ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སྤྱི་ཚོགས་འགན་བཅོལ་གྱི“འགན་སྲུང་དྲུག་པ”བྱོན་པ་དེས་མི་རེ་རེ་ལ་བདེ་སྐྱིད་བསྐྲུན་ངེས།

སྤེལ་དུས 2018-06-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
                  རྒན་གསོ་དང་སྨན་བཅོས། ལས་ཐོག་རྨས་སྐྱོན། ལས་ཤོར། བུ་བཙའ་བཅས་ཀྱི་འགན་བཅོལ་རྣམ་གྲངས5 ཕུད། སྤྱི་ཚོགས་ཀྱི་འགན་བཅོལ་གསར་པ་ཞིག་སྟེ་ཡུན་རིང་གི་བདག་སྐྱོང་འགན་སྲུང་རིམ་བཞིན་ཀྲུང་གོར་སྤེལ་སྒང་ཡིན་ལ། ནུས་བ་ཉམས་པའི་བགྲེས་སོང་རྣམས་ལ་རྒན་གསོའི་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་རེད།

སྨན་བཅོས་མི་སྣས་ནད་པར་བདག་སྐྱོང་བྱེད་བཞིན་པ། 
                  ལོ་ངོ་གཉིས་ཀྱི་ཡར་སྔོན་ལ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་སློབ་སྟོན་བསམ་འཆར་ཁྱབ་བསྒྲགས་བྱས་ཏེ། ཆིང་ཏའོ་དང་ཧྲང་ཧའེ་སོགས་གྲོང་ཁྱེར15ལ་ཡུན་རིང་ནད་སྐྱོང་འགན་སྲུང་ལམ་ལུགས་ཀྱི་ཚོད་ལྟ་བྱས་ཐོག དུས་ཡུན་རིང་པོར་ནུས་པ་ཉམས་པའི་མི་སྣའི་གཞི་རྩའི་འཚོ་བར་ལྟ་སྐྱོང་དང་སྨན་བཅོས་ནད་སྐྱོང་ལ་མ་དངུལ་དང་ཞབས་ཞུ་འགན་སྲུང་གི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་འདོན་སྤྲོད་འཚོལ་ཞིབ་གནང་པ་རེད། ཉེ་ལམ། ཚོད་ལྟའི་གྲོང་ཁྱེར་ཕུད་པའི་ས་ཁུལ་ཡང་ཡུན་རིང་ནད་སྐྱོང་འགན་བཅོལ་དུ་ནང་འདྲེན་བྱས་པར་སྡོད་དམངས་ཀྱི་དོ་ཁུར་རྒྱ་ཁྱབ་ཐོབ་པ་རེད།
རྒྱལ་ཡོངས་ཀྱི7% གྱི་ཁྱིམ་ཚང་ལ་རྒྱུན་རིང་བདག་སྐྱོང་གནང་དགོས་པའི་བགྲེས་པོ་ཡོད་རེད།
                  པེ་ཅིང་གྲོང་ཁྱེར་ཁྲང་ཕིང་ཆུས་སུ་གཞིས་ཆགས་པའི་སྐུ་ཞབས་ཧན་ལགས་གཟའ་འཁོར་གཅིག་ལྷག་རིང་ཧྲི་ཅིན་ཧྲན་པ་ཅོ་སྡོད་ཁུལ་ལ་ཐེངས་འགར་ཕར་འགྲོ་ཚུར་འོང་བྱེད་དགོས་པ་རེད། ཁོའི་ཨ་ཕ་ན་ནིང་ཟླ་བཞི་པའི་གློ་བུར་ཀླད་ཁྲག་ཤོར་རྗེས་རྒྱུན་པར་སྨན་ཁང་དུ་བསྡད་ཡོད་ཅིང་། “ཨ་ཕའི་གནས་ཚུལ་ཅུང་ཚབས་ཆེ་བ་དང་འཚོ་བ་ཡམ་རང་མགོ་མིན་ཐོན་པའི་ཚོད་ལ་སླེབས་ཡོད་པས། ལམ་སེང་ཁྱིམ་དུལོག་དགོས་པ་དེ་ནི་ང་རང་ཤིན་ཏུ་སེམས་ཁྲལ་ཆེ་བ་ཞིག་ཡིན་ལ། ཇི་ལྟར་བདག་སྐྱོང་ཡག་པོ་བྱེད་དགོས་པའང་མི་ཤེས། ངའི་ཨ་མའི་ལུས་ཕུང་ཡང་དེ་འདྲའི་བདེ་ཐང་མིན་པས། གལ་ཏེ་དུས་ཡུན་རིང་བོར་ཁྱིམ་ནས་བདག་སྐྱོང་བྱས་ན།ཁོ་མོའི་ལུས་ཕུང་ལ་ཤན་ཤུགས་ཐེབས་པར་སེམས་ཁྲལ་ཆེན་པོ་འདུག མིག་སྔར་ཡང་ཤིན་ཏུ་འཚམ་གི་སྡེ་ཚན་གང་ཞིག་ཀྱང་རྙེད་མེད་པ་དང་། སྡེ་ཚན་ཁ་ཤས་ཀྱི་གོང་ཚད་མཐོ་དྲགས་པས་ཁུར་བོ་ཆེན་པོ་ཐོན་འདུག ”སྐུ་ཞབས་ཧན་ལགས་ཀྱིས་གསར་འགོད་པར་དེ་སྐད་བརྗོད་བྱུང་།
                  གསར་འགོད་པས་བཅར་འདྲི་ཁྲོད་ཤེས་རྟོགས་བྱུང་དོན། “ མི་གཅིག་ལས་ནུས་ཤོར་ཚེ་ཁྱིམ་མི་ཡོངས་སྐྱིད་པོ་མེད་པ”དེ་ནི་སྐུ་ཞབས་ཧན་ལྟ་བུའི་ཁྱིམ་ཚང་མང་པོར་འཕྲད་པའི་དངོས་ཡོད་དཀའ་གནད་རེད། འཚོ་བ་རང་མགོ་མི་ཐོན་པའི་བགྲེས་སོང་ཡོད་ཚེ་ཁྱིམ་ཚང་མང་ཆེ་བ་དཀའ་ཚེགས་ཆེན་པོ་འཕྲད་ཡོད་པ་དང་དཔལ་འབྱོར་གྱི་གནོན་ཤུགས་ཇེ་ཆེར་ཕྱིན་པ། ལས་ཀར་ཡང་གནོད་པ་ཐེབས་ཡོད་ཅིང་། ཐ་ན་ཁྱིམ་ཚང་གི་རྣམ་པ་ཡང་བྲེལ་འཚུབ་ཅན་དུ་གྱུར་ཡོད་པ་རེད། མ་ཟད་ཁོ་ཚོས་རྒྱུན་རིང་བདག་སྐྱོང་འགན་སྲུང་མི་འདང་བའི་དབང་གིས་བགྲེས་པོ་མི་ཉུང་བ་ཞིག་ལ་བདག་སྐྱོང་བྱ་དགོས་ཚེ་ཡུན་རིང་སྨན་ཁང་དུ་སྡོད་དགོས་པ་དང་། སྨན་བཅོས་ཐོན་ཁུངས་འབོར་ཆེན་ཟད་གྲོན་དུ་སོང་པའི་ཁར་ཁྱིམ་གྱི་ཁུར་པོ་ཡང་ལྕི་རུ་སོང་ཡོད་འདུག
                  ཀྲུང་གོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བགྲེས་པོའི་འཚོ་བའི་གནས་ཚུལ་ལ་དཔེ་འཐེན་བརྟག་དཔྱད་ཐེངས་བཞི་པའི་གྲུབ་འབྲས་ལས་མངོན་པར་གཞིགས་ན། ཀྲུང་གོའི་ནུས་པ་ཤོར་བ་དང་ངལ་ནུས་ཕྱེད་ཀ་ཤོར་བའི་བགྲེས་སོང་མི་གྲངས་ཁྲི4000ཟིན་པ་དང་། དེའི་ནང་ནས་ནུས་པ་ཉམས་ཚད་ཚབས་ཆེ་བའི་རིགས་ཀྱིས་བསྡུར་ཚད་ངེས་ཅན་ཞིག་བཟུང་ཡོད། དེ་དང་དུས་མཚུངས་སུ། འབྲེལ་ཡོད་བརྟག་ཞིབ་སྙན་ཞུ་ལས་མངོན་པར་གཞིགས་ན། རྒྱལ་ཡོངས་ཀྱི7% གྱི་ཁྱིམ་ཚང་དུ་བགྲེས་སོང་ལ་རྒྱུན་རིང་བདག་སྐྱོང་གི་དགོས་མཁོ་ཡོད་ལ། མིག་སྔར་དངོས་སུ་དང་ལེན་བྱེད་པའི་ནད་གཡོག་མང་ཆེ་བ་ནི་རང་གི་བཟའ་ཟླ་དང་བུ་ཕྲུག་གམ་གཉེན་ཉེ་འདོན་སྤྲོད་བྱེད་ཀྱི་ཡོད་པ་ལས་ཕྱོགས་གསུམ་པའི་ཞབས་ཞུ་ལས་ཁུངས་ཀྱིས་བཟུང་བའི་བསྡུར་ཚད་ཧ་ཅང་ཆུང་བ་རེད།
                  ཀྲུང་གོའི་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་ཅིན་ཝེ་ཀང་གིས་གསར་འགོད་པར། མི་གྲངས་བསྟུད་མར་འཕར་བ་དང་མི་འབོར་བགྲེས་སོང་ཅན་དུ་འགྱུར་བ་ཇེ་མགྱོགས་སུ་ཕྱིན་པ་དང་བསྟུན། ནུས་ཤོར་བ་དང་ངལ་ནུས་ཕྱེད་ཀ་ཤོར་བ། དེ་བཞིན་དྲན་ཤེས་ཉམས་པ། བསམ་པར་བཀག་རྒྱ་ཐེབས་མཁན་གྱི་མི་གྲངས་ད་དུང་སྔར་ལས་ཇེ་མང་དུ་འཕར་ངེས་ཤིང་། ཚོགས་པ་དེ་རིགས་ལ་ཡུན་རིང་ལྟ་སྐྱོང་དང་སྤྱི་ཚོགས་ཀྱི་དགོས་མཁོ་ཟམ་མི་ཆད་པར་འཕར་ཡོད་པས། འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་་བཏང་ནས་འཛུགས་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡོད་རེད།
                  ནུས་པ་ཤོར་བའི་མི་གྲངས་འབོར་ཆེན་ལ་རྒྱུན་རིང་བདག་སྐྱོང་འགན་སྲུང་བྱེད་པའི་ཕྱི་རོལ་ཡུལ་གྱི་དགོས་མཁོར་གཞིགས་ཚེ། ཡུན་རིང་གི་བདག་སྐྱོང་འགན་བཅོལ་ལམ་ལུགས་ཀྲུང་གོར་འགོ་ཚུགས་དགོས་འདུག 2016 ལོར། རྒྱལ་ཡོངས་ཀྱི་གྲོང་ཁྱེར15དང་གཙོ་གནད་ཞིང་ཆེན་གཉིས་ཀྱིས་ཡུན་རིང་ནད་སྐྱོང་འགན་བཅོལ་ལམ་ལུགས་ཀྱི་ཚོད་ལྟ་སྤེལ་འགོ་ཚུགས་པ་དང་། སྤྱི་ཚོགས་ཕན་ཚུན་རོགས་རེས་ཀྱི་ལམ་ནས་མ་དངུལ་གྲབས་གསོག་ བྱེད་སྟངས་འཚོལ་ཞིབ་དང་གསར་འཛུགས་གནང་པ། དུས་ཡུན་རིང་པོར་ནུས་པ་ཤོར་བའི་མི་སྣའི་གཞི་རྩའི་འཚོ་བར་ལྟ་སྐྱོང་དང་གཞི་རྩའི་འཚོ་བར་འབྲེལ་བའི་སྨན་བཅོས་ནད་སྐྱོང་ལ་མ་དངུལ་དང་ཞབས་ཞུ་འདོན་སྤྲོད་བྱེད་པའི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་ཀྱི་འགན་སྲུང་གནང་དགོས་པ་རེད།
                  རྒྱལ་ཡོངས་བགྲེས་སོང་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲུའུ་ཡའོ་ཡིན་གྱིས། ཡུན་རིང་གི་བདག་སྐྱོང་འགན་བཅོལ་ལམ་ལུགས་འཚོལ་ཞིབ་གསར་འཛུགས་གནང་རྒྱུ་ནི་རང་རྒྱལ་གྱི་མི་འབོར་བགྲེས་སོང་ཅན་ལ་ཁ་གཏད་ཧུར་ཐག་བྱེད་པའི་འཐབ་ཇུས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཡུན་རིང་གི་བདག་སྐྱོང་འགན་བཅོལ་ལམ་ལུགས་བཙུགས་པ་དེས་ནུས་པ་ཤོར་བ་དང་ངལ་ནུས་ཕྱེད་ཀ་ཤོར་པའི་བགྲེས་སོང་ལྟ་རྟོག་གི་དགོས་མཁོ་བསྐང་ནས་ཁོ་ཚོའི་འཚོ་བའི་སྤུས་ཚད་མཐོར་འདེགས་བཏང་ཐོག ཚད་ངེས་ཅན་སྟེང་འཚོ་བའི་རང་ཚུགས་དང་མིའི་ཐོབ་ཐང་ལ་རྒྱ་ཐོབ་པ་ཡིན་ལ། བགྲེས་སོང་ཅན་གྱི་ཁྱིམ་ཚང་ཁོངས་མི་དང་ལྷག་པར་དུ་བུ་ཕྲུག་གི་ལྟ་སྐྱོང་གནོན་ཤུགས་ཇེ་ཡངས་སུ་གཏོང་ཐུབ་ཅེས་བསྟན་བྱུང་།
ཆེད་ལས་ཀྱི་ལས་ཀ་དེ་ཆེད་ལས་ཅན་གྱི་མིར་སྤྲོད་པ།
                  “ལོ་ངོ་གཉིས་རིང་འཚོལ་ཞིབ་བྱས་པ་བརྒྱུད། ཡུན་རིང་གི་བདག་སྐྱོང་འགན་བཅོལ་ལམ་ལུགས་ཏེ་ཆིང་ཏའོ་དང་ཧྲང་ཧའེ་སོགས་ཚོད་ལྟའི་གྲོང་ཁྱེར་བཅོ་ལྔ་དང་པེ་ཅིང་། ཧོ་པེ་སོགས་ཚོད་ལྟའི་ས་ཁོངས་མ་ཡིན་པའི་ཞིང་ཆེན་དང་གྲོང་ཁྱེར་ནས་སྤེལ་འགོ་ཚུགས་ཤིང་ཧ་ལམ་མི་གྲངས་ཁྲི4800ཁྱབ་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་འདུག”ཅེས་ཀྲུང་གོའི་མི་དམངས་ཀྱི་བདེ་ཐང་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སིའི་ཙུང་ཚེ་བློ་མཐུན་སུང་ཧྥུའུ་ཞིན་ངོ་སྤྲོད་བྱས་པར་གཞིགས་ན། 2017 ལོའི་ལོ་མཇུག་ཏུ། མི་གྲངས་ཁྲི་7.5 ལས་བརྒལ་བའི་འགན་སྲུང་གི་ཐོབ་ཐང་ལོངས་སྤྱོད་བྱ་ཐུབ་ཡོད་ཅིང་། ཕལ་ཆེར་སྒོར་དུང་ཕྱུར་5.7གྱི་ནད་གཡོག་ཉེན་འགོག་འགན་ལེན་བྱེད་དངུལ་སྐྱིན་ཚབ་སྤྲད་ཅིང་། ཐེབས་རྩའི་གཏོང་སྤྲོད་ཀྱི་བསྡུར་ཚད་70% ལས་བརྒལ་ཡོད་པ། ནུས་ཉམས་མི་སྣ་དང་དེའི་ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་ཇེ་ཡང་དུ་བཏང་པའི་དུས་མཚུངས་སུ། ཚོད་ལྟའི་ས་ཁུལ་གྱི་འབྲེལ་ཡོད་ཐོན་ལས་མ་འཇོག་སྒོར་དུང་ཕྱུར70ཡས་མས་སྐུལ་ཁྲིད་གནང་པ་དང་། མི་གྲངས་ཁྲི4ལྷག་ཙམ་ལས་ཞུགས་ལ་ཐད་ཀར་སྐུལ་འཁྲིད་བྱས་ཏེ་ནད་སྐྱོང་ཞབས་ཞུའི་ལས་རིགས་ཀྱི་ཚོང་ར་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད་ཟེར།
                  2012ལོར། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་སྔོན་ལ་དུས་རིང་སྨན་བཅོས་ནད་སྐྱོང་འགན་བཅོལ་ལམ་ལུགས་བཙུགས་ཡོད་ཅིང་། 2017་ལོ་ནས་བཟུང་ཆིང་ཏའོ་ཡིས་རིག་རྡིབ་ཚབས་ཆེན་གྱི་བགྲེས་པོ་རྒྱུན་རིང་བདག་སྐྱོང་འགན་སྲུང་ཁྱབ་ཁོངས་ནང་བཅུག་པ་རེད། ད་ལོའི་ཟླ4པའི་ཚེས1ཉིན་ནས་བཟུང་། ཆིང་ཏའོ་ཡིས“ཀུན་ཁྱབ་འགན་ཁུར” རྣམ་པ་དང་རིམ་འཕར་ཅན་གྱི་ཡུན་རིང་གི་བདག་སྐྱོང་འགན་བཅོལ་ལམ་ལུགས་ལག་བསྟར་གནང་པ་དང་། སྔར་ཡོད་ཀྱི་དུས་རིང་སྨན་བཅོས་ནད་སྐྱོང་གི་རྨང་གཞིའི་ཐོག གཞི་རྩའི་འཚོ་བར་ལྟ་སྐྱོང་བྱེད་པ་དེ་ལས་བཟོ་པའི་བདག་སྐྱོང་འགན་སྲུང་ཁྱབ་ཁོངས་སུ་བཅུག་པ་རེད། མིག་སྔའི་བར་གྲོང་ཁྱེར་དེའི་བདག་སྐྱོང་འགན་སྲུང་ཐོབ་ཐང་ལོངས་སྤྱོད་ཐུབ་མཁན་མི་གྲངས་ཁྲི5ལྷག་ཡོད་པ་དང་། ནད་སྐྱོང་འགན་བཅོལ་ལ་མ་དངུལ་གཏོང་སྒོ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར15ཙམ་བཏང་པ། ནད་སྐྱོང་ཞབས་ཞུའི་སྒྲིག་གཞི600ལྷག་ཙམ་འཕེལ་རྒྱས་བྱུང་ཡོད་པ་རེད།
                  "ན་ནིང་། ངའི་ཨ་མའི་ནད་གཞི་ཇེ་ལྕིར་སོང་ནས་དབང་པོ་ཡོངས་སུ་ནུས་པ་ཤོར་བས་ཆུ་ཚོད24ཡི་རིང་ཁ་མ་བྲལ་བར་ལྟ་སྐྱོང་བྱེད་དགོས། དེ་སྔོན་ཁྱིམ་དུ་བསྡད་ནས་ལྟ་སྐྱོངབྱས་པ་ཡིན་ལ། ཆེད་ལས་མིན་པའི་དབང་གིས་ཁྱིམ་མི་ཚོར་སེམས་ཤུགས་ཀྱིས་མི་འདང་བ་དང་།བགྲེས་པོ་ཁོ་མོས་ཀྱང་དཀའ་སྡུག་ཆེན་པོ་མྱངས་གི་ཡོད”ཅེས་ ཆིང་ཏའོ་གྲོང་ཁྱེར་གྱི་གྲོང་མི་སྐུ་ཞབས་ཀྲང་གིས་ཕྱིས་སུ་ཁོས་ཡུན་རིང་ནད་སྐྱོང་འགན་བཅོལ་རྟོགས་པ་དང་། ན་ནིང་གི་ལོ་མཇུག་ཏུ་གྲོགས་པོས་ངོ་སྤྲོད་བྱས་པ་བརྒྱུད་། ལའོ་ཧྲན་ཁུལ་ཕན་བདེའི་རྒྱན་ཤོག་ཤར་ཕྱོགས་ བགྲེས་པོའི་སྡོད་ཁང་རྙེད་པ་དང་།སྡོད་གནས་ཀྱི་ཁོར་ཡུག་དང་ཞབས་ཞུར་རྟོག་ཞིབ་གནང་རྗེས། ཁོས་ཨ་མ་ བགྲེས་པོའི་སྡོད་ཁང་འདི་ཚང་ལ་བསྐྱལ་པ་མ་ཟད་ནད་སྐྱོང་འགན་བཅོལ་ལ་རེ་ཞུ་ཕུལ་བ་རེད།"འདི་གར། ཞབས་ཞུ་མཐའ་འཁྱོལ་བ་མ་ཟད་དངུལ་ཡང་མང་པོ་གཏོང་མི་དགོས་ཤིང་། ཆེད་ལས་ཀྱི་ལས་དེ་ཆེད་ལས་ཡོད་མཁན་ལ་སྒྲུབ་བཅུག་ན་བགྲེས་པོ་ཚོར་སྐྱིད་སྣང་ཡོད་པ་དང་། ང་ཚོ་བུ་ཕྲུག་རྣམས་ཀྱི་སེམས་ཡང་བདེ་མོ་གནང་ཆོག”ཅེས་སྐུ་ཞབས་ཀྲང་ལགས་ཀྱིས་དེ་སྐད་བཤད་བྱུང་།
                  2017ལོར།《ཉིང་པོ་གྲོང་ཁྱེར་གྱི་ཡུན་རིང་བདག་སྐྱོང་འགན་བཅོལ་ལམ་ལུགས་ཀྱི་ཚོད་ལྟའི་ཇུས་གཞི》གཏན་འཁེལ་བྱུང་ཡོད་ལ་། ཚོད་ལྟའི་དུས་རིམ་ནང་། ཚོད་ལྟའི་ས་ཁོངས་ནང་ཁུལ་གྱི་གྲོང་ཁྱེར་དེའི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན(སྨན་ཁང་དུ་སྡོད་པའི་སྨན་བཅོས་འགན་བཅོལ་མི་སྣ་མི་གཏོགས)གྱིས་མི་སྒེར་གྱིས་ལོགས་སུ་ཡུན་རིང་གི་བདག་སྐྱོང་འགན་བཅོལ་སྨན་རིན་སྤྲོད་མི་མི་དགོས་པ་དང་། དེའི་ཁྲོད་དུ། ལོ་ན་རྒད་པ་དང་ན་ཚ་བྱུང་པ། དབང་པོར་སྐྱོན་བྱུང་པ་སོགས་ཀྱི་དབང་གིས་ནུས་པ་ཤོར་བའི་རིགས་ལ། ཉིན180 ལས་མི་ཉུང་བའི་སྨན་བཅོས་བྱས་ཚེ། དཔྱད་ཞིབ་བྱས་པ་བརྒྱུད་ནུས་པ་ཤོར་ཚད་ཚབས་ཆེན་གྱི་ཚད་གཞི་དང་མཐུན་པ། འཚོ་བར་རང་མགོ་མི་ཐོན་པ།དུས་ཡུན་རིང་པོར་ནད་སྐྱོང་བྱེད་དགོས་པའི་འགན་བཅོལ་ནང་ཞུགས་མཁན་མི་སྣར་དཔྱད་ཞིབ་སྡོམ་ཚིག་བཞག་པའི་ཟླ་བ་རྗེས་མ་ནས་བཟུང་ཡུན་རིང་གི་བདག་སྐྱོང་འགན་བཅོལ་ཐོབ་ཐང་ལོངས་སྤྱོད་བྱེད་ཆོག
                  མི་རིང་བའི་སྔོན་ལ། ཉིང་པོ་གྲོང་ཁྱེར་གྱིས་ནུས་པ་ཤོར་ཚད་ཚབས་ཆེ་བར་དཔྱད་ཞིབ་བྱས་པའི་ལས་བཟོ་པའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མི་སྣ574་ཡུན་རིང་གི་བདག་སྐྱོང་འགན་བཅོལ་ཐོབ་ཐང་ལོངས་སྤྱོད་བྱེད་འགོ་བརྩམས་པ་དང་། ཡུན་རིང་གི་བདག་སྐྱོང་འགན་བཅོལ་ཐེབས་རྩར་སྒོར་ཁྲི133གཏོང་རྒྱུ་རེད།
                  ཚོད་ལྟའི་གྲོང་ཁྱེར་བཅོ་ལྔ་ལས་ཕུད་པའི་ས་ཁུལ་ཡིན་པའི་ཆ་ནས། པེ་ཅིང་གྲོང་ཁྱེར་གྱིས་ཀྱང་ཉེ་དུས་རིམ་བཞིན་ཡུན་རིང་བདག་སྐྱོང་འགན་བཅོལ་ཁྱབ་སྤེལ་བཏང་ཡོད་ལ། ཉིན་འདི་དག་རིང་། པེ་ཅིན་ཧྲི་ཅིན་ཧྲན་པ་ཅོ་ཁྲོམ་གཞུང་དབྱང་ཀྲོང་ལྷོ་ཕྱོགས་སྡེ་ཁུལ་གྱི་ཁྱིམ་མཚེས་རྙིང་པ་རྣམས་མཉམ་དུ་འདུས་ནས་ཡུན་རིང་བདག་སྐྱོང་འགན་བཅོལ་ལས་དོན་དེ་ཁ་བརྡ་དང་འབྲལ་གྱི་ཡོད་པ་མ་རེད། “སྡེ་ཁུལ་གྱི་རྒྱ་སྒོའི་གློག་རྡུལ་བརྙན་ཤེལ་དང་ཐོག་ཁང་གི་སྒོ་ཆེན་བཅས་སུ་བརྡ་སྦྱོར་བཀྲམ་ཡོད་པ་དང” རྒན་པོ་ཧན་གནས་སའི་སྡེ་ཁུལ་ནི་པེ་ཅིང ཡུན་རིང་གི་བདག་སྐྱོང་འགན་བཅོལ་ལམ་ལུགས་འཚོལ་ཞིབ་ཁྱབ་སྤེལ་ཚོད་ལྟ་བྱ་ཡུལ་གྲས་ཀྱི་གཅིག་ཡིན་ཞེས་ཁོས་གསར་འགོད་པར“ང་ཚོའི་འདི་གར་བགྲེས་པོ་མང་ལ། ལ་ལས་དུས་རྒྱུན་ཕྲུ་གུ་དཀའ་ལས་བཟོས་འདོད་མེད་པར། ལུས་པོས་མི་ཐེག་ཀྱང་རང་ཉིད་ཀྱིས་དཀའ་གནད་སེལ་གྱི་ཡོད་ལ། ད་ལྟ་སྲིད་ཇུས་འདི་ཡོད་ན་ཚང་མས་ཧ་ཅང་དོ་སྣང་བྱེད་ཀྱི་འདུག”ཅེས་བརྗོད་བྱུང་།
                  པེ་ཅིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉིན་ཤས་སྔོན། ཡུན་རིང་བདག་སྐྱོང་འགན་བཅོལ་ལམ་ལུགས་ཀྱི་ཚོད་ལྟའི་ལས་དོན ཧྲི་ཅིན་ཧྲན་ཆུས་ནས་སྤེལ་འགོ་བཙུགས་པ་དང་འབྲེལ《ཧྲི་ཅིན་ཧྲན་ཆུས་ཀྱི་ཡུན་རིང་བདག་སྐྱོང་འགན་བཅོལ་ལམ་ལུགས་ཀྱི་ཚོད་ལྟའི་ཇུས་གཞི(ཚོད་ལྟའི་ལག་བསྟར)》བཏོན།མིག་སྔར། ཧྲི་ཅིན་ཧྲན་ཆུས་ཀྱིས་ཟུར་བརྒྱད་སྲང་ལམ་གྱི་སྡེ་ཁུལ་གཉིས་ཀྱིས་དུད་ཚང་དུ་བསྐྱོད་དེ་དཔྱད་བསྡུར་གཏན་འབེབས་ལེགས་འགྲུབ་ཟིན་ཡོད་ཅིང་། འཆར་གཞི་ལྟར་ན་ལོ་མཇུག་སྔོན་ལ་ཧྲི་ཅིན་ཧྲན་ཆུས་ཡོངས་ལ་ཁྱོན་ཡོངས་ནས་ཚོད་ལྟ་མངོན་འགྱུར་བྱེད་རྒྱུ་དང་།  འགན་བཅོལ་ནང་ཞུགས་མཁན་ཁྲི་48ལས་ནུས་ཤོར་ཚབས་ཆེན་ཡིན་པའི་མི་གྲངས3000ལྷག་ཙམ་གྱིས་བདག་སྐྱོང་ལོངས་སྤྱོད་བྱེད་ཐུབ། ཧྲི་ཅིན་ཧྲན་གྱི་སྲིད་ཇུས་སྤྱི་སྡོམ་བྱས་པའི་རྨང་གཞིའི་ཐོག་གྲོང་ཁྱེར་ཡོངས་སུ་ཁྱབ་གདལ་གཏོང་ཆོག་པ་དང་བསྐྱར་དཔར་བྱས་ཆོག་པའི་ཡུན་རིང་བདག་སྐྱོང་འགན་བཅོལ་ལམ་ལུགས་འཛུགས་རྒྱུ་རེད།
བདག་སྐྱོང་འཇོན་མི་དཀོན་པ་དེ་ཆད་ལྷག་ཆེན་པོ་ཞིག་ཏུ་གྱུར་ཡོད།
                  ཡུན་རིང་བདག་སྐྱོང་འགན་བཅོལ་ལམ་ལུགས་འགོ་ཚུགས་མ་ཐག་ཡིན་པ། ཆེད་མཁས་ལྟར་ན། མིག་སྔར་ལམ་ལུགས་འདི་དང་བགྲེས་པོ་མི་འབོར་ན་རྒས་ཅན་དུ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་གསར་པ་དང་བགྲེས་པོ་མགྱོགས་མྱུར་འཕར་བའི་བདག་སྐྱོང་ཞབས་ཞུ་དང་ད་དུང་འཚམ་ཐུབ་ཀྱི་མེད་པས། དུས་ཐོག་ཏུ་ལམ་ལུགས་ཇུས་འགོད་དང་་ལག་ལེན་འཚོལ་ཞིབ་ལ་ཤུགས་སྣོན་རྒྱག་རྒྱུ་གལ་ཤིན་ཏུ་ཆེ་བར་འདོད།
                  ཀྲུའུ་ཡའོ་ཀིན་གྱིས“འཇོན་མིའི་གནད་དོན་ནི་མིག་སྔར་རང་རྒྱལ་གྱི་རྒན་གསོའི་ཞབས་ཞུའི་འཕེལ་རྒྱས་ལ་བཀག་རྒྱ་ཐེབས་པའི་རྐྱེན་གལ་ཆེན་ཞིག་ཏུ་ཆགས་ཡོད་ལ།ཡུན་རིང་བདག་སྐྱོང་ཆེད་ལས་ཀྱི་ཞབས་ཞུའི་མི་སྣའི་ཁ་གྲངས་ཅུང་ཉུང་ལ་ལོ་ན་ཅུང་ཆེ་བ། རིག་གནས་ཆུ་ཚད་ཅུང་ཞན་པ། ལས་སྒོའི་ནུས་པ་མེད་པ་སོགས་ཀྱི་གནད་དོན་ཡོངས་ཁྱབ་ཏུ་གནས་པ་རེད”ཅེས་བརྗོད་བྱུང་།
                  རྩིས་བརྒྱབ་པ་ལྟར་ན། ནུས་པ་ཤོར་པའི་བགྲེས་པོ་ཁྲི་4000 གཞི་གྲངས་བྱས་ཏེ། 3 : 1 གི་བདག་སྐྱོང་ཞབས་ཞུ་བཀོད་སྒྲིག་ལྟར་ན་ནད་སྐྱོང་མི་སྣ་ཁྲི1000 ལྷག་ཙམ་དགོས་པ་རེད། མིག་སྔར། བདག་སྐྱོང་ཞབས་ཞུ་བའི་དཔུང་ཁག་དཀོན་པར་གྱུར་ཡོད། རྒན་གསོ་ནད་སྐྱོང་མི་སྣ་ལས་གནས་དཔང་ཡིག་ཡོད་མཁན་བརྒྱ་ཆ་10ལ་མི་སླེབས།རྒན་གསོའི་ལས་ཁུངས་མང་ཆེ་བར་བདག་སྐྱོང་པ་གཅིག་སྡུད་ཐོག་ལོ་ཚོད40—50ཡི་བར་ཡིན་ལ། སློབ་གཉེར་བརྒྱུད་རིམ་ནི་མང་ཆེ་བ་དམའ་འབྲིང་མན་དང་། གྲོང་གསེབ་ནས་ཡོང་ཞིང་པ་རེད། ཡིག་ཆ་ལས་མངོན་པ་ལྟར་ན། རྒྱལ་ཡོངས་ཀྱི་སློབ་གླིང10ལྷག་ཙམ་ཏུ་མ་གཏོགས་རྒན་གསོའི་བདག་སྐྱོང་ཆེད་ལས་བཙུགས་མེད་པས་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པ་རེད། ཀྲུའུ་ཡའོ་ཀིན་གྱིས་ཡུན་རིང་བདག་སྐྱོང་འགན་བཅོལ་ལམ་ལུགས་འཛུགས་སྐྱོང་ངེས་པར་དུ་ནད་གཡོག་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་དང་ཕན་ཚུན་མཉམ་འབྲེལ་བྱེད་དགོས་ཤིང་། ནད་སྐྱོང་ཞབས་ཞུ་ལས་གཉེར་མི་སྣའི་ལས་རིགས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། གཏན་འབེབས་ལྟར་ལས་རིགས་སྦྱོང་བརྡར་གྱི་ཁ་གསབ་རོགས་དངུལ་སྲིད་ཇུས་དོན་འཁྱོལ་བྱེད་པ། ཡུན་རིང་བདག་སྐྱོང་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ལམ་སྲོལ་རིམ་བཞིན་འཛུགས་དགོས་པ། ཡུན་རིང་བདག་སྐྱོང་འགན་བཅོལ་ལས་སྒོའི་ཁེ་ལས་རྣམས་ནས་ཀྱང་བདག་སྐྱོང་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཁྲོད་ཞུགས་ནས། ཉེན་འགོག་འགན་ལེན་གྱི་ལས་སྒོ་དང་བདག་སྐྱོང་ཞབས་ཞུ། བདག་སྐྱོང་འཇོན་མི་ཕན་ཚུན་སྐུལ་སྤེལ་བྱེད་པའི་འཁོར་རྒྱུག་བཟང་པོ་ཆགས་དགོས་ལ། བགྲེས་པོར་ཡུན་རིང་བདག་སྐྱོང་ཞབས་ཞུ་མཁོ་སྤྲོད་བྱེད་ནུས་དང་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་ཅེས་ཟེར།
                  མ་དངུལ་གྲབས་གསོག་དང་འགན་འཁྲི་གཏན་འཁེལ། ནུས་ཤོར་བའི་རིམ་པའི་ཚད་གཞི་བཟོ་བ་སོགས་ཀྱང་མིག་སྔའི་ཡུན་རིང་བདག་སྐྱོང་འགན་བཅོལ་ལམ་ལུགས་འཛུགས་རྒྱུ་འཚོལ་ཞིབ་ཐད་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་ཞིག་རེད། དེའི་ཐད་ཅིན་ཝུའེ་ཀང་གིས་མ་དངུལ་གྲབས་གསོག་མ་ལག་རང་ཚུགས་ཅན་ཞིག་རིམ་བཞིན་འཛུགས་དགོས་ལ། མི་སྒེར་གྱི་འགན་བཅོལ་དངུལ་འབབ་འཇལ་སྤྲོད་དང་ནོར་སྲིད་ཀྱི་རོགས་དངུལ། སྨན་བཅོས་འགན་བཅོལ་ཐེབས་རྩ་འོས་འཚམ་གྱིས་སྒྱུར་སྤྲོད། སྤྱི་ཚོགས་ཀྱི་ཞལ་འདེབས་སོགས་ཐབས་ལམ་མང་པོའི་སྒོ་ནས་མ་དངུལ་གྲབས་གསོག་བྱས་ནས་ཐེབས་རྩ་ཡུན་རིང་གཏོང་ཡོང་དོ་མཉམ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་ཤིང་། འགན་འཁྲི་མཉམ་འཁུར་བྱེད་པ། ཁེ་དབང་དང་འོས་འགན་དོ་མཉམ་གྱི་རྩ་དོན་བརྩི་སྲུང་བྱེད་པ། ཕྱོགས་ཁག་གི་མ་དངུལ་གྲབས་གསོག་གི་འགན་འཁྲི་དབྱེ་འབྱེད་ལུགས་མཐུན་བྱེད་དགོས། མི་སྒེར་གྱིས་ངེས་པར་དུ་འགན་བཅོལ་དངུལ་འབབ་འཇལ་སྤྲོད་བྱེད་རྒྱུ་མ་ཟད་འོས་འཚམ་གྱི་ཆུ་ཚད་ཞིག་གཏན་འབེབས་བྱེད་དགོས་པའི་དུས་མཚུངས་སུ། སྲིད་གཞུང་གིས་མ་དངུལ་གཏོང་བའི་ལམ་སྲོལ་བརྟན་པོ་ཞིག་འཛུགས་དགོས་ལ། གང་མགྱོགས་སྒོས་ནུས་པ་ཤོར་བའི་མི་སྣའི་ལས་ནུས་ཤོར་བའི་ཚད་རིམ་དང་ནད་ཞབས་རིམ་པ་འབྲེལ་ཡོད་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་དེ་བཞིན་ཡུན་རིང་གི་བདག་སྐྱོང་འགན་བཅོལ་གྱི་གཏོང་སྤྲོད་ཚད་གཞི་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས་ཟེར།
                  ཀྲུང་གོའི་འགན་བཅོལ་ལས་རིགས་མཐུན་ཚོགས་ཀྱི་དྲུང་ཆེ་ཅིན་ཀའོ་ཡིས་ཀྲུང་གོའི་ཡུན་རིང་གི་བདག་སྐྱོང་འགན་བཅོལ་འཕེལ་རྒྱས་ལ་གང་ཐུབ་ཅི་ཐུབ་ཀྱིས་ཕྱི་རྒྱལ་གྱི་ལོ་མང་པོའི་རིང་གི་ཉམས་མྱོང་དང་། ལྷག་པར་དུ་ནུབ་གླིང་རྒྱལ་ཁབ་སྟེ། དཔེར་ན་འཇར་མན་གྱིས་ལོ110རིང་བསགས་པའི་སྨན་བཅོས་འགན་བཅོལ་གྱི་ཉམས་མྱོང་མཐར་ཡུན་རིང་བདག་སྐྱོང་འགན་བཅོལའཕེལ་རྒྱས་བྱུང་པའི་ཉམས་མྱོང་ནང་འདྲེན་བྱེད་དགོས་ལ། དེ་དང་དུས་མཚུངས་སུ་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་ཏེ། ས་ཁུལ་མི་འདྲ་བར་ཚོད་ལྟ་བྱས་པ་དང་། རྒྱུན་ཆད་མེད་པར་ནོར་བཅོས་བྱེད་པ།ཚོང་ར་ཅན་དུ་འགྱུར་བའི་ནང་རྐྱེན་འཛུགས་པ་དང་། འབྲེལ་ཡོད་ཐོན་ཁུངས་བཀོད་སྒྲིག་ལེགས་པར་བྱེད་པ་བརྒྱུད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཡུན་རིང་བདག་སྐྱོང་འགན་བཅོལ་བྱེད་སྟངས་རིམ་བཞིན་ཆགས་ནས་མི་དམངས་ཀྱི་ཉིན་ལྟར་འཕེལ་བཞིན་པའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་དགོས་ཞེས་འདོད།