ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་ཉིང་ལྕགས་ལམ་དུ་ཕྱོགས་ཡོངས་ནས་ལམ་ལྕགས་འདིང་ཉེར་ཡོད་པ།

སྤེལ་དུས 2018-07-19 ཡོང་ཁུངས། མི་དམངས་ཉིན་ཚགས། རྩོམ་པ་པོ། རྡོ་རྗེས་བསྒྲིགས།

འདི་ནི་ཟླ་7ཚེས་16ཉིན་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ཀུང་སི་གསུམ་པའི་ལས་མིས་ཤེལ་གྲོང་སྒྲོམ་བཟོ་རྟེན་གཞིར་སྨི་500ཡོད་པའི་ལམ་ལྕགས་རིང་མོ་ཉར་ཚགས་དོ་དམ་མཛོད་ཁང་དུ་སྐོར་ཞིབ་བྱེད་པའི་གནས་ཚུལ་ཡིན་པ།
          ལྷ་ཉིང་ལྕགས་ལམ་ཡོངས་སུ་ལམ་ལྕགས་འདིང་རྒྱུའི་ལས་འགན་འཁུར་བའི་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་འཛུགས་སྐྲུན་པ་ཚོས་གསོ་རླུང་མི་འདང་བ་དང་ཨར་ལས་ཀྱི་ཆ་རྐྱེན་ཞན་པ་ལ་སོགས་པའི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ་ཟླ་དགུ་པ་ནས་ལམ་ལྕགས་འདིང་འགོ་འཛུགས་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།
          ལྷ་ས་གྲོང་ཁྱེར་ནས་འགོ་ཚུགས་པ་དང་ཉིང་ཁྲི་གྲོང་ཁྱེར་བར་ཡིན་པའི་ལྷ་ཉིང་ལྕགས་ལམ་དེར་ཁྱོན་རིང་ཚད་སྤྱི་ལེ་435ཡོད་པ་དང་ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཡིན་པ་རེད།