གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལི་ཁེ་ཆང་དང་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་གཉིས་མཉམ་དུ་ཀྲུང་གོ་དང་འཇར་མན་གྱི་རང་འགུལ་འཁོར་གཏོང་རླངས་འཁོར་གྱི་འགྲེམ་སྟོན་བྱ་འགུལ་ལ་ཞུགས།

སྤེལ་དུས 2018-07-12 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
ས་དེའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་པོ་ལིན་ནས་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་དང་མཉམ་དུ་ཀྲུང་གོ་དང་འཇར་མན་གྱི་རང་འགུལ་འཁོར་གཏོང་རླངས་འཁོར་གྱི་འགྲེམ་སྟོན་བྱ་འགུལ་ལ་ཞུགས།
          ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་པོ་ལིན་ནས་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་དང་མཉམ་དུ་ཀྲུང་གོ་དང་འཇར་མན་གྱི་རང་འགུལ་འཁོར་གཏོང་རླངས་འཁོར་གྱི་འགྲེམ་སྟོན་བྱ་འགུལ་ལ་ཞུགས།
          རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཐོག་མར་བརྟན་རྣམ་འགྲེམ་སྟོན་ཁུལ་དུ་ཕེབས་ནས། ཀྲུང་གོ་དང་འཇར་མན་གྱི་ཁེ་ལས་དྲུག་དང་། ཚན་རིག་ཞིབ་འཇུག་ཁང་དང་སློབ་གྲྭས་མཉམ་ལས་གསར་སྤེལ་བྱས་པའི་རང་འགུལ་འཁོར་གཏོང་རླངས་འཁོར་གསུམ་ལ་གཟིགས། འགྲམ་གྱི་གློག་ཡོལ་ངོས་སུ་སྐུལ་འོད་དང་རེག་བརྡ་སོགས་ལག་རྩལ་ལ་ལད་མོ་བྱས་པའི་རྙོག་འཛིང་གི་ལམ་གྱི་རི་མོ་འཆར་བཞིན་ཡོད་པ་དང་། ལིས་ཁི་ཆང་དང་མཱོ་ཁི་ཨར་གཉིས་ཀྱིས་གློག་ཡོལ་ལ་གཟིགས་ཞོར་དུ་ཕྱོགས་གཉིས་ཀྱི་འཐུས་མིས་ལག་རྩལ་གསར་སྤེལ་གྱི་གནས་ཚུལ་ཡར་ཞུ་བྱས་པར་གསན།
          ལི་ཁེ་ཆང་གིས་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་གནས་ཚུལ་དང་། ཁེ་ལས་སོ་སོར་དབང་བའི་མ་རྐང་། རླངས་འཁོར་གྱི་ཚོར་བརྡ་མ་ལག་དང་མུ་སྐྱོད་ནུས་པ། འགྲིམ་འགྲུལ་གཞི་གྲངས་ཆེན་མོའི་འཚོལ་སྡུད་དབྱེ་ཞིབ་སོགས་ཀྱི་གནས་ཚུལ་ཞིབ་མོར་དྲིས། འཇར་མན་གྱི་རླངས་འཁོར་ཁེ་ལས་ཀྱིས་ཀྲུང་གོའི་མཐོ་རིམ་སློབ་གྲྭར་ཕྱོགས་ཡོངས་ནས་མཉམ་ལས་བྱེད་པའི་ནང་དོན་ལ། རང་འགུལ་འཁོར་གཏོང་ལག་རྩལ་འདུ་བ་མ་ཟད། གྲོང་ཁྱེར་འགྲིམ་འགྲུལ་དོ་དམ་གྱི་གཞི་གྲངས་ཆེན་མོའི་ཞིབ་འཇུག་དང་གསར་གཏོད་ལས་སྐྲུན་སློབ་གསོ་ཡང་འདུ་བའི་གནས་ཚུལ་གོ་རྗེས། ལིས་ཁི་ཆང་གིས་དགའ་སྤྲོའི་ངང་ཕྱོགས་གཉིས་ཀྱིས་སྔར་ལས་སྒོ་འབྱེད་ཀྱི་བསམ་བློ་བཅངས་ནས་མཉམ་ལས་བྱེད་དགོས་པའི་སྐུལ་མ་གནང་། ལིས་ཁི་ཆང་གིས་ལྷག་ཏུ་བསྟན་དོན། ཀྲུང་གོར་མི་གྲངས་མང་ལ། ས་ཁུལ་སོ་སོའི་འཕེལ་རྒྱས་ཀྱི་ཆུ་ཚད་དང་འགྲིམ་འགྲུལ་གྱི་གནས་ཚུལ་ལ་ཁྱད་པར་ཆེ་བས། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་ཁྲོམ་རར་རྐང་འཛུགས་པ་དང་། ཀྲུང་གོའི་གནས་ཚུལ་ལ་ཟུང་སྦྲེལ་བྱས་ནས། ལག་རྩལ་དང་ཞིབ་འཇུག་བྱ་བ་ཏན་ཏིག་གིས་བསྒྲུབ་དགོས་ཟེར།
          འགུལ་རྣམ་འགྲེམ་སྟོན་ཁུལ་ནས། ལི་ཁེ་ཆང་དང་མཱོ་ཁི་ཨར་གཉིས་དགའ་སྤྲོ་ཆེན་པོས་ཀྲུང་གོ་དང་འཇར་མན་གྱིས་མཉམ་ལས་གསར་སྤེལ་བྱས་པའི་རང་འགུལ་འཁོར་གཏོང་རླངས་འཁོར་ཞིག་གི་སྟེང་དུ་བསྡད་དེ། རང་འགུལ་འཁོར་གཏོང་རྣམ་པར་བརྟེན་ནས་ལམ་ཐག་ངེས་ཅན་ཞིག་བརྒྱུད།
          དེའི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་གསུང་བཤད་གནང་། ལི་ཁེ་ཆང་གིས་བསྟན་དོན། ལོ་ངོ་བཞི་བཅུའི་སྔོན་ལ། འཇར་མན་གྱི་ཁེ་ལས་ཀྱིས་སྤོབས་པ་དང་བློ་གྲོས་ཆེན་པོར་བརྟེན་ནས་སྔོན་ལ་ཀྲུང་གོའི་བར་དུ་རླངས་འཁོར་དངུལ་གཏོང་མཉམ་ལས་སྤེལ་ནས། རྒྱལ་ཁབ་གཉིས་བར་དུ་རླངས་འཁོར་མཉམ་ལས་ཀྱི་སྒོ་འཕར་ཕྱེས་པ་མ་ཟད། ཀྲུང་གོའི་ཁྲོམ་ར་ལས་ཁེ་ཕན་ཆེན་པོ་ཐོབ། ད་ལྟ་འཛམ་གླིང་ཡོངས་སུ་སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ཀྱི་ཚ་རླབས་འཕྱུར་བཞིན་ཡོད་ལ། རང་འགུལ་འཁོར་གཏོང་རླངས་འཁོར་གྱི་འཕེལ་རྒྱས་མདུན་ལྗོངས་ཧ་ཅང་ཆེ། ཀྲུང་གོས་སྐོར་ཐེངས་གསར་པའི་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་བྱེད་བཞིན་ཡོད་ལ། རླངས་འཁོར་ཁྱབ་ཁོངས་ཀྱི་ཁྲོམ་རར་འཇུག་ཚད་སྔར་ལས་ཇེ་ཡངས་སུ་གཏོང་རྒྱུ་ཡིན་པ་དང་། འཇར་མན་གྱི་ཁེ་ལས་ཀྱིས་མུ་མཐུད་དུ་ཀྲུང་གོར་མ་དངུལ་གཏོང་ཚད་རྒྱ་བསྐྱེད་པ་དང་། མཐོ་གསར་ལག་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།
          ཞའོ་ཅེ་དང་ཧི་ལིས་ཧྥེང་གཉིས་གོང་གི་བྱ་འགུལ་ལ་ཞུགས།