ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལུགས་གསོ་རིག་གི་ལོ་རྒྱུས་རྒྱུན་འཛིན་དང་འཕེལ་རྒྱས།

སྤེལ་དུས 2018-06-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
    
བོད་ཀྱི་གསོ་རིག་ཀུན་བཏུས།
              གངས་རིས་སྦྲེལ་བའི་མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཆ་སྙོམས་ཀྱི་ས་བབ་མཐོ་ཤོས་ཡིན་པའི་ས་མཐོ་ཞིག་ཡིན་ཞིང་། འདིར་གསོ་རིག་སྡེའི་ཁྱད་མཚར་བའི་བོད་ལུགས་གསོ་རིག་ཡོད་པ་དང་། དེས་བོད་མི་རིགས་ཀྱི་རྒྱུན་རིང་བོའི་ལོ་རྒྱུས་དང་རིག་གནས་འཁུར་ཡོད། དེས་ལོ་ངོ་སྟོང་ཕྲག་མང་པོའི་འཕེལ་རྒྱས་དང་རྒྱུན་འཛིན་བརྒྱུད་དེ་དེའི་ངོ་མཚར་ཆེ་ཚུལ་ལ་དེ་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཁས་ལེན་ཐོབ་ཡོད།
བོད་ལུགས་གསོ་རིག་གི་ལོ་རྒྱུས།
              ཉེ་བའི་ལོ་ཤས་རིང་། ཀྲུང་ལུགས་གསོ་རིག་སྨན་རྫས་ལ་ཕྱི་རྒྱལ་དུ་རིམ་བཞིན་དོ་ཁུར་དང་ཁས་ལེན་གནང་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་གཅེས་ནོར་ཡིན་པའི་ཆ་ནས། ཀྲུང་ལུགས་གསོ་རིག་གིས་ལྟ་བ་དང་། ཉན་པ། འདྲི་བ། བརྟག་པ། སྐམ་ཁབ་རྒྱག་པ། འཕུར་མཉེད་གཏོང་བ། སྨན་ཇ་དང་། སྨན་ཆང་། རྩ་རླུང་ཐའེ་ཅི་སོགས་ཀྱི་བཅོས་ཐབས་བརྒྱུད་དེ་ནད་པའི་ནད་སེལ་ཏེ་བདེ་ཐང་ཡོང་བ་བྱས་ཤིང་། དེས་ཀྲུང་ཧྭ་མི་རིགས་ཀྱིས་དུས་ཡུན་རིང་པོར་ནད་རིམས་དང་འཐབ་རྩོད་བྱས་པའི་བརྒྱུད་རིམ་བཀོད་ཡོད།
              གནའ་བོའི་དུས་སྐབས་སུ། མཚོ་བོད་ས་མཐོར་འཚོ་བའི་བོད་མི་རིགས་ཀྱི་མེས་པོ་རྣམས་ཀྱིས་རང་བྱུང་ཁམས་འཐབ་རྩོད་བྱ་བའི་ཁྲོད་རིམ་བཞིན་སྐྱེ་དངོས་དང་། གཏེར་དངོས་ཀྱི་གཤིས་ནུས་དང་དེའི་སྨན་བཅོས་ཀྱི་ནུས་པར་རྒྱུས་ལོན་བྱུང་བ་དང་། རྔོན་རྒྱག་པའི་གོ་རིམ་ཁྲོད་ཡང་སྲོག་ཆགས་འགའི་སྨན་ནུས་རྟོགས། ངག་རྒྱུན་དུ་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པར། བོད་དུ“དུག་ཡོད་ན་སྨན་ཡོད”པའི་བཤད་ཚུལ་ཡོད་ཅིང་། སྤྱི་ལོའི་དུས་རབས་བརྒྱད་པར། བོད་ལུགས་གསོ་རིག་གིས་མི་ལུས་མངལ་སྦྲུམ་རིག་པ་བའི་གསང་བ་ཕྱིར་བརྟོལ་ཏེ་ཏར་ཝུན་གྱི་སྐྱེ་དངོས་འཕེལ་འགྱུར་སྨྲ་བའི་ལས་ལོ་བརྒྱ་ཕྲག་ཁ་ཤས་ཀྱིས་སྔ་བ་ཡོད། དུས་རབས་བཅུ་བདུན་པར། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བས་བོད་ལུགས་གསོ་རིག་བྱ་གཞག་གོང་དུ་སྤེལ་བར་གཙིགས་མཐོང་ཆེན་པོ་བྱས་ཤིང་། ཁོས་རི་མོ་བ་མང་པོར་གསོ་རིག་གི་ཚོན་མདངས་ཐང་ག་འབྲི་བར་རྩ་འཛུགས་བྱས་ཏེ། ལྐོག་གྱུར་གྱི་བོད་ལུགས་གསོ་རིག་གི་གཞུང་ལུགས་དང་ནུས་རྩལ་དང་། བོད་ལྗོངས་ཀྱི་སྲོལ་རྒྱུན་གྱི་ཐང་གའི་རི་མོའི་འབྲི་རྩལ་དང་ཟུང་འབྲེལ་བྱས་ཏེ་ཐད་མཐོང་དང་གསོན་ཉམས་དོད་པའི་བསླབ་གཞིའི་སྣང་བརྙན་དུ་གྱུར་བར་བཅུག
སློབ་གསོའི་མ་ལག
              ད་ཆའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སློབ་གསོའི་མ་ལག་དེ་ལས་རིགས་མཐོ་རིམ་སློབ་གྲྭ་ནས་འབུམ་རམས་པའི་དུས་རིམ་ཡོངས་ཀྱི་སློབ་རམས་པ་གསོ་སྐྱོང་བྱ་བར་ཁེབས་ཡོད་ཅིང་། བོད་ལྗོངས་གསོ་རིག་སློབ་ཆེན་དང་མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་དུ་འབུམ་རམས་པ་གསོ་སྐྱོང་བྱེད་གནས་ཡོད་པ་དང་། ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་། ཀན་སུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་དུ་བོད་ལུགས་གསོ་རིག་འཛིན་གྲྭའི་དངོས་གཞིའི་འཛིན་གྲྭ་བཀོད་སྒྲིག་བྱས་ཡོད་པས། དེང་རབས་ཀྱི་གསོ་རིག་རིག་ཚན་གྱི་གཞུང་ལུགས་མ་ལག་ཆ་ཚང་གྲུབ་ཡོད་པ་རེད།
སྨན་ཁང་འཛུགས་སྐྲུན།
              རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཁེར་ཚུགས་ཀྱི་བོད་སྨན་ཁང94ལྷག་ཡོད་ཅིང་། བོད་རང་སྐྱོང་ལྗོངས་དང་སི་ཁྲོན་ཞིང་ཆེན་བོད་རིགས་ས་ཁུལ་དུ་རྫོང་རིམ་པ་ཡན་གྱི་སྲིད་འཛིན་ཁུལ་མང་ཆེ་བ་ཚང་མར་རང་ཚུགས་ཀྱི་སྨན་རྩིས་ཁང་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དང་བོད་རང་སྐྱོང་ལྗོངས་བོད་སྨན་ཁང་ཚང་མ་ནི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ཡིན།
སྲིད་གཞུང་གི་རོགས་སྐྱོར།
              བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ། བོད་ལུགས་གསོ་རིག་འཕེལ་རྒྱས་སུ་འགྲོ་བའི་རོགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཇེ་ཆེར་བཏང་ཞིང་། བོད་སྨན་གྱི་སྨན་བཅོས་དང་། སློབ་གསོ། ཚན་ཞིབ། ཐོན་ལས་སོགས་ཕྱོགས་གང་ཅིའི་ཐད་དུས་ཡུན་རིང་པོའི་འཕེལ་རྒྱས་ཆེན་པོ་བྱུང་ཡོད། 2013ལོའི་བར་དུ། བོད་ལྗོངས་ཀྱི་ལྗོངས་ཡོངས་སུ་གཞུང་བཙུགས་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞི30ལྷག་ཡོད་པ་དང་། བོད་ལུགས་གསོ་རིག་ལས་ཞུགས་མི་སྣ་མི་གྲངས2232ཟིན་པས། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་ལས་ཁུངས་མི་སྣའི་བསྡོམས་འབོར་གྱི་བརྒྱ་ཆ14.8ཟིན་ཡོད། བོད་ལུགས་གསོ་རིག་འཕེལ་རྒྱས་མགྱོགས་པོ་བྱུང་བ་དེས་ནད་པ་དེ་བས་མང་པོའི་ནད་གཞི་སངས་དྲག་ཏུ་བཏང་།
ཕྱི་ཕྱོགས་སྤེལ་རེས།
              ཉེ་བའི་ལོ་ཤས་རིང་། བོད་ལུགས་གསོ་རིག་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་གཏོང་བའི་དུས་མཚུངས་སུ། བོད་ལུགས་གསོ་རིག་གི་་རིག་གནས་སྤེལ་རེས་ཇེ་མང་དུ་བཏང་སྟེ། བོད་ལུགས་གསོ་རིག་ལ་རྒྱལ་སྤྱིའི་གསོ་བ་རིག་པའི་ལས་རིགས་ཀྱི་དོ་ཁུར་བྱེད་ཀྱི་ཡོད། ལོ་ལྟར་རིགས་མི་འདྲ་བའི་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་རིག་གཞུང་ཚོགས་ཆེན་ཡོད་ཅིང་། དེར་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་བོད་ལྗོངས་སུ་ཕེབས་ནས་བོད་ཀྱི་གསོ་བ་རིག་པར་རྟོག་ཞིབ་བྱས་པར་མ་ཟད། ད་དུང་རྒྱལ་ཁབ་ལ་ལའི་ཕྱི་འགྲིམས་སློབ་མ་བོད་དུ་ཡོང་ནས་བོད་ལུགས་གསོ་རིག་ལ་སློབ་སྦྱོང་བྱས། ཨ་མེ་རི་ཁ་དང་། དབྱི་ཐ་ལི། ཉི་ཧོང་། རྒྱ་གར། ཐེ་ལན་སོགས་ཀྱི་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་བོད་ལུགས་གསོ་རིག་ཞིབ་འཇུག་སྒྲིག་གཞི་བཙུགས་ཏེ། བོད་ལུགས་གསོ་རིག་ལ་དམིགས་བསལ་དུ་ཡོད་པའི་སྨན་བཅོས་ཀྱི་འདུ་ཤེས་དང་ཐབས་ཤེས་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་།