ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

འདར་འགྲིལ་རོལ་དབྱངས་དང་རྐང་ཐང་། སྒར་རྒྱག་སྟེ། ལྔ་བའི་ཚེས་ལྔའི་དུས་ཆེན་གྱི་སྐབས་སུ་མཉམ་དུ་རི་གསོལ་གྱི་དགྱེས་སྟོན་ལ་འགྲོ་བར་ཁྱོད་ཡོད་དམ།

སྤེལ་དུས 2018-06-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།

རི་མོ་འདི་ནི་རི་བོ་སྐུ་བླའི་རི་ཆུའི་ལྗོངས་རྣམ་རེད།  
               ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ལྔ་བའི་ཚེས་ལྔའི་དུས་ཆེན་དུ་རྩྭ་རྩིའི་མེ་ཏོག་རྣམ་པར་རྒྱས་ཤིང་ཀྲུང་ཧྭའི་ས་གཞི་ཀུན་ཏུ་ལྗང་མདོག་གི་ལྭ་བས་གཡོགས།  ཟླ6པའི་ཚེས17 ཉིན། རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་འབྲུག་དབྱིབས་གྲུ་གཟིངས་ཀྱི་འགྲན་སྡུར་དང་། འབྲས་ཆན་སྒྲིལ་ནས་ཐུན་མོང་གིས་ལྔ་བའི་ཚེས་ལྔའི་དུས་ཆེན་བསུ་བའི་དུས་འདིར།  སི་ཁྲོན་ནུབ་བྱང་གི་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་གིས་ལོ་གཅིག་རིང་གི་ཆེས་གཟབ་རྒྱས་ཀྱི་དུས་ཆེན་ཏེ། རྩེ་རྒོད་སྐུ་བླའི་གསོལ་མཆོད་བསུས། བཙན་ལྷ་རྫོང་མི་རིགས་ཁག་གི་མང་ཚོགས800 ལྷག་ཙམ་གྱིས་རྩེ་རྒོད་སྐུ་བླའི་རི་སྒང་དུ་གསོལ་མཆོད་ཀྱི་བྱ་འགུལ་སྤེལ་ཞིང་།  རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་མི་གྲངསཁྲི་4 ཙམ་ཡང་རྩེ་རྒོད་སྐུ་བླར་ཡོང་ནས་རྒྱལ་རོང་བོད་རིགས་ཀྱི་ཡུལ་སྲོལ་ལ་མྱོང་རོལ་བྱས་ཏེ། ས་གནས་དེ་གའི་མང་ཚོགས་དང་གསོལ་མཆོད་ཀྱི་དགྱེས་སྟོན་གྱ་ནོམ་པ་ཞིག་ལ་རོལ་ཏེ་མཉམ་དུ་ལྔ་པའི་ཚེས་ལྔའི་དུས་ཆེན་བསུས།

རི་མོ་འདི་ནི་རྩེ་རྒོད་སྐུ་བླའི་གསོལ་མཆོད་ཀྱི་ཡུལ་དངོས་ཡིན་ཞིང་། ས་གནས་དེ་གའི་བོད་ཀྱི་མང་ཚོགས་ཀྱིས་ཁ་བཏགས་དཀར་པོ་འབུལ་བཞིན་པ།  
               རྩེ་རྒོད་སྐུ་བླའི་གསོལ་མཆོད་ཀྱི་ཡོང་ཁུངས་ལ་བཤད་ཚུལ་འདྲ་མིན་སྣ་ཚོགས་ཡོད་ཅིང་། ས་གནས་དེ་གར་ཁྱབ་རྒྱ་ཆེས་ཆེ་བ་ནི་ལྷ་སྒྲུང་གི་གཏམ་རྒྱུད་ཅིག་ཡིན་ཏེ།  སྡིག་ལྷས་གཞི་བདག་དཔའ་རྣམ་གྱི་མཛེས་སྡུག་ལྡན་པའི་བུ་མོ་བཞི་བོ་བཙན་བཟུང་བྱ་རྒྱུའི་རེ་ངན་བཅངས་པར་ཕ་བུས་དེ་དང་འཐབ་རྩོད་བྱས་ཤིང་། སྡིག་ལྷས་གནམ་ཆུ་བཏང་བ་ན། སྐུ་བླ་རི་ཆེན་པོར་སྤྲུལ་ནས་ཆུ་ཆེན་བཀག་གཅོད་བྱས་པས་ས་གནས་ཀྱི་མང་ཚོགས་ལ་སྲུང་སྐྱོབ་བྱས། ས་གནས་མང་ཚོགས་ཀྱིས་སྐུ་བླ་རི་བོར་སྤྲུལ་བའི་ཉིན་མོ་ནི་ལུགས་རྙིང་གི་ཟླ་ལྔ་པའི་ཚེས་བཞི་ཉིན་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་པས། ལོ་རེའི་་ཉིན་མོ་འདིར་ས་གནས་ཀྱི་མང་ཚོགས་ཀྱིས་ལུས་སུ་གཟབ་མཆོར་སྤྲས་པ་དང་། ལག་ཏུ་མར་དང་། ནས་ཆང་། རྩམ་པ་སོགས་ཀྱི་མཆོད་རྫས་འཁྱེར་ནས་སྐུ་བླའི་དུས་མཆོད་ཀྱི་སྤང་ཐང་དུ་ཡོང་ནས་སྐུ་བླར་གསོལ་མཆོད་གཏོང་བ་ཡིན། ཁོ་ཚོས་དར་ལྕོག་དང་། ཁ་བཏགས། རླུང་རྟ་གཏོར་བ་སོགས་བྱས་ཏེ་ལོ་འདིའི་ནང་ཆར་ཆུ་དུས་སུ་འབབ་པ་དང་ཞིང་ལ་ལོ་ལེགས་སྨིན་པ།  རྒྱལ་ཁབ་དར་རྒྱས་དང་ཞི་བདེ་ཡོང་བའི་སྨོན་ལམ་བཏབ་སྟེ། ཡུལ་དེའི་མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པའི་རེ་བ་བཅོལ་བ་ཡིན། དུས་ཡུན་འདི་ཡང་ས་གནས་དེ་གའི་ནང་མི་མཉམ་འཛོམས་ཀྱི་ཉིན་མོ་ཞིག་ཀྱང་ཡིན་པས། ཚང་མས་སྒོར་གཞས་འཁྲབ་པ་དང་ཟས་མཆོག་མཉམ་རོལ་བྱས་ཏེ་རྣམ་པ་སྤྲོ་སྣང་གིས་ཁེངས་ཡོད།

རི་མོ་འདི་ནི་གསོལ་མཆོད་གཏོང་བའི་རྣམ་པའི་སྟེང་ས་གནས་དེ་གའི་བོད་རིགས་མང་ཚོགས་ཀྱིས་རླུང་རྟ་བསྐུར་ནས་གསོལ་འདེབས་བྱེད་པའི་རྣམ་པ་རེད།  
               ཤེས་རྟོགས་བྱུང་བར་གཞིགས་ན། 2018 ལོར་རྩེ་རྒོད་སྐུ་བླའི་གསོལ་མཆོད་ནི་རྔ་པ་ཁུལ་གྱི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་ཡིན་ཞིང་།  དྲིན་གསོལ་གྱིས་གསོལ་འདེབས་དང་། ཞི་མཐུན་མཉམ་གནས་དང་། མི་རིགས་ཀྱི་བླ་སྲོག་མཉམ་སྐྲུན་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ་གསོལ་མཆོད་འདི་ཟླ6པའི་ཚེས18 ཉིན་བར་རྒྱུན་མཐུད་བྱ་རྒྱུ་རེད།  དུས་ཆེན་གྱི་སྐབས་སུ་བཙན་ལྷ་རྫོང་དུ་ད་དུང་སྐུ་བླའི་རོལ་དབྱངས་དུས་ཚིགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཞིང་། དེར་སི་ཁྲོན་ནུབ་བྱང་གི་་རྒྱལ་རོང་བོད་གཞས་དགོང་ཚོགས་སྐབས་གཉིས་པ་དང་། “སྐུ་བླ་གླུ་རུ་བླངས་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད”ཞེས་པའི་བརྗོད་དོན་འཁྲབ་སྟོན་དང་།  “སྐུ་བླའི་མཚན་མོ” ཞེས་པའི་འདར་འགྲིལ་རོལ་དབྱངས་རུ་ཁག་གི་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་འདུས་ཡོད།  གཞན་ཡང་།  “སྐུ་བླར་བསྐོར་བ་བརྒྱབ་ནས་མི་རིགས་ཀྱི་བླ་སྲོག་མཉམ་བསྐྲུན་བྱེད” ཅེས་པའི་ས་མཐོའི་ཕྱོགས་ངེས་རྐང་ཐང་འགྲན་བསྡུར་དང་མི་སྟོང་སྒར་སྡོད་འདུ་ཚོགས་ཆེན་མོ་སོགས་ཀྱི་བྱེད་སྒོ་མཉམ་དུ་སྤེལ་རྒྱུ་རེད།