གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱ་བོད་ཡིག་གཟུགས་མཁས་ཅན་གྱིས་ལག་གདང་མཉམ་དུ་སྦྲེལ་ནས་ལྷ་སའི་སློབ་མར་“བཀྲ་ཤིས་བདེ་ལེགས་”ཀྱི་སྨོན་འདུན་ཕུལ།

སྤེལ་དུས 2018-06-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
སྐུ་ཞབས་ཝང་ཐའེ་ཡེན་(གཡས)དང་དགེ་རྒན་རྣམ་རྒྱལ་དབང་གྲགས་(གཡོན་)གཉིས་ཀྱི་མཉམ་འབྲེལ་ཡིག་གཟུགས་བརྩམས་ཆོས་“བཀྲ་ཤིས་བདེ་ལེགས་།”
            ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཟླ་6ཚེས་11ཉིན། ལྷ་ས་གྲོང་ཁྱེར་གྱི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་སློབ་རར་སྤེལ་བའི་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་སློབ་འབྲིང་དུ་སྤེལ། བྱེད་སྒོས་ཆེད་དུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ཡིག་གཟུགས་མཁས་ཅན། ཀྲུང་གོའི་མི་བཟང་ཝང་ཐའེ་ཡེན་དང་། ཀྲུང་གོའི་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི། བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་རྣམ་རྒྱལ་དབང་གྲགས་གདན་འདྲེན་ཞུས་ཏེ། ཡིག་གཟུགས་ལ་དགའ་བའི་སློབ་མ་80ལ་ཡིད་དབང་འཕྲོག་པའི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་མཛེས་པ་འགྲེམས་སྟོན་བྱས། 
ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་སློབ་མས་ཡིག་གཟུགས་སློབ་སྦྱོང་བྱེད་བཞིན་པ།
སློབ་མས་རྒྱ་ཡིག་གི་ཡིག་གཟུགས་ལ་སློབ་སྦྱོང་བྱེད་བཞིན་པ།
            སྐུ་ཞབས་ཝང་ཐའེ་ཡེན་གྱིས་ཐོག་མར་སློབ་མ་80ལྷག་ཙམ་ལ་རང་གི་དམིགས་བསལ་གྱི་མི་ཚེའི་ལོ་རྒྱུས་ངོ་སྤྲོད་བྱས། ལོ་ངོ་10ལྷག་གི་རིང་ཝང་ཐའེ་ཡེས་སྤྱི་ཕན་གྱི་བྱ་གཞག་ཆེད་དུ་ཡོད་ཚད་བློས་བཏང་སྟེ་འཚོ་བ་ངན་ངོན་ལ་བསྟེན་ནས་རྒྱུན་འཁྱོངས་བྱས། བབ་ཆགས་པའི་སྐད་ཆའི་ཟུར་ལས་ཡིག་གཟུགས་མཁས་ཅན་ཞིག་གི་རང་ཉིད་ཀྱི་ཡོད་ཚད་བློས་བཏང་བའི་སྙིང་སྟོབས་མངོན་ཡོད་པས། ཚང་མས་ཁོང་ལ་གུས་འདུད་དབང་མེད་བྱེད་པ་དང་རང་དབང་མེད་པར་ཁོང་ལ་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱས། 
སྐུ་ཞབས་ཝང་ཐའེ་ཡེན་གྱིས་སློབ་མ་རྣམས་ལ་བྲིས་པའི་“སློབ་སྦྱོང་ཡག་པོ་བྱས་ནས་ཉིན་བཞིན་ཡར་རྒྱས་ཡོང་བ་བྱེད་དགོས།”
            དེའི་རྗེས་སྐུ་ཞབས་ཝང་ཐའེ་ཡེན་གྱིས་སློབ་མ་ཚོར་རྒྱ་ཡིག་ཡིག་གཟུགས་ཀྱི་འབྲི་རྩལ་ངོ་སྤྲོད་བྱས། ད་ལོའི་མཐོ་འབྲིང་གཉིས་པ་འགྲིམས་བཞིན་ཡོད་པའི་ཚེ་དབང་གིས་གསར་འགོད་པར་བརྗོད་རྒྱུར། རང་ཉིད་རྒྱ་ཡིག་ཡིག་གཟུགས་ལ་ཧ་ཅང་དགའ། དགེ་རྒན་ཝང་ཐའེ་ཡེན་གྱིས་འགྲེལ་བཤད་བརྒྱབ་པ་ཡུལ་དངོས་སུ་ཉན་ཐུབ་པས་གཟི་བརྗིད་ཆེན་པོའི་ཚོར་བ་སྐྱེས། ཚེ་དབང་གིས་བརྗོད་རྒྱུར་“མཐོ་རིམ་སློབ་འབྲིང་སྐབས་སློབ་སྦྱོང་གི་གནོན་ཤུགས་ཤིན་ཏུ་ཆེ། ཡིག་གཟུགས་བྲིས་པས་ངའི་ཡིད་སེམས་ལྷོད་ལ་འབབ་ཐུབ། ད་དུང་ང་རང་གནའ་བོའི་སྙན་ངག་ལ་དགའ། སྤྱིར་བཏང་དུ་ཡིག་གཟུགས་བྲིས་ནས་སེམས་ཀྱི་གནོན་ཤུགས་མར་འཐེན་པ་ཡིན།”
རྣམ་རྒྱལ་དབང་གྲགས་དགེ་རྒན་གྱིས་བོད་ཡིག་ཡིག་གཟུགས་འཁྲབ་སྟོན་བྱེད་བཞིན་པ།
            རྣམ་རྒྱལ་དབང་གྲགས་ནི་ཀྲུང་གོའི་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་དང་། བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ཡིག་ཡིག་གཟུགས་ལ་སློབ་སྦྱོང་གཤིས་ཕྱིན་པ་ཐོབ་ཡོད། འབྲི་རྩལ་ཅུང་ཙམ་ཁྲིད་པས་བོད་ཡིག་ཡིག་གཟུགས་ལ་དགའ་བའི་སློབ་མ་རྣམས་ལ་བློ་བསྐྱེད་ཆེན་པོ་བྱུང་། 
སློབ་མས་ཡིག་གཟུགས་འབྲི་བཞིན་པ།
            སྐུ་ཞབས་ཝང་ཐའེ་ཡེན་དང་རྣམ་རྒྱལ་དབང་གྲགས་དགེ་རྒན་གཉིས་ཀྱིས་སློབ་མ་རྣམས་ལ་བོད་རྒྱའི་ཡིག་གཟུགས་ཀྱི་རིག་གནས་སྤེལ་རེས་བྱས། ད་དུང་དགེ་རྒན་གཉིས་ཀྱིས་མཉམ་འབྲེལ་སྒོས་“བཀྲ་ཤིས་བདེ་ལེགས་”ཞེས་པའི་ཡིག་གཟུགས་བྲིས་ཏེ། ཡུལ་དངོས་ཀྱི་ཡིག་གཟུགས་ལ་དགའ་བའི་སློབ་མ་རྣམས་ལ་སྨོན་འདུན་དུ་ཕུལ་བ་དང་། བོད་རྒྱ་མི་རིགས་ཀྱི་རིག་གནས་མཉམ་འདྲེས་ལ་ཤུགས་བསྣན།
སྐུ་ཞབས་ཝང་ཐའེ་ཡེན་དང་དགེ་རྒན་དབང་གྲགས་རྣམ་རྒྱལ་གཉིས་ཀྱིས་མཉམ་འབྲེལ་སྒོས་བྲིས་པའི་“ལང་ཚོའི་མེ་ཏོག”
            ཡུལ་དངོས་ཀྱི་སློབ་མ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་བརྗོད་རྒྱུར། ཐེངས་འདིའི་ཐོབ་དཀའ་བའི་གོ་སྐབས་དམ་འཛིན་བྱས་ཏེ། སྐུ་ཞབས་ཝང་ཐའེ་ཡེན་གྱི་ཡིག་གཟུགས་ལས་དོན་གྱི་དགའ་ཞེན་དང་སྤྱི་ཕན་བྱ་གཞག་གི་བརྩེ་སེམས་ལ་སློབ་སྦྱོང་བྱས་ནས། ཀྲུང་གོའི་ཡིག་གཟུགས་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྙིང་སྟོབས་རྒྱུད་འཛིན་བྱས་ཏེ། བརྩེ་བ་ཆེན་པོ་བརྒྱུད་སྤྲོད་བྱ་དགོས། 
སྐུ་ཞབས་ཝང་ཐའེ་ཡེན་གྱིས་ཡིག་གཟུགས་སྒྱུ་རྩལ་བཀྲམས་སྟོན་བྱས།