གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མངས་རིས་ཀྱིས་སྐྱེ་ཁམས་ཞིང་ལས་གོང་འཕེལ་བཏང་ནས་དབུལ་གྲོལ་འགག་གྲོལ་ལམ་དུ་ཞུགས།

སྤེལ་དུས 2018-08-09 ཡོང་ཁུངས། ཤིན་ཧྭ་དྲ་བ། རྩོམ་པ་པོ། རྡོ་རྗེས་བསྒྲིགས།

འདེབས་འཛུགས་གསོ་ཚགས་གཅིག་ཏུ་བསྡུས། ཞིང་ལས་ཐོན་ལས་གླིང་ཁུལ་བྱེད་ནུས་མཐོ།
          བོད་ལྗོངས་ཀྱི་ནུབ་རྒྱུད་དུ་གནས་པའི་མངའ་རིས་ས་ཁུལ་གྱི་ཆ་སྙོམས་ས་བབས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨིད་4500ཟིན་གྱི་ཡོད་པ་དང་།  གྲང་ངར་ཆེ་ལ་སོལ་རླུང་འདང་ངེས་མེད་པ་དང་སྔོ་ཚལ་དཀོན་པ་ནི་དེ་གའི་མང་ཚོགས་ལ་འཕྲད་པའི་དཀའ་ཚེགས་ཆེ་ས་ཞིག་ཡིན།  ཉེ་བའི་ལོའི་ནང་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་སྒར་རྫོང་དུ་སྔོ་ཚལ་དང་ཤིང་འབྲས།  ཀྭ་རིགས་བཅས་འདེབས་འཛུགས་དང་སྒོ་ཕྱུགས་གསོ་ཚགས་གཞི་གཅིག་ཏུ་བསྡུས་པའི་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་ཁུལ་ཞིག་བསྐྲུན་པ་དེས།  ཉེ་འཁོར་ས་གནས་ལ་སྔོ་ཚལ་དང་ཀྭ་རིགས་སྣ་ཁ་40ལྷག་ཙམ་མཁོ་འདོན་བྱེད་བཞིན་ཡོད་པ་མ་ཟད།  གནས་སྤོས་དབུལ་སྐྱོར་ཁུལ་གྱི་མང་ཚོགས་200ལྷག་ཙམ་གླིང་ཁུལ་དེར་ལས་ཞུགས་ཐུབ་པ་ཡང་བྱུང་ཡོད།།
ཀྭ་རིགས་སྐྱེ་འཚར་རྣམ་པ་བཟང་། དབུལ་གྲོལ་ཕྱུག་འགྱུར་གོམ་སྟབས་མགྱོགས།
གསོ་ཚགས་དོ་དམ་ཞིབ་ཅིང་ཚགས་གྱུར་པས། བཞོན་མའི་ཤ་ཤེད་རྒྱས་ཤིང་དཀར་ཆུ་བཟང་།