ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་ནས་མང་ཚོགས་ཕྱུག་པོ་ཆགས་པ་བྱས་པ།

སྤེལ་དུས 2018-07-19 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། རྡོ་རྗེས་བསྒྲིགས།

འདི་ནི་ཡུལ་སྐོར་བས་ནག་ཆུ་གྲོང་རྡལ“གྲུ་དམར་སྣེ་ཁྲིད་ཀྱི་ཀུན་གཏོད་བར་མཐོངས”ཀྱིས་ཞིབ་བཟོ་བྱས་པའི་ནས་ཀྱི་ཐོན་ཟོག་ཉོ་བཞིན་པ།
          ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། ཐོན་ལས་དབུལ་སྒྲོལ་གྱི་ལས་དོན་ལ་དམ་འཛིན་ནན་པོ་བྱེད་པ། ཁྱད་ལྡན་ཞིང་འབྲོག་ཐོན་ཟོག་གི་ལས་སྣོན་ཞིབ་ཚགས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཐོན་ལས་འཁོར་འབྲེལ་སྔར་བས་སྣུར་སྲིང་བྱས་པ་མ་ཟད། ཐོན་སྐྱེད་བྱེད་སྟངས་ཐད་སྲོལ་རྒྱུན་གྱི་རགས་ལས་རྣམ་པ་ནས་དེང་རབས་ཀྱི་ལེགས་བསྡུས་ཞིབ་གཉེར་ཕྱོགས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་བས། ཁྱད་ལྡན་ཐོན་ལས་ཕན་འབྲས་ཆེ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པའི་ཐོག་རིམ་བཞིན་བསྐྱོད་ཐུབ་པ་བྱུང་ཡོད།