གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྔ་པའི་ཚེས་ལྔའི་དུས་ཆེན་རིང་འདི་གར་སླེབས་ཚེ་ཧ་ཅང་སྐྱིད་པོ་འདུག

སྤེལ་དུས 2018-06-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
               ད་ལོའི་ཟླ6པའི་ཚེས18ནི་ལྔ་པའི་ཚེས་ལྔའི་དུས་ཆེན་ཡིན་ལ། གྲོགས་པོ་རྣམས་པ། ལྔ་པའི་ཚེས་ལྔའི་དུས་ཆེན་ཇི་ལྟར་རོལ་རྩིས་ཡོད་དམ།  བོད་ལྗོངས་ཀྱི་ས་གནས་འདི་དག་ལ་ཡུལ་སྐོར་དུ་འགྲོ་རྩིས་ཡོད་དམ།
               བོད་ལྗོངས་སུ་བོད་ཀྱི་ལོ་གསར་དང་རྟ་རྒྱུགས་དུས་ཆེན། ཞོ་སྟོན་དུས་ཆེན་སོགས་སྲོལ་རྒྱུན་དུས་ཆེན་ཡིན་ནའང་འདྲ། དེ་མིན་དཔྱིད་གསར་དུས་ཆེན་དང་། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན་སོགས་རྒྱལ་ཡོངས་རང་བཞིན་གྱི་དུས་ཆེན་གང་ཡིན་རུང་་ཐུན་མིན་གྱི་ཁྱད་ཆོས་ལྡན་ལ། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན། གུང་གསེང་སྣ་ཚོགས་སྤྱད་ནས་བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་རྒྱུ་དེ་ནི་དར་སྲོལ་ཞིག་ཏུ་གྱུར་ཡོད་པ་རེད།
               བོད་ལྗོངས་སུ་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཏེ། ཡུལ་ལྗོངས་ལྟེ་བ་མང་པོའི་ཁྲོད། མཛེས་ལྗོངས་ཁག་་ཅིག་གིས་ཡུལ་སྐོར་བ་འབོར་ཆེན་ལྟ་སྐོར་སྤྲོ་གསེང་ལ་བཀུག་ནས་ཡོད།
ནོར་བུ་གླིང་ག

དབྱར་དུས་ཀྱི་ནོར་བུ་གླིང་གར་མེ་ཏོག་སྣ་མང་འདབ་བརྒྱ་ལྷུག་པོར་གྲོལ་ཞིང་མཁའ་དབུགས་དྭངས་ཤིང་གཙང་། 
            ཟླ་ལྔ་པའི་ཚེས་འགོ་ནི་ལྷ་སར་ཆེས་ཡིད་དབང་འཕྲོག་པའི་དུས་སྐབས་ཤིག་ཡིན་ལ། གང་སར་བྱ་བྱེའུ་ཡིས་སྐད་སྙན་སྒྲོག་ཅིང་གནས་གང་སར་གླིང་ཁ་གཏོང་མཁན(སྤྱི་གླིང་སྤྲོ་གསེང་རོལ་རྩེད་གནང་མཁན) མཁན་མང་པོ་ཡོད་པ་མ་ཟད། ལྔ་པའི་ཚེས་ལྔའི་དུས་ཆེན་ཡང་ཐོན་ལ་ཉེ་བ་རེད།
            ནོར་བུ་གླིང་ག་ནི་ལྷན་རྒྱས་འགྲོ་འདོད་ཆེ་བའི་གནས་ཤིག་སྟེ། བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལྟར་ན། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོས་སྲིད་སྐྱོང་པའི་སྐབས་སུ། རྟག་ཏུ་ལུས་ཁམས་སྙུང་གཞིས་གཙེར་པ་དང་།ཚིང་ཚིང་ནགས་ཚལ་སྟུག་པོའི་གནས་མཆོག་འདི་གར་ཆུ་འགོ་དྭངས་ཤིང་གཙང་པ་ཞིག་ཡོད་དེ། རྒྱལ་དབང་སྐུ་ཕྲེང་བདུན་པ་ཉིད་ཀྱིས་ལོ་རེའི་དབྱར་ཁར་འདི་གར་ཁྲུས་གསོལ་གནང་གི་ཡོད་པ་དང་། དེར་གཞིགས་ནས་བོད་སྡོད་ཨམ་བན་གྱིས་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གི་ཚབ་མཛད་དེ་གྲོན་དངུལ་བཏང་ནས་ཆེད་དུ་ཏཱ་ལའི་བླ་མར་ཁྲུས་གསོལ་གནང་རྗེས་ངལ་གསོ་བྱ་སའི་ཕོ་བྲང་མཁོ་འདོན་གནང་པ་དང་། 1851ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པས་ཤར་ཕྱོགས་སུ་ཡང་སྐལ་བཟང་ཕོ་བྲང་སོགས་བཟོ་བཀོད་འཛུགས་བསྐྲུན་གནང་སྟེ་དངོས་སུ“ ནོར་བུ་གླིང་ཁ” ཞེས་པར་མིང་བསྒྱུར་པ་དང་། དེ་ནས་བཟུང་ནོར་བུ་གླིང་ག་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་དབྱར་གནས་ཕོ་བྲང་དུ་གྱུར་པ་རེད།

  ནོར་བུ་གླིང་ག
            མིག་སྔར། ནོར་བུ་གླིང་ཁ་ནི་མི་སེར་དཀྱུས་མས་ཡུལ་སྐོར་དང་སྤྲོ་གསེང་ཁམས་གཡེང་བྱེད་སར་གྱུར་ཡོད་ལ། ལྔ་པའི་ཚེས་ལྔའི་དུས་ཆེན་རིང་། གཉེན་ཉེ་སྤུན་མཆེད་མཉམ་དུ་འདུས་ནས་ངལ་གསོ་གླིང་ག་གཏོང་གི་ཡོད་པ་རེད།
བོད་ལྗོངས་ཉིང་ཁྲིའི་ཀླུ་ནང་གྲོང་བརྡལ། 

ཀླུ་ནང་གྲོང་བརྡལ་གྱི་འཛུལ་སྒོ
            2018 ལོའི་ལོ་འགོར། བོད་ལྗོངས་ཉིང་ཁྲི་ཀླུ་ནང་གྲོང་བརྡལ་གྱི་གྲུབ་འབྲས་ཡག་པོ་ལོན་ཡོད་པ་སྟེ། གྲོང་བརྡལ་དེས2016ལོའི་ཟླ10པའི་ཚེས1ཉིན་ནས་བཟུང་ཚོད་ལྟའི་ངང་གཉེར་སྐྱོང་བྱེད་འགོ་བཙུགས་པ་དང་། 2017ལོའི་ཟླ3པའི་ཚེས28དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཤིང་།  ཟླ15ཙམ་གྱི་དུས་ཚོད་རིང་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་བདམས་པ་རེད།
            ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་བརྡལ་ནི་བོད་ཀྱི་ལྷོ་བྱང་གཉིས་འབྲེལ་ནས་བོད་ཤར་ལྷོའི་ཡུལ་སྐོར་ལམ་ཐིག་རྩེ་གྲ་རུ་གནས་ཡོད་ཅིང་།དེ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་ཆེན་པོའི་ཐོན་ལས་འཕེལ་རྒྱས་གནས་ཤིག་ཏུ་གྱུར་ཡོད་ལ། བོད་འདི་ཉིད་བོད་ཤར་ལྷོའི་ཡུལ་སྐོར་ལམ་ཐིག་རྩེ་གྲ་དང་། འཛམ་གླིང་གི་ཡུལ་སྐོར་དམིགས་ས་ཞིག་ཏུ་འཛུགས་སྐྲུན་བྱེད་པ་གཞོགས་འདེགས་གནང་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་སྣོད་བཅུད་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་གཏན་ཁེལ་གསལ་པོ་གནང་པ་རེད། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་བརྡལ་་གྱི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་བཀྲ་ཤིས་སྒང་གྲོང་ཚོ་སོགས་གྲོང་ཚོ་རྒྱབ་རྟེན་དུ་བྱས་ནས། སྐར་ལྔའི་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཨར་ཁང་ཆེན་པོ་གསུམ་སོགས་གཙོར་བཟུང་ནས་ཉེ་ས་ནས་མཚེའུ་འདམ་ར་ཡུལ་སྐོར་གནང་ཆོག་པ་དང་།བར་དུ་ནགས་ཚལ་ཕྱུགས་ར་སོགས་ཡོད་པ། ཐག་རིང་སར་བརྗིད་ཉམས་ཆེ་ཞིང་ཡིད་དབང་འཕྲོག་པའི་གངས་རི་སོགས་ཡོད་པས། རྒྱ་ཆེའི་ཡུལ་སྐོར་བ་ཚོར“སུའེ་ཙེར་ཐག་རིང་པོ་ཡོད་ནའང་ཀླུ་ནང་ནི་ཉེ་སར་ཡོད་པའི” ཡུལ་སྐོར་མྱོང་རོལ་གྱི་བཀོད་པ་བསྐྲུན་ཡོད་པ་རེད།
བོད་ལྗོངས་ལྷོ་ཁ་མཚོ་སྣ་རྫོང་གི་ལེགས་པོ་རོང་།

མག་མང་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་ཐང་ཆེན་ཐོག་གི་མེ་ཕུང་དགོང་ཚོགས།
            བོད་ལྗོངས་ལྷོ་ཁ་མཚོ་སྣ་རྫོང་གི་ལེགས་པོ་རོང་ནི་རྩི་ཤིང་སྟུག་ཅིང་སྨུག་པས་རི་རྩེ་བཏིམས་པ། ལྷུང་ལྷུང་གི་ཆུ་ཕྲན་བཞུར་པའི་གནས་ཤིག་རེད། དེ་གཏ་མག་མང་མོན་པ་མི་རིགས་ཤང་དང་སླད་མོན་པ་མི་རིགས་ཤང་། ཀོང་རི་མོན་པ་མི་རིགས་ཤང་། སྐྱིད་པ་མོན་པ་མི་རིགས་ཤང་བཅས་འདུས་སྡོད་གནང་ཡོད།
            རྒྱུས་ལོན་བྱུང་ཚུལ་ལྟར་ན། 2013 ལོར་མག་མང་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཆར་འགོད་འགོ་ཚུགས་པ་དང་། 2014 ལོའི་ཟླ3 པར་ལས་འགོ་བཙུགས་སྟེ2015 ལོའི་ཟླ1པོར་དངོས་སུ་སྤྱོད་འགོ་ཚུགས། 2016 ལོར་རྒྱལ་ཁབ་ཀྱི་ཞིང་ལས་པུའུ་ཡིས“ཀྲུང་གོའི་སྤྲོ་གསེང་མཛེས་སྡུག་ལྡན་པའི་གྲོང་གསེབ”ཏུ་བདམས།
            2018ལོའི་ཟླ5པའི་ཚེས1ཉིན་ནས་ཟླ6པའི་ཚེས30ཉིན། བོད་རང་སྐྱོང་ལྗོངས་ཀྱིས“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པ་སྟེ། སའི་གོ་ལའི་མཐའ་སྣེ་གསུམ་པ་མཉམ་དུ་ལོངས་སྤྱོད” ཀྱི་བྱེད་སྒོ་སྤེལ་བའི་རྨང་གཞིའི་ཐོག་བོད་ལྗོངས་ཀྱི་གཞུང་གཉེར་གཙོ་གནད་མཛེས་ལྗོངས་ཁུལ26ལ་ཡུལ་སྐོར་བ་ཉུང་བའི་དུས་སུ་སྒོ་འཛིན་པ་སེའི་རིན་གོང ( རིན་གོང་ཕྱེད་ཀ) བསྡུ་རྒྱུ་ལག་བསྟར་བྱས་ཤིང་། ལེགས་པོ་རོང་ཡང་གཟིགས་སྐྱོང་བྱེད་སྒོ་གྲས་སུ་ཚུད་ཡོད།