གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ནང་བསྟན་སློབ་གླིང་གིས་གཟུགས་མེད་ཤུལ་བཞག་སློབ་རར་བསྐྱོད་ཅེས་པའི་བྱེད་སྒོ་སྤེལ་བ།

སྤེལ་དུས 2018-06-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་ལྗོངས་ལ་ལོ་རྒྱུས་རིག་གནས་རིང་པོ་ཞིག་ཡོད་ཅིང་། རིག་གནས་ཀྱི་རྒྱ་ཆེ་ཞིང་གཏིང་ཟབ་ལ་ཁྱད་དུ་འཕགས་པ་ལྡན་ལ། མི་རིགས་ཁག་གི་མི་དམངས་ཀྱིས་མཐའ་ཡས་གངས་ལྗོངས་འཛིན་མའི་ངོས་སུ་དཀྲག་མདངས་མཚར་བའི་གཟུགས་མེད་ཤུལ་བཞག་རིག་གནས་འཛིན་སྐྱོང་དར་སྤེལ་བྱས་ནས་ཐུན་མོང་མ་ཡིན་པའི་མཐོ་སྒང་གི་རིག་གནས་ངོ་མཚར་བ་ཞིག་བཞེངས་བསྐྲུན་མཛད། 
          ཟླ༦པའི་ཚེས༩ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཀྱི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་དར་སྤེལ་ཆེན་པོ་དང་། ཉེ་བའི་ལོ་ཚུན་གྱི་གཟུགས་མེད་ཤུལ་བཞག་རིག་གནས་ལ་སྲུང་སྐྱོང་བྱས་པའི་གྲུབ་འབྲས་ངོམ་སྟོན་གང་ལེགས། གཟུགས་མེད་ཤུལ་བཞག་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་སྐུལ་འདེད་ཧུར་ཐག་བཅས་བྱ་ཕྱིར་དུ། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་སྒྲུབ་གནང་ཞིང་། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དང་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་གཉིས་ཀྱིས་མཉམ་འབྲེལ་ཐོག་སྒྲུབ་འགན་འཁུར་བའི་གཟུགས་མེད་ཤུལ་བཞག་རིག་གནས་སློབ་རར་བསྐྱོད་ཅེས་པའི་གླུ་གར་འཁྲབ་སྟོན་གྱི་དྲིལ་སྒྲོག་བྱེད་སྒོ་བོད་ལྗོངས་ནང་བསྟན་སློབ་གླིང་ནས་སྤེལ་བར་རྒྱ་ཆེའི་སེར་མོ་བ་རྣམས་ཀྱིས་དགའ་བསུ་ཚད་མེད་གནང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་ལྗོངས་ནང་བསྟན་སློབ་གླིང་གི་གླིང་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ལགས་བྱེད་སྒོར་ཞུགས། 

གཟུགས་མེད་ཤུལ་བཞག་རིག་གནས་སློབ་རར་བསྐྱོད་ཅེས་པའི་དྲིལ་སྒྲོག་བྱེད་སྒོའི་ཡུལ་དངོས། 
          བྱེད་སྒོའི་སྟེང་སྲོལ་རྒྱུན་གྱི་གཟུགས་མེད་ཤུལ་བཞག་རིག་གནས་ལས་གླུ་གར་འཁྲབ་སྟོན་དང་། དྲིལ་སྒྲོག་འགྲེམས་པང་། དྲིལ་སྒྲོག་རྒྱུ་ཆ་བཀྲམས་པ་ལ་སོགས་ཀྱི་ལམ་ནས་རྒྱ་ཆེའི་སེར་མོ་བས་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་དགོས་པའི་འགན་འཁྲི་འདུ་ཤེས་ལ་ཡར་སྐུལ་དང་། ཉེ་བའི་ལོ་ཚུན་ལ། བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་གང་ལེགས་ངོམ་སྟོན་བཅས་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་གིས་བོད་ལྗོངས་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་ལ་ཤེས་རྟོགས་དང་དེར་ངེས་ཤེས་འདྲོངས་བསྐྱེད་དུ་བཅུག་སྟེ། མང་ཚོགས་དང་ནང་སྒོས་སུ་རྒྱ་ཆེའི་སེར་མོ་བ་རྣམས་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ལས་ལ་རང་རྟོགས་ཀྱིས་ཞུགས་པའི་འདུ་ཤེས་སྔར་བས་ཇེ་ཆེར་བཏང་བ་རེད། 



གཟུགས་མེད་ཤུལ་བཞག་རིག་གནས་སློབ་རར་བསྐྱོད་ཅེས་པའི་དྲིལ་སྒྲོག་བྱེད་སྒོའི་ཡུལ་དངོས། 
          རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་བསུ་བའི་སྐབས་སུ། བོད་ལྗོངས་ཀྱི་ས་གནས་ཁག་གིས་ཕུན་སུམ་ཚོགས་པའི་གཟུགས་མེད་ཤུལ་བཞག་རིག་གནས། མཛེས་སྡུག་ལྡན་པའི་འཚོ་བ་ཞེས་པ་བརྗོད་གཞིར་བཟུང་སྟེ་མཉམ་གཅིག་ཏུ་མུ་འབྲེལ་དྲིལ་སྒྲོག་བྱེད་སྒོ༨༠ལ་ཉེ་བ་ཞིག་སྤེལ་ཏེ། ཉེ་བའི་ལོ་ཚུན་གྱི་བོད་ལྗོངས་གཟུགས་མེད་ཤུལ་བཞག་རིག་གནས་སྲུང་སྐྱོང་གྲུབ་འབྲས་ངོམ་སྟོན་དང་། གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་སྒྲོག་ཁྱབ་གདལ་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་གཟུགས་མེད་ཤུལ་བཞག་རིག་གནས་སྲུང་སྐྱོང་ལ་དང་དོད་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་རེད། 
          ཤེས་གསལ་ལྟར་ན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཉེ་ལམ་རྣམ་གྲངས༡༣༧བོད་རང་སྐྱོང་ལྗོངས་གཟུགས་མེད་ཤུལ་བཞག་རིག་གནས་སྐོར་ཁག་ལྔ་བའི་ཚབ་མཚོན་རང་བཞིན་གྱི་མིང་ཐོར་བླངས་པ་ལ་དངོས་སུ་ཆོག་མཆན་ཐོབ། ད་སྔ་སྐོར་ཁག་ལྔ་པ་དེར་གཟུགས་མེད་ཤུལ་བཞག་རིག་གནས་ཁྱོན་བསྡོམས༤༦༠ཡོད་ཅིང་། ཚང་མ་བོད་རང་སྐྱོང་ལྗོངས་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་གྱི་མིང་ཐོར་བདམས་ཡོད་པ་རེད།