ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱིས་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོར་ལས་གཞི་ཐོག་མ་ལག་བསྟར་བྱས།

སྤེལ་དུས 2018-06-20 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
འདི་ནི་ཟླ6པའི་ཚེས17ཉིན་ཉི་མ་རྫོང་རོང་དམར་ཤང་གི་མང་ཚོགས་རྣམས་རླངས་འཁོར་ལ་བསྡད་དེ་ལྷ་སའི་ཁྱིམ་གཞིས་གསར་བ་རུ་གནས་སྤོར་བཞིན་པའི་ཚུལ་རེད།
          ཟླ6པའི་ཚེས18ཉིན་སྤྱི་སྤྱོད་རླངས་འཁོར11དང་ཟོང་འཁོར31རིམ་བཞིན་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་དགའ་གྲོང་གྲོང་ཚོ་རུ་འབྱོར་བ་དང་བསྟུན་ནས། བོད་ལྗོངས་ཀྱིས་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོར་ལས་གཞི་ཐོག་མ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་མཚོན། འདི་ནི་སྤྱི་ལེ་སྟོང་ལྷག་བརྒལ་བའི་རྒྱང་བསྐྱོད་ཅིག་ཡིན་ཞིང་། གནས་སྤོར་ཡུལ་ནི་བོད་ལྗོངས་ནག་ཆུ་ས་ཁུལ་ཉི་མ་རྫོང་རོང་དམར་ཤང་གི་འགྱེར་གླིང་སྐྱ་གདུང་གྲོང་ཚོ་དང་གཙང་ཆུ་གྲོང་ཚོ་ཡིན་པ་དང་། ལྷ་ས་གྲོང་ཁྱེར་བར་ལ་སོ་སོར་སྤྱི་ལེ1197དང་སྤྱི་ལེ1247ཡོད། ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི5000ཡན་ཡིན། སྲིད་འཛིན་གྲོང་ཚོ་འདི་གཉིས་ལ་བསྡོམས་པས་ཁྱིམ་ཚང262ཡོད་པ་དང་མང་ཚོགས་མི1102ཡོད། རྒྱུས་ལོན་བྱས་པ་ལྟར་ན། རོང་དམར་ཤང་ནི་ས་བབ་མཐོ་ཞིང་གྲང་ལ་དབྱང་རླུང་དཀོན་པ་དང་ རང་བྱུང་གནོད་འཚེ་མང་པོ་འབྱུང་ཡུལ་ཞིག་ཡིན། དེ་མིན་སྤྱི་བའི་ཞབས་ཞུའི་འཕེལ་རྒྱས་ཆ་རྐྱེན་ཞན་པས། མིའི་རིགས་འཚོ་སྡོད་བྱེད་པར་མི་འཚམ་པར་མ་ཟད། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་བའི་ཁུལ་དུ་གནས་ཡོད་པས། རྒྱལ་ཁབ་ཀྱི་གསར་སྤེལ་གཏན་འགོག་ཁུལ་ལ་གཏོགས་པ་རེད།  །
འདི་ནི་དགའ་གྲོང་གྲོང་ཚོའི་གནས་སྤོར་ས་ཚིགས་ཀྱི་བཟོ་བཀོད་རེད།
འདི་ནི་ཟླ6པའི་ཚེས18ཉིན་དགའ་གྲོང་གྲོང་ཚོའི་མང་ཚོགས(གཡོན)ཀྱིས་ཐག་རིང་ནས་ཡོང་བའི་ཁྱིམ་མཚེས་གསར་བར་ནས་ཆང་འདྲེན་བཞིན་པའི་ཚུལ་རེད།
ལོ81ཡིན་པའི་རྒན་མོ་འདི་ནི་གནས་སྤོར་མང་ཚོགས་ཁྲོད་དགུང་ལོ་ཆེས་ཆེ་བ་ཡིན་ལ་ཁོ་མོའི་ལྷ་སའི་ཁྱིམ་གཞིས་གསར་བ་རུ་བདེ་སྐྱིད་ངང་ཚེ་མཇུག་ལ་རོལ་རྒྱུ་རེད།
ཟླ6པའི་ཚེས17ཉིན་རོང་དམར་ཤང་གི་སྐར་མ་བདེ་མཚོ(གཡས)ཁྱིམ་མི་དང་མཉམ་དུ་གནས་སྤོར་བཞིན་ཡོད་ལ། མངལ་ཆགས་ཡོད་པའི་ཁོ་མོས་ལྷ་ས་ནས་ཕྲུ་གུ་སྐྱེ་རྒྱུ་རེད།