ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

2018ལོའི་ཀྲུང་གོའི་འཛམ་གླིང་ཤུལ་བཞག་ཡུལ་སྐོར་ཁྱབ་སྤེལ་མནའ་འབྲེལ(བོད་ལྗོངས)ཚོགས་ཆེན་ལྷ་སར་འཚོག་རྒྱུ་རེད།

སྤེལ་དུས 2018-06-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
           ཟླ6པའི་ཚེས21 ཉིན་གྱི་སྔ་དྲོ། 2018 ལོའི་ཀྲུང་གོའི་འཛམ་གླིང་ཤུལ་བཞག་ཡུལ་སྐོར་ཁྱབ་སྤེལ་མནའ་འབྲེལ(བོད་ལྗོངས)ཚོགས་ཆེན་ལྷ་སའི་གནས་མཆོག་ལྷ་ཡུལ་གླིང་ཆེན་མགྲོན་ཁང་དུ་འཚོག་རྒྱུ་ཡིན་ཞིང་། རྒྱལ་ཡོངས་ཀྱི་འཛམ་གླིང་ཤུལ་བཞག་ས་ཆ་གནས་སའི་ཞིང་ཆེན་ཁག་དང་། ཐད་གཏོགས་གྲོང་ཁྱེར།  རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཡུལ་སྐོར་ཨུ་ལྷན་དང་། མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་གྱི་འཐུས་མི་རྣམས་མཉམ་དུ་འཛོམས་ཏེ་ཐུན་མོང་ཐོག “ཤུལ་བཞག་རྒྱུ་དངོས་དང་ཡུལ་སྐོར”བགྲོ་གླེང་བྱས་ཏེ་མནའ་འབྲེལ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་རེད།

ཕོ་བྲང་པོ་ཏ་ལ། 
           ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་དང་། ལྷ་ས་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ལྷ་ས་གྲོང་ཁྱེར་ཡུལ་སྐོར་ལས་རིགས་ཐད་འཕེལ་རྒྱས་མྱུར་པོ་འགྲོ་བའི་རྣམ་པ་བཟང་པོ་ཐོན་པ་དང་། ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་ཐེངས་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་ལོ་རེ་བཞིན་ཆེ་རུ་ཕྱིན་ཏེ།  ཡུལ་སྐོར་ལས་རིགས་དེ་ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་སུ་འགྲོ་བར་སྐུལ་ཁྲིད་ཀྱི་སྟོབས་ཤུགས་གལ་ཆེན་དང་ལྷ་ས་གྲོང་ཁྱེར་གྱི་གཟུགས་བརྙན་འགྲེམས་སྟོན་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད།.
           ད་ཐེངས་ཀྱི་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་གསར་པ་དང་། ཐབས་ལམ་གསར་པར་བརྟག་སྟེ། ཐུན་མོང་སྒོས་བསམ་ཕྱོགས་གསར་འབྱེད་དང་། ཐུན་མོང་ཐོག་སྤུས་རྟགས་གསར་གཏོད། ཐུན་མོང་ཐོག་སྟོབས་ཤུགས་ཇེ་མཐོར་དང་ཁ་ཕྱོགས་ལ་ཞིབ་འཇུག་བྱས་ཏེ་ཐུན་མོང་ཐོག་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ནས། “ འཛམ་གླིང་ཤུལ་བཞག་སྲུང་སྐྱོང་ལ་སྐུལ་འདེད་དང་། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་སྐུལ་སྤེལ་གཏོང་དགོས“པའི་ལོ་ལེགས་འབྱུང་ཐུབ་པ་མངོན་འགྱུར་བྱེད་དགོས། 

ནོར་བུ་གླིང་ག 
           རྒྱལ་ཁབ་ཀྱི་རིག་གནས་དང་ཡུལ་སྐོར་པུའུ་རྒྱལ་སྤྱི་སིའི་སྐོར་ཞིབ་པ་ཀྲང་ཤིས་ལུང་གིས་མཚམས་སྦྱོར་བྱས་པ་ལྟར་ན། 2015ལོའི་ཟླ10པའི་ཚེས9ཉིན། ཀྲུང་གོའི་འཛམ་གླིང་ཤུལ་བཞག་ཡུལ་སྐོར་ཁྱབ་སྤེལ་མནའ་འབྲེལ་བཙུགས་ཤིང་། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི“ མནའ་འབྲེལ་གྱི་གྲངས་ཀ་དྲིལ་བསྒྲགས་བྱེད་ཚད་རྒྱ་ཆེར་གཏོང་བ་དང་།  ས་གནས་ཁག་གིས་ས་གནས་རང་གི་མངོན་སུམ་གྱི་གནས་ཚུལ་དང་འབྲེལ་ནས་མཐོང་རྒྱ་ལྷུག་ཏུ་གཏོང་བ་དང་། ས་ཁོངས་ལས་བརྒལ་བ་དང་། ཡུལ་ཁོངས་ལས་བརྒལ་བ།  རིམ་པ་མང་བ།  རྣམ་པ་མང་བ་ཅན་གྱི་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་མནའ་འབྲེལ་ཁག་གཅིག་འཛུགས་པར་མཛུབ་སྟོན་དང་སྐུལ་འདེད་གཏོང་དགོས་ཏེ། དཔེར་ན་འཛམ་གླིང་ཤུལ་བཞག་དང་། རིག་གནས་ཀྱི་གནས་མཆོག་སོགས་ཀྱི་ཁྱབ་སྤེལ་མནའ་འབྲེལ་དྲིལ་བསྒྲགས” ཀྱི་སྙིང་སྟོབས་ལྟ་བུར་ས་ཁོངས་ལས་བརྒལ་བའི་མཉམ་ལས་ཚོང་གཉེར་སྤེལ་དགོས།  ཀྲུང་གོའི་འཛམ་གླིང་ཤུལ་བཞག་གི་ཡུལ་སྐོར་ཁྱབ་སྤེལ་མནའ་འབྲེལ་གྱི་དམིགས་ཡུལ་ནི་ཀྲུང་གོའི་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་དང་། ཀྲུང་གོའི་འཛམ་གླིང་ཤུལ་བཞག་སྲུང་སྐྱོབ་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཤུལ་བཞག་དང་ཀྲུང་གོའི་ཡུལ་སྐོར་གྱི་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་འཛམ་གླིང་ཤུལ་བཞག་གི་ཡུལ་སྐོར་ཁྱབ་སྤེལ་མནའ་འབྲེལ་གྱིས་ཀྲུང་གོའི་འཛམ་གླིང་ཤུལ་བཞག་གནས་ཡུལ་དང་འཛམ་གླིང་ཤུལ་བཞག་ཡུལ་སྐོར་མཛེས་ལྗོངས་ཁུལ་མཉམ་འགུལ་ཐད་གཞོལ་ཏེ། མཉམ་འབྲེལ་ཐོག་ཀྲུང་གོའི་འཛམ་གླིང་ཤུལ་བཞག་གི་ཡུལ་སྐོར་ཐོན་རྫས་ལམ་ཐིག་མཉམ་གཤིབ་ཀྱིས་གོ་ལ་ཧྲིལ་པོར་ཁྱབ་གདལ་གཏོང་བ་གསར་གཏོད་བྱས་ཏེ། རྒྱལ་ཡོངས་ཀྱི་ཤུལ་བཞག་གནས་ཡུལ་སོ་སོར་སྟེགས་བུ་དང་སྐར་ཁུང་གལ་ཆེན་འདོན་སྤྲོད་བྱས།  མནའ་འབྲེལ་ནི་འགྲེམས་སྟོན་སྟེགས་བུ་དང་སྐར་ཁུང་ཞིག་ཡིན་ལ། མཛེས་ལྗོངས་ཁུལ་དང་ཡུལ་སྐོར་ལས་དོན་ཁང་གིས་སྟེགས་བུ་འདི་བེད་སྤྱད་དེ་མཉམ་འབྲེལ་སྒོས་ཡུལ་སྐོར་བགྲོད་ལམ་རྩེ་གྲ་དར་སྤེལ་བྱས་ཏེ།  རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་ཕྱོགས་མང་པོ་དང་མཐོང་སྣེ་མང་པོའི་ཐད་ནས་བོད་ལྗོངས་ཀྱི་རིག་གནས་དང་ལོ་རྒྱུས་ལ་རྒྱུས་ལོན་བྱེད་དུ་བཅུག་ཆོག