ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཐུན་ཏེ་རྫོང་དུ་རྫོང་རུ་རིག་གནས་གླེང་སྟེགས་སྐབས་དང་པོ་བསྡུས་པ།

སྤེལ་དུས 2018-07-18 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།

རྫོང་རུ་རིག་གནས་གླེང་སྟེགས་ཀྱི་ཡུལ་དངོས།

མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པའམ་ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅི་ཚེ་རིང་ཐར་གྱིས་ཤིས་ཚིག་འབུལ་བཞིན་པ།
           ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས17ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་སྲིད་གཞུང་གི་ཚོགས་ཁང་ཆེན་མོ་རུ་རྫོང་རུ་རིག་གནས་གླེང་སྟེགས་སྐབས་དང་པོ་བསྡུས་ཤིང་། མཚོ་སྔོན་བརྙན་འཕྲིན་ཁང་གི་ཝང་ཧྲེ་ཡུང་གིས་གླེང་སྟེགས་ལ་མདོ་འཛིན་བྱས་ཤིང་། མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པའམ་ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅི་ཚེ་རིང་ཐར་གྱིས་ཤིས་ཚིག་ཕུལ། ཞིང་ཆེན་ཕྱི་ནང་ཀུན་ནས་ཕེབས་པའི་ཆེད་མཁས་སུམ་ཅུར་ཉེ་བ་ཐེངས་འདིའི་གླེང་སྟེགས་སུ་ཕེབས་ནས་རྫོང་རུ་རིག་གནས་དང་འབྲེལ་བའི་དཔྱད་གླེང་སྤེལ།

རྫོང་རུ་རིག་གནས་གླེང་སྟེགས་ཀྱི་ཡུལ་དངོས།

ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་གཏམ་བཤད་གནང་བཞིན་པ།

མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་བློ་བཟང་བསྟན་པ།

མཚོ་ལྷོ་ཁུལ་དབང་བོ་སྐྱོན་ཅན་ལྷན་ཚོགས་ཀྱི་ལིས་ཧྲི་ཀྲང་བསོད་ནམས་ཚེ་རིང་གིས་གཏམ་བཤད་གནང་བཞིན་པ།
           ཐེངས་འདིའི་གླེང་སྟེགས་སུ་མཚོ་སྔོན་ཞིང་ཆེན་རིག་གནས་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཉིའུ་ཅོན་དང་། མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་བློ་བཟང་བསྟན་པ། མཚོ་ལྷོ་ཁུལ་གནས་སྐོར་ཅུའུ་ཡི་ཅུའུ་ཀྲང་རིན་བྷེ། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་རླུང་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ཀུ་ཝུན་ཅོན། མཚོ་ལྷོ་ཁུལ་དབང་བོ་སྐྱོན་ཅན་ལྷན་ཚོགས་ཀྱི་ལིས་ཧྲི་ཀྲང་བསོད་ནམས་ཚེ་རིང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་དང་ལྷ་མཆོག་རྒྱལ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཀར་མཚོ་སྐྱིད་དང་ཚེ་དབང་རྡོ་རྗེ། ཅང་སུའུ་དགེ་ཐོན་སློབ་ཆེན་གྱི་ཁྲིམས་རིག་དགེ་རྒན་ཆེན་མོ་ལུང་དབྱིན་ཆང་།  ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཚེ་རྒྱལ་བཅས་རྫོང་རུ་རིག་གནས་ཀྱི་ཆེད་མཁས་པ་དང་འབྲེལ་ཡོད་མགོ་ཁྲིད་རྣམས་མཉམ་ཞུགས་གནང་སྟེ། མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་ཚུལ་དུ་འབའ་རྫོང་རྫོང་རུ་རིག་གནས་ལ་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་པ་མ་ཟད། རྫོང་རུ་རིག་གནས་ཀྱི་གྲུབ་ཆ་དང་རྣམ་པ། ཁྱད་ཆོས་སོགས་མངོན་པར་བརྗོད་ཡོད་ལ། འདིས་ས་གནས་རིག་གནས་ཀྱི་ལོ་རྒྱུས་སྔོག་འདོན་དང་ཞིབ་འཇུག དར་སྤེལ་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད་པ་མ་ཟད། ཐུན་ཏེ་རྫོང་གི་ལྗོངས་རྒྱུ་ལས་རིགས་ཀྱི་ལས་གྲྭ་རྣམ་པར་རྒྱལ་བའི་སྨོན་ཚིག་ཐོག་མའོ།

ཅང་སུའུ་དགེ་ཐོན་སློབ་ཆེན་གྱི་ཁྲིམས་རིག་དགེ་རྒན་ཆེན་མོ་འབའ་ལུང་དབྱིན་ཆང་གིས་གཏམ་བཤད་གནང་བཞིན་པ།

ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མིའམ《བོད་ཀྱི་དམངས་སྲོལ》དུས་དེབ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་ཚེ་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།
           རྫོང་རུ་རིག་གནས་ཡོད་ས་ནི་འབའ་ལུང་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ16ཙམ་གྱི་མཚམས་ཏེ། ཁ་སྒང་དང་ཐོན་ཅེ་སྡེ་བ་གཉིས་ཀྱི་བར་ན་ཡོད་ཅིང་། འདི་ནི་རབ་བྱུང་བཅུ་དྲུག་པའི་ཆུ་ཁྱི་སྟེ(སྤྱི་ལོ1982)ཡི་ལོར་མཚོ་སྔོན་ཞིང་ཆེན་གྱི་གནའ་རྫས་རྟོག་ཞིབ་རུ་ཁག་གིས་གསར་རྙེད་བྱུང་ཞིང་། འདི་ལ་སྔོན་གྱི་ཐོ་ལེ་ཐང་གནའ་ཤུལ་དང་། འབའ་མདོའི་གནའ་ཤུལ་བཅས་འདུས། གནའ་ཤུལ་འདི་གསར་རྙེད་བྱུང་བ་ནི་དུས་ད་ལྟའི་བར་དུ་གནས31ཙམ་སྔོག་འདོན་བྱས་ཏེ། དུར་ས341དང་ཐལ་དོང18དང་། དུར་མཆོད་དོང18བཅས་ལ་དག་སྒྲིག་བྱས་ཤིང་། རིག་རྫས23000ཙམ་བཏོན། གནའ་རྫས་རྟོག་ཞིབ་པས་བརྟག་དཔྱད་ཞིབ་འཇུག་བྱས་པའི་དཔྱད་འབྲས་ལྟར་ན། ད་སྔའི་བར་རྫོང་རུའི་རྣམ་པ་ཅན་གྱི་གནའ་ཤུལ51ཤེས་རྟོགས་བྱུང་ཡོད་པ་དང་། གནའ་ཤུལ་དེ་དག་རྨ་ཆུ་སྔོན་མོའི་འགྲམ་རྒྱུད་དང་རྨ་ཆུའི་ཡན་ལག་གི་གཙང་བོ་རྨ་ཆུར་འདྲེས་མཚམས་སོགས་དང་། རྨ་ཆུ་སྟོད་རྒྱུད་ཀྱི་འབའ་གཞུང་རིང་མོ་ནས་རྨ་སྨད་ཁྲི་ཀའི་བར་དང་། མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ལྷོ་རྒྱུད་དེ་ཆབ་ཆ་ས་ཁུལ་སོགས་སུ་བཀྲམ་ཡོད། འདི་དག་ནི་རྨ་ཆུའི་སྟོད་རྒྱུད་དུ་ཤེས་རྟོགས་བྱུང་བའི་དུས་ཚོད་སྔ་ཤོས་དང་ལོ་རྒྱུས་རིང་ཤོས། རྒྱ་ཁྱོན་ཆེ་ཤོས། ནང་དོན་ཕུན་སུམ་ཚོགས་པའི་རྡོ་ཆས་གསར་བའི་དུས་སྐབས་ལས་ཀྱང་སྔ་བའི་རིག་དངོས་གནའ་ཤུལ་ཡིན་ནོ།།