གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱལ་ཡོངས་སྲིད་གྲོས་ཀྱིས་དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས་འདོན་སྤྲོད་མ་ལག་གི་སྤུས་ཚད་མཐོར་འདེགས་བྱེད་དགོས་ཞེས་པའི་ཆེད་དམིགས་གྲོས་མོལ་ཚོགས་འདུ་བསྡུས།

སྤེལ་དུས 2018-07-11 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཟླ7པའི་ཚེས10ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས་འདོན་སྤྲོད་མ་ལག་གི་སྤུས་ཚད་མཐོར་འདེགས་བྱེད་དགོས་ཞེས་པའི་ཆེད་དམིགས་གྲོས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས10ཉིན་པེ་ཅིན་ནས་དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས་འདོན་སྤྲོད་མ་ལག་གི་སྤུས་ཚད་མཐོར་འདེགས་བྱེད་དགོས་ཞེས་པའི་ཆེད་དམིགས་གྲོས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། འདོན་སྤྲོད་མ་ལག་གི་སྤུས་ཚད་མཐོར་འདེགས་བྱེད་པ་ནི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ངེས་པར་དུ་མཁོ་བའི་བགྲོད་ལམ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། བཟོད་སེམས་བཅངས་པ། དམིགས་འབེན་ལ་དམ་དུ་དམིགས་པ་བཅས་ཀྱི་སྒོ་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཤུགས་སྣོན་ས་དེ་དངོས་ཕུང་དཔལ་འབྱོར་གྱི་སྟེང་དུ་འཇོག་པ་དང་། འདོན་སྤྲོད་མ་ལག་གི་སྤུས་ཚད་མཐོར་འདེགས་བྱེད་པ་དེ་འབད་ཕྱོགས་གཙོ་བོར་བརྩི་བ། ཁྲོམ་རའི་སྒྲིག་བཀོད་ཐོན་ཁུངས་ཀྱི་ཐག་གཅོད་རང་བཞིན་གྱི་ནུས་པ་ལེགས་པར་འདོན་པ་དང་སྲིད་གཞུང་གི་ནུས་པ་སྔར་ལས་བཟང་པོར་བཏོན་ནས། རང་རྒྱལ་དཔལ་འབྱོར་གྱི་གསར་སྐྲུན་ནུས་ཤུགས་དང་འགྲན་རྩོད་ནུས་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས་ཟེར།
            ཨུ་ཡོན་བཅུ་དྲུག་གིས་ཚོགས་འདུའི་སྟེང་གཏམ་བཤད། ཨུ་ཡོན་རྣམས་ཀྱིས་བལྟས་ན། ཉེ་བའི་ལོ་འགའི་རིང་ལ་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་ནན་མོ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོར་བཙུགས་པ་དང་། དངོས་ཕུང་དཔལ་འབྱོར་དར་རྒྱས་སུ་གཏོང་རྒྱུ་དེ་དཔལ་འབྱོར་བྱ་བའི་འབུར་ཐོན་གོ་གནས་སུ་འཇོག་པ་རྒྱུན་འཁྱོངས་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱས་པས། རང་རྒྱལ་གྱི་དཔལ་འབྱོར་འཕར་སྣོན་བརྟན་བརླིང་དང་གྲུབ་ཚུལ་ལེགས་སྒྲིག ཕན་འབྲས་མཐོར་འདེགས། སྒུལ་ནུས་བརྗེ་སྤོར་བཅས་ཀྱི་རྣམ་པ་བཟང་པོ་བྱུང་བ་ནི་ལས་སླ་བ་ཞིག་མིན། དེ་དང་མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཚམ་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྲིད་ཇུས་མ་ལག ཚད་གཞིའི་མ་ལག གྲུབ་འབྲས་དཔྱད་འཇོག འཇོན་མིའི་རྒྱབ་རྟེན་བཅས་ད་དུང་གྲུབ་མེད་པས། དངོས་ཕུང་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ད་དུང་དཀའ་ངལ་མི་ཉུང་བ་གནས་པ་དང་། འདོན་སྤྲོད་མ་ལག་གི་སྤུས་ཚད་མཐོར་འདེགས་བྱེད་པའི་ལས་འགན་ད་དུང་ཧ་ཅང་ལྕི་བ་ཡང་ཤེས་དགོས་ཟེར།
            རྒྱལ་སྲིད་ཨུ་ཡོན་ཝང་ཡུང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། རྗེས་ཕྱོགས་ཀྱི་བྱ་བ་བཟང་པོར་བསྒྲུབ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ། གསར་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པ། བྱེད་ཐབས་སྣ་མང་སྤྱད་དེ་ཁེ་ལས་ཀྱི་མ་རྩ་ཇེ་དམར་གཏོང་བ། དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོར་འདེགས་བྱེད་པ། འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ཏེ། དངོས་ཕུང་དཔལ་འབྱོར་ཧུར་ཐག་གིས་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས། རང་རྒྱལ་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས་ཟེར།