ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ནུབ་རྒྱུད་རི་མོ་བརྩམས་ཆོས་མི་རིགས་རིག་གནས་ཕོ་བྲང་དུ་འོད་སྟོང་རབ་ཏུ་འབར།

སྤེལ་དུས 2018-07-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
འགྲེམ་སྟོན་གྱི་ཡུལ་དངོས།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉིན་ཤས་གོང་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩས་རོགས་སྐྱོབ་དང་། སི་ཁྲོན་ཞིང་ཆེན་གནའ་རྫས་ཉར་ཚགས་མཐུན་ཚོགས་དང་སི་ཁྲོན་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་“ནུབ་རྒྱུད་ཀྱི་རི་མོའི་བརྩམས་ཆོས་འགྲེམས་སྟོན་”མི་རིགས་རིག་གནས་ཕོ་བྲང་དུ་འགྲེམས་སྟོན་བྱས་པ་རེད།
སྣུམ་ཚོན་རི་མོ་《བོད་དམར་པོ།》 རྩོམ་པ་པོ། ལིས་པིན།
          ད་ཐེངས་ཀྱི་འགྲེམས་སྟོན་ཐོག་ནུབ་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གི་ཕུལ་བྱུང་སྒྱུ་རྩལ་མཁས་ཅན་གྱི་བརྩམས་ཆོས་80ལྷག་འདུས་ཡོད། དམིགས་ཡུལ་ནི་ནུབ་རྒྱུད་ཀྱི་རི་མོ་འགྲེམས་སྟོན་བྱས་པ་བརྒྱུད་མི་རྣམས་ཀྱིས་སྒྱུ་རྩལ་མྱོང་རོལ་བྱེད་པའི་གོ་རིམ་ཁྲོད། ནུབ་རྒྱུད་ཀྱི་རི་ཀླུང་གི་མཛེས་པ་དང་མི་རིགས་ཁག་གི་རིག་གནས། རིག་གནས་སྣང་ཚུལ་ལ་ངོས་ཟིན་གཅིག་མཐུན་བྱེད་པ་དང་། བརྩམས་ཆོས་རེ་རེ་བརྒྱུད་ནས་ནུབ་རྒྱུད་ས་ཁུལ་དེ་སྤྱི་མཐུན་རྒྱལ་ཁབ་ཀྱི་གོམ་སྟབས་དང་བསྟུན་ནས་ལོ་རྒྱུས་ཐོག་ཆེས་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་འཕོ་འགྱུར་ཞིག་ཏུ་བརྒྱུད་བཞིན་པ་ལ་རྒྱུས་ལོན། ནུབ་རྒྱུད་མི་རིགས་སོ་སོའི་སྤུན་ཟླ་རྣམས་ཀྱིས་ལོ་རྒྱུས་ཐོག་རླབས་ཆེ་ཞིང་བརྗིད་ཉམས་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལག་ལེན་བྱེད་བཞིན་པ་རྒྱུས་ལོན་བྱས་ཆོག
འགྲེམ་སྟོན་གྱི་ཡུལ་དངོས།
          དུས་རབས་གསར་པའི་ནུབ་རྒྱུད་ཀྱི་རི་མོ་བ་ཚོས། ཁོང་ཚོས་ནུབ་རྒྱུད་ལ་རྒྱུས་ལོན་དང་ཤེས་རྟོགས། བརྩེ་སེམས་བཅས་ནུབ་རྒྱུད་ས་ཁུལ་ཡོངས་གསར་རྩོམ་བྱ་ཡུལ་དུ་བཟུང་ནས། ནུབ་རྒྱུད་རིག་གནས་ལོ་རྒྱུས་ཀྱི་སྣང་ཚུལ་སྣ་ཚོགས་མངོན་ཡོད། ནུབ་རྒྱུད་ཀྱི་དམངས་སྲོལ་གོམས་གཤིས་བརྗོད་པ་དང་། ནུབ་རྒྱུད་ཀྱི་སྣོད་བཅུད་མཛེས་པ་ལ་བསྟོད་བསྔགས་བྱས། ནུབ་རྒྱུད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག དུས་རབས་ཀྱི་ཉམས་འགྱུར་བཅས་རི་མོར་ཕབ་ཡོད། བརྩམས་ཆོས་འདི་དག་གིས་ཁོང་ཚོས་ནུབ་རྒྱུད་གྲངས་ཉུང་མི་རིགས་ཀྱི་འཚོ་གནས་ཀྱི་འགྱུར་ལྡོག་ལ་ཐུགས་ཁུར་བྱེད་པ་མཚོན་པས། ཁོ་ཚོས་ནུབ་རྒྱུད་ས་མཐོའི་སྤྱི་ཚོགས་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་བཞེངས་སྐྲུན་དང་སྔོག་འདོན། ནུབ་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ལ་བསྟོད་པ་དང་། ནུབ་རྒྱུད་ས་ཁུལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་སྨོན་འདུན་ཞུས་ཡོད།
རང་རྒྱལ་གྱི་སྲོལ་རྒྱུན་རི་མོ། 《གངས་ལྗོངས་ཀྱི་བརྩེ་བ》 རྩོམ་པ་པོ། ཁྲེན་ལཱན་ཞིས།
          ནུབ་རྒྱུད་ཀྱི་རི་མོ་བ་ཚོས་རང་ཉིད་ཀྱི་ཤེས་ཡོན་དང་རྣམ་དཔྱོད། སྤོབས་པ། བློ་སྟོབས་ལ་བརྟེན་ནས། དུས་རབས་གསར་པའི་སྤྲོ་སེམས་ཀྱིས་ཁེངས་བའི་སྨྱུ་གུས་ཁོང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་བཅངས་པའི་བསམ་འདུན་དྲག་པོ་དང་ཕུགས་བསམ་དོན་གཉེར་བྱེད་པ་དེ་བརྗོད་ཡོད། དུས་རབས་ཀྱི་སྙིང་སྟོབས་མངོན་པའི་བརྩམས་ཆོས་རེ་རེས་མི་རྣམས་ཀྱིས་རང་བྱུང་ཁམས་ལ་དགའ་ཞེན་དང་ཚེ་སྲོག་ལ་བརྩི་འཇོག སྔོ་ལྗང་ཞི་བདེའི་བདེ་སྐྱིད་ཁྱིམ་གཞིས་བསྐྲུན་པར་རེ་སྒུག་བྱེད་བཞིན་ཡོད།
སྣུམ་ཚོན་རི་མོ། 《གནས་རིའི་མུ་འབྲེལ་རི་མོ། - འོད་སྟོང་།》 རྩོམ་པ་པོ། མཱ་ཀོང་ཅཱན།
          “མི་རིགས་ཀྱི་མཛེས་པ་ད་གཟོད་འཛམ་གླིང་གཏོགས།” མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་བརྩམས་ཆོས་སྤུས་ལེགས་ནི་ད་གཟོད་འཛམ་གླིང་གི་རིག་གནས་ཀྱི་གྲལ་དུ་མཉམ་སྤྱོད་ཐུབ་པའི་སྙིང་བཅུད་ཡིན། ཀྲུང་གོའི་ནུབ་རྒྱུད་ཆབ་སྲིད་དཔལ་འབྱོར་སྤྱི་ཚོགས་རིག་གནས་དང་སྣོད་བཅུད་དཔལ་ཡོན་སྐྱོན་བྲལ་ངང་གོང་དུ་འཕེལ་བ་དང་བསྟུན། མི་རིགས་ཁག་གི་ཕུལ་དུ་བྱུང་བའི་རིག་རྩལ་གྲུབ་འབྲས་ཕན་ཚུན་གཟི་འོད་གཅིག་ཏུ་འདྲེས། བརྩམས་ཆོས་འདི་དག་གིས་མི་རིགས་རིག་གནས་ཀྱི་གདེང་ཚོད་དང་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་མོ་མངོན་ཡོད། ནུབ་རྒྱུད་རི་མོ་དེ་དུས་རབས་གསར་པར་གཟི་དཔལ་རྒྱས་ཞིང་འོད་སྟོང་རབ་ཏུ་འབར།
སྣུམ་ཚོན་རི་མོ། 《མཆོང་བསྐྱོད།》 རྩོམ་པ་པོ། ཀྲའོ་ཞུའེ་ཁྲའོ།
          རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲེམས་སྟོན་དེ་ཟླ་7ཚེས་23ཉིན་བར་རིན་མེད་པར་སྤྱི་དམངས་ལ་སྒོ་ཕྱེ་རྒྱུ་ཡིན།