གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་ས་གྲོང་ཁྱེར་གྱི་དགོན་སྡེ་21དང་གྲྭ་བཙུན་2015ལ་གཟེངས་བསྟོད་གནང་པ།

སྤེལ་དུས 2018-07-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
ལྷ་ས་གྲོང་ཁྱེར་གྱི་2018ལོའི་ལོ་སྟོད་ཀྱི་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་གནང་པའི་པའི་ཚོགས་ཆེན་གྱི་ཡུལ་དངོས།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་7པའི་ཚེས་10ཉིན། ལྷ་ས་གྲོང་ཁྱེར་གྱི་2018ལོའི་ལོ་སྟོད་ཀྱི་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་གནང་པའི་ཚོགས་ཆེན་བསྡུས་ཤིང་། ལྷ་ས་གྲོང་ཁྱེར་གྱི་དགོན་སྡེ་21དང་གྲྭ་བཙུན་2015ལ“ལྷ་ས་གྲོང་ཁྱེར་2018ལོའི་ལོ་སྟོད་ཀྱི་ཞི་མཐུན་དཔེ་བཟང་དགོན་པ”དང“ལྷ་ས་གྲོང་ཁྱེར་གྱི་2018ལོའི་ལོ་སྟོད་ཀྱི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན”གྱི་གཟི་བརྗིད་མཚན་སྙན་གནང་པ་རེད།
          ཚོགས་ཆེན་སྟེང་དེ་འབྲེལ་བཞིན་འབྲས་སྤུངས་དགོན་དོ་དམ་ཨུ་ཡོན་ལྷན་ཁང་སོགས་དགོན་སྡེའི་དོ་དམ་ཨུ་ལྷན་17(ཆེད་མངགས་པའི་སྡེ་ཚན) ལ“2018ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་ཀྱི་སྔོན་ཐོན་དགོན་སྡེའི་དོ་དམ་ཨུ་ལྷན(ཆེད་མངགས་པའི་སྡེ་ཚན)” གྱི་གཟི་བརྗིད་མཚན་སྙན་གནང་པ་དང་། པ་སངས་ནོར་བུ་སོགས་དགོན་སྡེར་བཅའ་སྡོད་ལས་བྱེད་པ་61ལ་“2018ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་དགོན་སྡེར་བཅའ་སྡོད་ཕུལ་བྱུང་ལས་བྱེད་པའི”གཟི་བརྗིད་མཚན་སྙན་གནང་ཡོད་པ་རེད།
གཟེངས་བསྟོད་ཐོབ་པའི་སྔོན་ཐོན་གྲྭ་བཙུན།
          “ང་ཚོས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི‘ཆབ་སྲིད་ཐད་བློས་འཁེལ་ཐུབ་པ་དང་ཆོས་ལུགས་ཐད་ཡོན་ཚད་མཐོ་བ། ཀུན་སྤྱོད་ཐད་ཚང་མས་ཁས་ལེན་པ།འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པའི’བཀའ་གསུངས་བློ་ལ་བརྟན་པོར་ངེས་ནས་བོད་བརྒྱུད་ནང་བསྟན་གྱི‘རབ་ཏུ་བྱུང་རྗེས་རྒྱལ་གཅེས་མི་བརྗེད་པ་དང་། ཉམས་ལེན་བྱེད་དུས་སྲོལ་རྒྱུན་བཟང་པོ་མི་བརྗེད’པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་པ་དང། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། རྒྱལ་གཅེས་ཆོས་གཅེས་མཐའ་གཅིག་ཏུ་སྲུང་པ། རྒྱལ་སྐྱོང་དམངས་ཕན། ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བ། དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་། སྒོམ་སྒྲུབ་ཉམས་ལེན། རྒྱལ་སྐྱོང་འགྲོ་ཕན་གྱི་མིག་དཔེར་འབད་བརྩོན་ལྷུར་ལེན་བྱ་དགོས”ཞེས་གཟེངས་བསྟོད་ཐོབ་པའི་དགེ་འདུན་པ་ཞིག་གིས་དེ་སྐད་བརྗོད་བྱུང་། 
          ངོ་སྤྲོད་བྱས་པར་གཞིགས་ན། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་བྱེད་རྒྱུའི་བྱེད་སྒོར་སྐུལ་འདེད་ཤུགས་ཆེན་གནང་པ་དེས་རྒྱ་ཆེའི་གྲྭ་བཙུན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་བྱས་ཡོད་ལ། 2018ལོའི་ལོ་སྟོད་དུ། རྒྱ་ཆེའི་ཆོས་དོན་བགྱི་མཁན་མི་སྣ་ཡོངས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ཐོག རང་རྟོགས་ངང་རྒྱལ་གཅེས་ཁྲིམས་སྲུང་དང་སྒྲིག་བཀུར་ཁྲིམས་སྲུང་། བློ་སྦྱོང་ཟབ་གཏོང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རང་འགུལ་ངང་ལག་ལེན་བྱེད་པ། རང་རྟོགས་ངང་ནས་ཆོས་ལུགས་ཞི་མཐུན་དང་རྒྱུན་འཁྱོངས་ཡོང་བ་བྱ་རྒྱུ་དེ་རང་ངོས་ཀྱི་འགན་འཁྲི་དང་འོས་འགན་དུ་བརྩི་བ། འབད་བརྩོན་སྒོས་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ། སྒོམ་སྒྲུབ་ཉམས་ལེན།  སློབ་གཉེར་ལ་འབད་བརྩོན། སྒྲིག་སྲུང་ཁྲིམས་བརྩི་བྱེད་པ། ཀུན་སྤྱོད་བླ་ན་མེད་པ།ལས་དོན་ཧུར་ཐག་སྒོས་སྒྲུབ་པ། ནུས་པ་འདོན་སྤེལ་བྱེད་པའི་མིག་དཔེར་གྱུར་དགོས་ཤིང་། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཆོས་ལུགས་ཀྱི་དགེ་རྒན་དང་ལས་སྒྲུབ་པའི་རྣམ་པ་གསར་པ་དང་སྣང་བརྙན་གསར་པ། ལས་ཕྱོགས་གསར་པ་མངོན་ནས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་དྲང་ནུས་ཆེན་པོ་གཅིག་ཏུ་འདུས་ཡོད་པ་རེད་ཅེས་ཟེར།