ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཡིག་ཚགས་བརྒྱུད་ནས་བོད་ལྗོངས་ལ་ལྟ་བ། ལྷ་ས་གྲོང་ཁྱེར་གྱིས་ཡིག་ཚགས་དྲིལ་བསྒྲགས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་བ།

སྤེལ་དུས 2018-06-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཡིག་ཚགས་ཀྱི་དྲིལ་སྒྲོག་དང་སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་དང་། ཡིག་ཚགས་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་། ཡིག་ཚགས་རིག་གནས་དར་སྤེལ་དང་། ཡིག་ཚགས་ཀྱི་འདུ་ཤེས་ཆེ་རུ་བཏང་སྟེ་སྤྱི་དམངས་དང་། གྲོང་མི་རྣམས་ལ་ཡིག་ཚགས་ཁྲོད་ནས་བོད་ལྗོངས་ཀྱི་ལོ་རྒྱུས་བདེན་དཔང་དང་། བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་གྱི་བོད་ཀྱི་འཕོ་འགྱུར་ཆེན་པོ་བདེན་དཔང་བྱེད་ཆེད།  ཟླ6པའི་ཚེས14ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་ཡིག་ཚགས་ཅུས་( ཁང་) ཀྱིས་རྒྱལ་སྤྱིའི་ཡིག་ཚགས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་ཕུན་སུམ་ཚོགས་པོ་ཞིག་སྤེལ།

རི་མོ་འདི་ནི་བྱེད་སྒོ་སྤེལ་བའི་ཡུལ་དངོས་སུ་གྲོང་མིས་ས་དེ་གར་བློ་འདྲི་བྱེད་པའི་རྣམ་པ་རེད།
          བྱེད་སྒོའི་སྤེལ་ཡུལ་དུ། འགྲེམས་པང་དང་། བརྙན་དེབ་རེ་རེས་འགྲོ་འོང་བྱེད་བཞིན་པའི་མི་ཚོགས་ཀྱི་ཡིད་དབང་འཕྲོགས་ཏེ་འཚང་ཁ་ཤིག་ཤིག་གིས་རང་འགུལ་གྱིས་ཡིག་ཚགས་ཀྱི་འབྲེལ་ཡོད་ཤེས་བྱར་རྒྱུས་ལོན་དང་འདྲི་རྩད་བྱས་ཤིང་།   ཡུལ་ཐོག་གི་དྲིལ་བསྒྲགས་མི་སྣས་ངང་རྒྱུད་རིང་པོ་དང་ཞིབ་ཚགས་ཀྱི་་སྒོ་ནས་མང་ཚོགས་ལ《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡིག་ཚགས་བཅའ་ཁྲིམས》 སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་གྱི་ལྷ་སར་བྱུང་བའི་ལོ་རྒྱུས་ཀྱི་འགྱུར་བ་འགྲེལ་བཤད་བྱས་ཏེ། དྲིལ་བསྒྲགས་བྱེད་སྒོའི་རྣམ་པ་འཁྲུག་ཆ་དོད་པོ་དང་གོ་རིམ་ལྡན་པ་ཞིག་ཡིན་ཞིང་། རྒྱུན་ཆད་མེད་པར་མི་མང་པོ་བྱེད་སྒོའི་ནང་དུ་ཞུགས།

རི་མོ་འདི་ནི་བྱེད་སྒོ་སྤེལ་བའི་ཡུལ་དངོས་ཏེ། མང་ཚོགས་ཀྱིས་དྲིལ་བསྒྲགས་ཡིག་ཆ་ལེན་བཞིན་པའི་རྣམ་པ་རེད།
          ལྷ་ས་གྲོང་ཁྱེར་ཡིག་ཚགས་ཅུས( ཁང་) ཀྱི་འགན་འཁུར་བ་ཆུང་ཚེ་རིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ད་རེས་ཀྱི་བྱེད་སྒོ་འདི་ནི་ལྷ་ས་གྲོང་ཁྱེར་ཡིག་ཚགས་ཅུས( ཁང་) ཀྱིས་རང་ངོས་ཀྱི་ཡིག་ཚགས་ཁང་དུ་ཉར་ཚགས་པའི་དངོས་ཡོད་དང་འབྲེལ་ནས་བོད་ལྗོངས་ཀྱི་སྤྱི་ཚོགས་གསར་རྙིང་གི་འགྱུར་ལྡོག་གཤིབ་བསྡུར་གྱི་པར་རིས300 ལྷག་ཙམ་ལེགས་འདེམས་བྱས་ཏེ། དྲིལ་བསྒྲགས་འགྲེམས་པང་བཞི་བཟོས་ནས་མང་ཚོགས་ལ་ཁ་ཕྱོགས་ཏེ་དྲིལ་བསྒྲགས་བྱས་པ་དང་། བསྡོམས་པས“གངས་ལྗོངས་ལོ་རྒྱུས་ཀྱི་ཟིན་ཐོར་བཀོད་ནས་གནས་མཆོག་རིག་གནས་རྒྱུན་འཛིན་བྱས། ལས་དོན་ཞབས་ཞུ་ལྟེ་གནས་དང་ལྷ་སའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ”ཞེས་པའི་ནང་དོན་གྱི་འཕྲིན་ཐུང་ཁྲི56ལྷག་བཏང་། “ དེ་རིང་ང་ཚོས་འདིར་ཁྱབ་བསྒྲགས་བྱ་འགུལ་སྤེལ་ཏེགྲོང་མི་ཐེ་ཞུགས་བྱེད་ཚད་ཧ་ཅང་མཐོ་པོ་ཡོད། ང་ཚོས་གོ་སྐབས་འདི་ལྟ་བུ་ཞིག་བརྒྱུད་དེ་གྲོང་མི་མང་ཚོགས་རྣམས་ལ་ལོ་རྒྱུས་ལ་རྒྱུས་ལོན་དང་། ལོ་རྒྱུས་ཀྱི་དཔང་པོ་བྱས་ཏེ་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ40 ཙམ་རིང་བྱུང་བའི་འཕོ་འགྱུར་ཆེན་མཐོང་བར་འཇུག་རྒྱུའི་རེ་བ་ཡོད”ཅེས་ཚེ་རིང་གིས་བཤད། 

རི་མོ་འདི་ནི་སྤེན་པས་དྲིལ་བསྒྲགས་བྱེད་མཁན་གྱི་འགྲེལ་བཤད་ལ་ཉན་བཞིན་པའི་རྣམ་པ་རེད། 
          བྱེད་སྒོ་སྤེལ་ཡུལ་དུ་ལོ77 ལ་སླེབས་པའི་སྤེན་པས་དྲིལ་བསྒྲགས་མི་སྣའི་འགྲེལ་བཤད་ལ་ནན་ཏན་གྱིས་ཉན་བཞིན་ལག་གི་དྲིལ་བསྒྲགས་རྒྱུ་ཆར་ཞིབ་མོས་ལྟ་བཞིན་ཡོད། དེ་རིང་གི་བྱེད་སྒོའི་སྐོར་གླེང་སྐབས། སྤེན་པས“ ཏང་གི་སྲིད་ཇུས་བཟང་པོའི་འོག ལྷ་སར་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་བ་བྱུང་ཞིང་། འགྱུར་ལྡོག་འདི་དག་ཚང་མ་ཡིག་ཚགས་ནང་དུ་བཀོད་ཡོད། དེ་རིང་ཡིག་ཚགས་འདི་དག་ང་ཚོའི་སྤྱིར་བཏང་གི་གྲོང་མིར་འགྲེམས་སྟོན་བྱས་པ་ནི་ཧ་ཅང་ལེགས་ཤིང་། དེ་རིང་གི་འགྲེལ་བཤད་དང་དྲིལ་བསྒྲགས་རྒྱུ་ཆ་བརྒྱུད་དེ་ངས་འདས་སོང་གི་འཚོ་བ་དྲན་བྱུང་ལ། དེ་རིང་གི་མཛེས་སྡུག་ལྡན་པའི་འཚོ་བ་ཡོང་དཀའ་བ་ཡིན་པ་ཡང་ཤེས་བྱུང་། ”ཞེས་བཤད།

རི་མོ་འདི་ནི་ཡུལ་དངོས་སུ་བྱིན་པའི་བྱིས་པའི་དྲིལ་བསྒྲགས་འགུལ་རིས་རེད།
          རྒྱུས་ལོན་བྱུང་བ་ལྟར་ན།  བྱེད་སྒོ་སྤེལ་བའི་ཉིན་དེར་བསྡོམས་པས་ཡིག་ཚགས་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས3000 ལྷག་ཙམ་རིན་མེད་ངང་སྤྲད་དེ་ཡུལ་དངོས་ཀྱི་མང་ཚོགས་མི་ཐེངས་600 ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས།