གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་འདམ་གཞུང་རྫོང་གིས“ཐོབ་ཐང་ལག་ཁྱེར”ཡོད་པའི་ཚགས་ཤ་དེ་དབུལ་སྐྱོར་ཞིང་ཕན་གྱི་དག་གཙང་ལྷད་མེད་སྤུས་རྟགས་སུ་བསྐྲུན།

སྤེལ་དུས 2018-08-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
འདི་ནི་འདམ་གཞུང་གི“ཐོབ་ཐང་ལག་ཁྱེར”ཡོད་པའི་ཚགས་ཤ་རེད།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི“ཐོབ་ཐང་ལག་ཁྱེར”ཡོད་པའི་ཚགས་ཤ་དེ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས་གྲས་ཤིག་ཡིན་པའི་ཆ་ནས།རང་ཉིད་ཀྱི་ཚེ་གང་འུ་ལག་མེད་པ་དང་རི་རྒྱུག་དང་ཕྱུག་འཚོ་བ་ཕྱེད་ཀ་ཡིན་པའི་རྣམ་པས་ཐོག་མཐའ་བར་གསུམ་དུ་རང་བྱུང་འཚར་ལོངས་ཀྱི་གོ་རིམ་རྒྱུན་སྲུང་བྱས་ཏེ།བོད་ལྗོངས་འདམ་གཞུང་རྫོང་དང་ཐ་ན་ལྷ་ས་གྲོང་ཁྱེར་གྱིས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་དང་ཤུགས་རྐྱེན་ཐེབས་ཤུགས་དང་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་བའི“མིང་བྱང”ལྟ་བུ་ཞིག་ཏུ་གྱུར་ཡོད།
           2018ལོའི་ཟླ8པའི་ཚེས6ཉིན།འབྲི་གཡག་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱ་ཆེད།དངུལ་རྩའི་བྱ་ཐབས་ལ་བརྟེན་ནས་ནོར་གནག་མང་ཙམ་གསོ་ཐུབ་པ་དང་།ནོར་གནག་བཟང་པོ་གསོ་ཐུབ་པ་བྱས་ཏེ་ཐོན་རྫས་ཕྱིར་བཏོན་ནས་སྤུས་རྟགས་བཟོས་ཏེ།དག་གཙང་ལྷད་མེད་སྤུས་རྟགས་ཀྱི་གསར་གཏོད་བྱས་ནས་གནད་སྨིན་དབུལ་སྐྱོར་བྱ་བར་རམ་འདེགས་བྱས།འདམ་གཞུང་རྫོང་མི་དམངས་སྲིད་གཞུང་དང་།ལྷ་ས་གྲོང་ཁྱེར་དག་གཙང་ཀུང་སིས་བོད་ལྗོངས་ཀྱི་འབྲི་གཡག་ཐོན་ལས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་དང་པོ་སྤེལ་ཏེ་ལྷ་སའི་དག་གཙང་ལྷད་མེད་ཀྱི་བཟའ་བཅའི་རྒྱུ་ཆ་ཡག་པོ་བཙལ་ནས་དབུལ་སྐྱོར་ཞིང་ཕན་གྱི་སྐྱེ་ཁམས་མཁོ་སྤྲོད་ཀྱི་སྦྲེལ་ཐག་གསར་སྐྲུན་བྱས།
རི་མོ་འདི་ནི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཀྱི་གླེང་སྟེགས་ཀྱི་འཚོགས་ཡུལ་དངོས་རེད།
           ཉེ་བའི་ལོ་ཤས་རིང་།འདམ་གཞུང་རྫོང་གིས་་ས་མཐོའི་སྣོད་བཅུད་ཀྱི་གསོ་སྤེལ་དམིགས་ཡུལ་དུ་དམ་པོར་བཟུང་སྟེ“རང་བྱུང་རྩྭ་རའི”ལེགས་ཆའི་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱས་ཤིང་།འབྲི་གཡག་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་ནུས་ཤུགས་ཡོད་རྒུས་དབུལ་སྐྱོར་དམངས་ཕན་གྱི་བདེ་ཐང་སྣོད་བཅུད་ཀྱི་འབྲེལ་ཐག་གསར་གཏོད་བྱས་ཏེ“འབྲི་གཡག་དང་།ལྗང་མདོག།སྐྱེ་ལྡན”ཞེས་པའི་སྤུས་རྟགས་བརྗོད་བྱ་གཙོ་བོ་བྱས་པའི་ཐོན་ལས་ཀྱི་སྦྲེལ་ཐག་གྲུབ་སྟེ།བྱ་རིམ་ཧྲིལ་པོར་ཁུངས་འདེད་ཆོག་པའི་མ་ལག་བཙུགས་ནས“ཁ་པར་གཅིག་གིས་ཚགས་ཤའི་བྱུང་ཁུངས་འདེད་ཆོག་པ་དང་།ཤོག་བྱང་གཅིག་གིས་ཤ་གཤིས་བདེན་དཔང་བྱེད་ཐུབ་པ”མངོན་འགྱུར་བྱུང་སྟེ། ཟུར་སྣོན་རིན་ཐང་མཐོ་བ་དང་ཕན་ནུས་ཆེན་པོ་འཐོན་པར་བརྩོན་ལེན་ནན་ཏན་བྱས། དུས་མཚུངས་སུ་ནོར་གནག་གི་ཁྱད་ཆོས་ལྡན་པའི་ཕྱུགས་རིགས་ཐོན་ཁུངས་ཀྱི་ཐོན་ལས་སྲིད་ཇུས་དང་གོང་འཕེལ་གཏོང་རྒྱུའི་ཐོན་ལས་ཅན་གྱི་ཐོན་སྐྱེད་བེད་སྤྱད་དེ་ཐོན་ལས་ཅན་གྱི་འཕེལ་རྒྱས་ཀྱི་གཞི་རྩའི་བསམ་ཕྱོགས་གཏན་འཁེལ་བྱས།
རི་མོ་འདི་ནི་ཀྲང་ཀྲེང་གིས་འདམ་གཞུང་རྫོང་འབྲི་གཡག་ཐོན་ལས་ཀྱི་འཕེལ་རྒྱས་ངོ་སྤྲོད་བྱེད་བཞིན་པ།
           ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་དང་།འདམ་གཞུང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཀྲེང་གིས་ངོ་སྤྲོད་བྱས་དོན།འདམ་གཞུང་རྫོང་གིས“ཀུང་སི་དང་།རྟེན་གཞི།ཞིང་དུད”བཅས་རྨང་གཞིར་བྱས་ཏེ།སོན་བཟང་ཁྱབ་གདལ་དུ་གཏོང་བ་དང་།ཚན་རིག་དང་མཐུན་པའི་སྒོ་ནས་གསོ་ཚགས་དང་།ཞིབ་ཚགས་ཅན་གྱི་ལས་སྣོན་དང་ཐོན་ལས་ཅན་གྱི་གཉེར་སྐྱོང་སོགས་ལེ་ལག་ཚང་བའི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་དེ།རང་གི་ཚགས་ཤ་དང་ཤ་གསར་བའི་རིགས་ནང་སའི་གྲོང་ཁྱེར་ཆེ་འབྲིང་རིགས་ཀྱི་གོང་ཆེ་བའི་ཚོང་ར་དང་།སྒོ་རྩིས་ཚོང་ཁང་།མཐོ་རིམ་གྱི་མགྲོན་ཁང་དང་གསོལ་མགྲོན་ཁང་སོགས་སུ་ཕྱིར་འཚོང་བྱེད་པ་དང་།རྒྱུ་ཆའི་ལྷག་རོ་རྣམས་སྤྲོ་གསེང་ཟས་རིགས་དང་།སྐམ་ཤའི་འདག་འབྱར།ཕག་ཀྲིན་སོགས་སུ་ལས་སྣོན་བྱས།ལོ་མང་རིང་འཕེལ་རྒྱས་བཏང་བ་བརྒྱུད་ཁྲོམ་རའི་ཟིན་ཚད་དང་སྐད་གྲགས་ཆོད་ཚད་ངེས་ཅན་ཞིག་ཐོབ་ཡོད།
           ཀྲང་ཀྲེང་གིས་བཤད་རྒྱུར།བོད་ལྗོངས་འདམ་གཞུང་རྫོང་གི“ཐོབ་ཐང་ལག་ཁྱེར”ཡོད་པའི་ཚགས་ཤར་ཁྲོམ་རའི་ཐོག་ཁས་ལེན་ངེས་ཅན་ཞིག་ཐོབ་ཟིན་ཡོད་མོད།འོན་ཀྱང་དུས་མཚུངས་སུ་ང་ཚོས་གསོ་ཚགས་དང་། སྐྱེལ་འདྲེན། ལས་སྣོན་ལས་རིམ་གྱི་མ་གནས་མཐོ་བ་དང་།རིན་གོང་གི་ལེགས་ཆ་མེད་པའི་དབང་གིས་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་ཀྱང་རྒྱལ་ཕྱིའི་སྤུས་རྟགས་ཀྱི་སྐམ་ཤ་དང་བསྡུར་ཐབས་བྲལ་བའི་ངོས་འཛིན་གསལ་བོ་རྙེད།ང་ཚོས་ས་མཐོའི་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་སྣོད་བཅུད་འབྲོག་ལས་སྐུལ་འདེད་ཤུགས་ཆེན་གཏོང་བའི་རྒྱང་སྐྱོད་ལམ་བུའི་ཁྲོད།འབྲི་གཡག་གཞི་རྟེན་བྱས་པའི་ཐོན་ལས་འབྲེལ་ཐག་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་སྟེ།ས་ཁུལ་གྱི་དཔལ་འབྱོར་གྲུབ་ཚུལ་བསྒྱུར་བའི་སྐུལ་འདེད་ཁྲོད་གྲུབ་འབྲས་མངོན་གསལ་བླངས་ཏེ་ས་མཐོའི་དེང་རབས་ཕྱུགས་ལས་འཕེལ་རྒྱས་གཏོང་བ་དང་།འབྲོག་པའི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་བྱ་བར་སྐུལ་ཁྲིད་བྱས་ནས་སྣོད་བཅུད་ཀྱི་དབུལ་སྐྱོར་ཞིང་ཕན་གྱི་མཁོ་སྤྲོད་སྦྲེལ་ཐག་ཅིག་གསར་གཏོད་བྱེད་དགོས།
རི་མོ་འདི་ནི་འཆི་མེད་ཚེ་རིང་གིས་འདམ་གཞུང་རྫོང་འབྲི་གཡག་ཐོན་ལས་འཕེལ་རྒྱས་ངོ་སྤྲོད་བྱེད་བཞིན་པ།
           ཚང་མས་ཤེས་གསལ་ལྟར། ནོར་གནག་ནི་མཚོ་བོད་ས་མཐོ་དང་དེའི་ཉེ་འཁོར་ས་ཁུལ་དུ་ཁྱབ་པའི་དམིགས་བསལ་གྱི་ཕྱུགས་རིགས་ཤིག་ཡིན་ཞིང་།འཛམ་གླིང་གི་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་སྲོག་ཆགས་ཆེན་པོ་གསུམ་གྲས་ཀྱི་གཅིག་ཡིན་པའི་ཆ་ནས།སྐམ་ཤར“ཚགས་ཤ་ཨང་དང་པོ”ཞེས་པའི་མཚན་སྙན་ཡོད།འདམ་གཞུང་རྫོང་དེ་ལྷ་ས་གྲོང་ཁྱེར་གྱི་འབྲོག་ལས་རྫོང་གཅིག་པུ་དེ་ཡིན་པའི་ཆ་ནས།ཆ་སྙོམས་ས་བབ་མཐོ་ཚད་ནི་སྨི4200ཡན་ཡིན་ཞིང་།ས་བབ་ཀྱི་ཁོར་ཡུག་དམིགས་བསལ་ཡིན་པའི་དབང་གིས་འདམ་གཞུང་རྫོང་གི་འབྲོག་པ་མང་ཆེ་བས་ད་ལྟའང་སྔར་བཞིན་ལྷན་སྐྱེས་ཀྱི་ཕྱུགས་འཚོ་སྟངས་གཉེར་བཞིན་ཡོད།འདམ་གཞུང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།རྫོང་དཔོན་འཆི་མེད་ཚེ་རིང་གིས“འབྲི་གཡག་སྐྱེ་འཚར་གྱི་དུས་ཡུན་ཅུང་རིང་མོད།འོན་ཀྱང་ཤ་གནད་སྒྲིག་གཞི་ལ་གཏོར་བཤིག་གང་ཡང་ཐེབས་མེད།གནས་འདིའི་སྐམ་ཤ་ཞིབ་མོར་ལྡད་ཚེ་ད་གཟོད་ཡིད་སེམས་དྭངས་བར་བྱེད་པའི་སྔོ་རྩྭའི་བྲོ་བ་མྱངས་ཐུབ།བོད་ལྗོངས་ནི་འཛམ་གླིང་ཐོག་སྦགས་བཙོག་ཐེབས་པ་ཧ་ཅང་ཉུང་བའི་ས་ཆའི་ཁྲོད་ཀྱི་གཅིག་ཡིན་ཞིང་།ནོར་གནག་གིས་རི་ཀླུང་ཀུན་ཏུ་ཅི་དགར་འཚོ་གནས་བྱེད་བཞིན་ཡོད་པས།བོད་ལྗོངས་ཀྱི་ཚགས་ཤ་ཟོས་ན་སེམས་པ་ཧ་ཅང་བདེ་ཞིང་ཡིད་རྟོན་རུང་བ་ཡིན”ཞེས་བཤད།
རི་མོ་འདི་ནི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཀྱི་གླེང་སྟེགས་འཚོགས་པའི་ཡུལ་དངོས་རེད།
           རྒྱུས་ལོན་བྱུང་བ་ལྟར་ན།གླེང་སྟེགས་འདིས་རྒྱལ་ནང་གི་གྲགས་ཅན་རིགས་གཅིག་མཁས་ཅན་དང་།མཁས་དབང་།སྐམ་ཤ་ལས་རིགས་ཀྱི་ལས་ཞུགས་མཁན་གྱིས་བོད་ལྗོངས་ཀྱི་ནོར་གནག་གསོ་བ་དང་།བཤའ་བ།བཟོ་སྣོན་ཕྱིར་འཚོང་དང་།སྤུས་རྟགས་བཙུགས་པ་ནས་གཉེར་སྐྱོང་ཐད་ཐབས་འདོན་ཇུས་འབུལ་བྱས་པར་མ་ཟད།ཀྲུང་གོ་གཡོས་སྦྱོར་མཐུན་ཚོགས་ཀྱིས་སྐམ་ཤ་རྒྱུ་ཆ་བྱས་ཏེ་ནོར་གནག་གི་དགྱེས་སྟོན་འཁྲབ་སྟོན་གྱི་འགྲན་སྡུར་སྤེལ་ཏེ་འདམ་གཞུང་ཚགས་ཤ་དང་།ལྷ་སའི་ནས་ཕྱེ་རྒྱུ་ཆ་བྱས་པའི“གནམ་མཚོའི”ཧན་པའོ་ཞིབ་འཇུག་གསར་སྤེལ་བྱས་ཏེ།གོམ་པ་རྗེས་མར་ རྒྱལ་ནང་གི་ཕྱི་གླིང་མགྱོགས་ཟས་མུ་འབྲེལ་ཁེ་ལས་སུ་ཞུགས་རྩིས་ཡོད་པའི་གྲ་སྒྲིག་བྱས།