གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཁས་དབང་འཇིགས་མེད་ཐེག་མཆོག་གི་གསུང་འབུམ་འགྲེམས་སྤེལ་མཛད་སྒོ་རེབ་གོང་ནས་བསྡུས་པ།

སྤེལ་དུས 2018-06-11 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རྡོ་རྗེས་བསྒྲིགས།
          ཟླ6པའི་ཚེས10ཉིན།  རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་འགན་སྒྲུབ་བྱས་པའི་མཁས་དབང་འཇིགས་མེད་ཐེག་མཆོག་ལགས་ཀྱི་གསུང་འབུམ་འགྲེམས་སྤེལ་མཛད་སྒོ་རེབ་གོང་རོང་བོ་གྲོང་རྡལ་དུ་གནས་པའི་རེབ་གོང་སྒྱུ་རྩལ་བཤམས་སྟོན་ཁང་ནས་བསྡུས།
མཁས་དབང་འཇིགས་མེད་ཐེག་མཆོག་གི་གསུང་འབུམ་ཞལ་ཕྱེ་བཞིན་པའི་ཚུལ།
          རེབ་འདིའི་འགྲེམས་སྤེལ་མཛད་སྒོའི་སྟེང་རྨ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀླུ་རྒྱལ་ཚེ་རིང་དང་ཁུལ་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པའམ་མཁས་དབང་འཇིགས་མེད་ཐེག་མཆོག་གི་དངོས་སློབ་ཤར་ཚང་བསྟན་འཛིན་འཇིགས་མེད།  རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྷ་སྐྱབས་རྒྱལ།  རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀུན་ཐར་སོགས་འབྲེལ་ཡོད་འགོ་ཁྲིད་དང་།  དགེ་རྒན་ཆེན་མོ་ཀླུ་རྒྱལ་འབུམ་སོགས་སྤྱི་ཚོགས་ལས་རིགས་ཁག་ནས་ཕེབས་པའི་ཆེད་མཁས་པ།  དེ་མིན་ཀིརྟི་དགོན་པའི་དགེ་བཤེས་བཟོད་པ་སོགས་གྲྭ་ས་ཁག་གི་དགེ་བཤེས།  ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་སྐད་ཡིག་གཞུང་སྒྲུབ་ཁང་སོགས་ནས་ཕེབས་པའི་འགན་འཁུར་མི་སྣ།  མཁས་དབང་ཁོང་གི་བུ་སློབ་དང་ཡུལ་མི་བཅས་མི་སུམ་བརྒྱ་ལྷག་ཞུགས་ཡོད།
ཤར་སྐྱབས་མགོན་བརྒྱད་པ་བསྟན་འཛིན་འཇིགས་མེད་མཆོག་གིས་གཏམ་བཤད་གནང་བཞིན་པ།
དགེ་བཤེས་བློ་བཟང་ཆོས་གྲགས་ཀྱིས་གཏམ་བཤད་གནང་བཞིན་པ།
          སྔ་དྲོར་སྤེལ་བའི་མཛད་སྒོ་ཚོགས་འདུའི་སྟེང་ཤར་སྐྱབས་མགོན་བརྒྱད་པ་མཆོག་ནས་རོང་བོ་དགོན་པ་དང་དད་ལྡན་སེར་སྐྱ་ཕོ་མོ་ཡོངས་ཀྱི་ཚབ་བྱས་ཏེ་མཛད་སྒོར་ཤིས་ཚིག་ཕུལ་བ་དང་།  དགེ་བཤེས་བློ་བཟང་ཆོས་གྲགས་དང་དགེ་རྒན་ཆེན་མོ་སངས་རྒྱས་གཉིས་ཀྱིས་མཁས་དབང་ཁོང་ཚང་གི་མཛད་པ་འཕྲིན་ལས་དང་མི་ཚེའི་ལོ་རྒྱུས་སོགས་ཀྱི་ཐད་ནས་གཏམ་བཤད་གནང་ཡོད། 
རྨ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་མགོ་ཁྲིད་ཀྱིས་སངས་རྒྱས་རྒྱ་མཚོར་དཔང་ཡིག་གནང་བ།
ཚོགས་རའི་ཟུར་ཞིག
ཚོགས་རའི་ཟུར་ཞིག
ཁུལ་དཔོན་གཞོན་པ་ཀུན་ཐར་གྱིས་གཏམ་བཤད་གནང་བཞིན་པ།
          གསུང་འབུམ་ཞལ་ཕྱེ་བའི་མཛད་སྒོའི་ཁྲོད་རྨ་ལྷོ་ཁུལ་དཔེ་མཛོད་ཁང་དང་རྨ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་།   རྨ་ལྷོ་ཁུལ་རྟེན་མཛོད་ཁང་བཅས་ཀྱིས་དཔེ་ཆ་ཉར་ཚགས་ཀྱི་བྱ་འགུལ་སྤེལ་ཡོད་པ་དང་།  ཁུལ་དཔོན་གཞོན་པ་ཀུན་ཐར་གྱིས་མཛད་སྒོ་མཇུག་བསྡུ་བའི་གཏམ་བཤད་གནང་ཡོད།
གསུང་འབུམ་དབུ་ཕྱེ་བའི་མཛད་སྒོར་རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་དབང་གྲགས་ཀྱིས་མདོ་འཛིན་བྱས།
          ཟླ6པའི་ཚེས10ཉིན་གྱི་ཕྱི་དྲོར་མཁས་དབང་འཇིགས་མེད་ཐེག་མཆོག་ལགས་ཀྱི་གསུང་འབུམ་དཔྱད་གླེང་ཚོགས་འདུ་བསྡུས་པ་ལ།  གྲྭ་ས་ཁག་གི་དགེ་བཤེས་དང་སློབ་གྲྭ་ཆེན་མོའི་དགེ་རྒན་སོགས་ཀྱིས་མཁས་དབང་ཁོང་གི་མཛད་པ་འཕྲིན་ལས་ལ་གདེང་འཇོག་ཚད་མཐོན་པོ་གནང་བ་མ་ཟད།  ཁོང་གི་བླ་ན་མེད་པའི་རིག་གནས་ཀྱི་སྙིང་སྟོབས་དང་ཐུན་མོང་མ་ཡིན་པའི་རྩོམ་སྟངས་ལ་དཔྱད་བརྗོད་གནང་ཡོད་པ་རེད།
ཀིརྟི་དགོན་པའི་དགེ་བཤེས་བཟོད་པས་གཏམ་བཤད་གནང་བཞིན་པ།
བྱང་ཆུབ་འཇམ་དབྱངས་སྐྱབས་ཀྱིས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་ནང་བསྟན་སློབ་གླིང་གི་བཀའ་བཞིའི་ཡོངས་འཛིན་ཁྲི་སངས་རྒྱས་ཀྱིས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཀུན་དགས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་དགེ་འདུན་གྱིས་གཏམ་བཤད་གནང་བཞིན་པ།
ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆུ་སྐྱེས་དགེ་འདུན་བསམ་གཏན་གྱིས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་ཁྲིམས་འཛིན་སློབ་གྲྭའི་དགེ་རྒན་སྙིང་བོ་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།
ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཤ་བོ་ཚེ་རིང་གིས་གཏམ་བཤད་གནང་བཞིན་པ།
དཔྱད་གླེང་ཚོགས་འདུ་ལ་མཚོ་སྔོན་ནང་བསྟན་སློབ་གླིང་གི་གླིང་གཙོ་ཆུང་བའམ་མཚོ་སྔོན་ཞིང་ཆེན་བོད་ཀྱི་ནང་ཆོས་ཞིབ་འཇུག་ལྟེ་གནས་ཀྱི་ལས་འཛིན་པ་ཁྱམས་ཚང་པདྨ་ལྷུན་གྲུབ་ཀྱིས་མདོ་འཛིན་བྱས།