན་གཉེར་བྱེད་པའི་འདུན་པ་མངོན་ཡོད། ཀྲུང་གོའི་ཕྱོགས་ནས་སྔར་རྒྱུན་བཞིན་ཧ་སག་སི་ཐན་ཕྱོགས་ཀྱི་ཕྱི་ནང་སྲིད་ཇུས་ལ་རྒྱབ་སྐྱོར་ཞུ་གི་ཡོད་ཅིང་། ཧ་སག་སི་ཐན་ཕྱོགས་དང་སྟོབས་ཤུགས་ངན་པ་གསུམ་ལ་རྡུང་རྡེག་གཏོང་རྒྱུ་སོགས་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས།
          ཞི་ཅིན་ཕིང་གིས། ཀྲུང་ཧ་རྒྱལ་ཁབ་གཉིས་པོས་ལོ་ལྔའི་རིང་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་རྒྱུར་གཞིགས་པའི་མཉམ་ལས་གཏིང་ཟབ་པ་དང་། ཕན་ཚུན་སྐུལ་འདེད་ཐེབས་པའི་དུས་མཚམས་སུ་སླེབས་ཡོད། ཕྱོགས་གཉིས་པོས་སྲིད་ཇུས་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། དར་གོས་ལམ་བུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་རྒྱུ་དང་འོད་སྣང་ལམ་བུའི་དཔལ་འབྱོར་སྲིད་ཇུས་གསར་པ་སྦྲེལ་མཐུད་མཉམ་ལས་འཆར་འགོད་བྱེད་རྒྱུ་དོན་འཁྱོལ་ཡག་པོ་བྱེད་པ། ཐོན་ནུས་དང་། མ་འཇོག དཔལ་འབྱོར་ཉོ་ཚོང་། ནུས་པའི་འབྱུང་ཁུངས། དངུལ་རྩ། ཕན་ཚུན་སྦྲེལ་མཐུད་འཛུགས་སྐྱོང་། ཞིང་ལས། གསར་གཏོད་མཉམ་ལས་བཅས་ལ་སྐུལ་འདེད་གཏོང་བ། མི་ཆོས་རིག་གནས་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་དགོས། ཀྲུང་གོའི་ཕྱོགས་ནས་ཧ་སག་སི་ཐན་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་བྱེད་རྒྱུར་ཤུགས་སྣོན་རྒྱབ་ནས། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་འཛེགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཨེ་ཤ་ཡའི་གླིང་གི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཀྱི་སྤྱི་ཡོངས་མཉམ་ལས་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། དེས་ས་ཁུལ་གྱི་བདེ་འཇགས་དང་གོང་འཕེལ་གྱི་དགོས་མཁོར་ཞབས་འདེགས་སྔར་ལས་ལྷག་པ་ཞུ་ཐུབ་པ་བྱ་འདོད་ཡོད་ཅེས་བསྟན་གནང་ཡོད།
          ན་ཀྲར་པ་ཡེ་ཧྥུས། ཧ་སག་སི་ཐན་ཕྱོགས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་ཞུ་གི་ཡོད་ཅིང་། དེ་ལེགས་གྲུབ་བྱུང་བ་དེས་ཀྱང་ཧ་སག་སི་ཐན་རང་ངོས་ཀྱི་ཁེ་ཕན་དང་མཐུན་རྒྱུའི་ཡིད་ཆེས་ཡོད། ཧ་སག་སི་ཐན་ཕྱོགས་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་ཞུ་གི་ཡོད་ཅིང་། སྟོབས་ཤུགས་ངན་པ་གསུམ་ལ་སེམས་ཐག་གཙང་བཅད་ཀྱིས་རྡུང་རྡེག་གཏོང་བ་དང་། མུ་མཐུད་ནས་ཀྲུང་གོའི་ཕྱོགས་དང་རྒྱལ་སྤྱིའི་བྱ་དོན་ནང་ཕན་ཚུན་རྒྱབ་སྐྱོར་བྱེད་པ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་དང་ཨེ་ཤ་ཡའི་གླིང་གི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་སྒྲོམ་གཞིའི་ནང་མཐུན་སྦྱོར་དམ་ཟབ་བྱེད་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་ལྔའི་གོང་ཧ་སག་སི་ཐན་དུ་ཐོག་མར་གྲོས་འགོ་བཏོན་གནང་བའི་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱིས་རང་ས་ཁུལ་རྒྱལ་ཁབ་ལ་བདེ་སྐྱིད་སྐྲུན་རྒྱུ་རེད།
          ཧ་སག་སི་ཐན་ཕྱོགས་ནས་འོད་སྣང་ལམ་བུའི་དཔལ་འབྱོར་སྲིད་ཇུས་གསར་པ་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སྦྲེལ་མཐུད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཧ་ཀྲུང་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་འདུག 
གྲོས་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་ལ་མཚན་རྟགས་བཀོད་གནང་བ་མ་ཟད། འབྲེལ་ཡོད་ཕྱོགས་གཉིས་མཉམ་ལས་ཐད་ཀྱི་ཡིག་ཆར་མིང་རྟགས་བཀོད་པར་བདེན་དཔང་གནང་ཡོད།
          མིང་རྟགས་འགོད་པའི་མཛད་སྒོ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཐུན་མོང་ཐོག་ཀྲུང་ཧ་གིས་ཐེངས་དང་པོར་མཉམ་སྡེབ་པར་ལེན་བྱས་པའི་གློག་བརྙན་རོལ་དབྱངས་མཁས་པ་ཞེས་པའི་འཁྲབ་སྟོན་པ་གཙོ་བོར་མཇལ་འཕྲད་གནང་བ་མ་ཟད་གློག་བརྙན་གྱི་ནང་དོན་དུམ་བུ་གཟིགས་གནང་ཡོད་པ་རེད། སྤྱི་ལོ་༢༠༡༣ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་ལ་འཚམས་འདྲི་གནང་སྐབས་དང་། ན་ཀྲར་པ་ཡེ་ཧྥུ་སློབ་གྲྭ་ཆེན་མོར་གསུང་བཤད་གནང་སྐབས། འཛམ་གླིང་དམག་ཆེན་གཉིས་པའི་རིང་ཀྲུང་གོའི་རོལ་དབྱངས་མཁས་པ་ཞི་ཤིན་ཧའེ་དང་ཧ་སག་སི་ཐན་གྱི་རོལ་དབྱངས་མཁས་པ་པེ་ཁ་ཏ་མུ་ཧྥུ་གཉིས་མཐུན་ལམ་ཟབ་མོ་ཆགས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་གསུངས་གནང་ཡོད། དེས་ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་གློག་བརྙན་ལས་དོན་པ་རྣམས་ཀྱི་བློ་སྒོ་ཕྱེས་ནས། མཉམ་འབྲེལ་ཐོག་གློག་བརྙན་རོལ་དབྱངས་མཁས་པ་ཞེས་པ་དེ་པར་ལེན་བྱས་ཡོད་པ་རེད།
          གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ཐོག་ན་ཀྲར་པ་ཡེ་ཧྥུར་དགའ་བསུ་ཞུ་བའི་མཛད་སྒོ་སྤེལ་གནང་ཡོད་པ་རེད།