ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཐོ་སྒང་ནས་ནག་ཕྱིར་འཚོང་ཚོད་ལྟ་ལེགས་འགྲུབ་བྱུང་བ།

སྤེལ་དུས 2018-07-19 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
1.jpg
          མཐོ་སྒང་ཟས་རིགས་ཚད་ཡོད་མཐུན་གཉེར་ཁང་དང་ཀོང་ཀྲོའུ་མྱུར་བགྲོད་ལྕགས་ལམ་གཉིས་ཀྱིས་ཚོང་འབྲེལ་གྲོས་མཐུན་གཅིག་གྱུར་བྱུང་སྟེ། མཐོ་སྒང་ཟས་རིགས་མཐུན་གཉེར་ཁང་གི་ཐོན་རྫས་རིགས་ཤིག་མྱུར་བགྲོད་ལྕགས་ལམ་སྟེང་ཕྱིར་ཚོང་གན་རྒྱ་བཞག་ཡོད་པ་ལྟར། སྔོན་འགྲོའི་ཆ་རྐྱེན་ཁྲོད་མྱུར་བགྲོད་ལྕགས་ལམ་སྟེང་ཕྱིར་འཚོང་ཚོད་ལྟ་བྱས་པ་དེ་གྲུབ་འབྲས་ཤིན་ཏུ་ལེགས་པོ་ཐོབ།
2.jpg
          སི་ཁྲོན་མཐོ་སྒང་ཟས་རིགས་ཚད་ཡོད་མཐུན་གཉེར་ཁང་ནི་བོད་ཁམས་གྱི་ཁེ་ལས་ཤིག་ཡིན་ལ། མཐུན་གཉེར་ཁང་གི་ས་གནས་ཁྲིན་ཏུའུ་གྲོང་ཁྱེར་ཏུའུ་ཅང་ཡན་དཔལ་འབྱོར་གསར་སྤེལ་ས་ཁུལ་ཏུ་གནས་ཡོད། སི་ཁྲོན་མཐོ་སྒང་ཟས་རིགས་ཚད་ཡོད་མཐུན་གཉེར་ཁང་གིས་མདོ་དབུས་ཁམས་གསུམ་གྱི་ནས་ནག་དང་ལྷག་པར་དུ་རྔ་བའི་ནས་ནག་ལ་ཞིབ་འཇུག་དང་གསར་སྤེལ། ལས་སྣོན།ཐོན་སྐྱེད།ཞིབ་བཤེར། ཐུམ་སྒྲིལ།ཕྱིར་འཚོང་སོགས་རྒྱ་ཆེ་བའི་ནས་ནག་གི་ལས་དོན་གཉེར་བཞིན་ཡོད།
3.jpg
           ངེད་མཐུན་གཉེར་ཁང་གི་འཆར་གཞི་དང་དམིགས་འབེན་འོག་ལས་གཉེར་བ་རྣམས་ཀྱིས་འབད་བརྩོན་ལྷོད་མེད་ཀྱི་སྒོ་ནས།ནས་ནག་ཐོན་རྫས་ཀྱི་སྤུས་ཚད་ཇེ་ལེགས་དང་རྒྱུ་དག་ཇེ་མཐོར་བཏང་སྟེ། ནང་ལོག་གི་གཞི་རྒྱ་ཆེ་བའི་ཁྲོམ་རར་ཕྱིར་ཚོང་བྱེད་པ་ལྟར།ད་ཐེངས་ཀོང་ཀྲོའུ་མྱུར་བགྲོད་ལྕགས་ལམ་སྟེང་ནས་འཛད་སྤྱོད་པས་ལོངས་སུ་སྤྱད་པ་འདི་རང་རེའི་བོད་ཀྱི་ཁེ་ལས་ཀྱི་ཁ་ཕྱོགས་སྔར་ལས་རྒྱ་ཡངས་པའི་ཚོང་ལམ་དུ་བསྐྱོད་པར་ཅུང་ཙམ་མིག་རྒྱང་བསྐྱེད་ཡོད་པར་འདོད་དོ། །