ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་རིགས་ས་ཁུལ་གྱི་དམིགས་བསལ་“སློབ་འཕར་གསོལ་སྟོན།”

སྤེལ་དུས 2018-08-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
             ཟླ་9པར་སླེབས་ལ་ཉེ་བའི་དུས་འདིར། སློབ་ཚུད་བརྡ་ཐོ་འབྱོར་ཟིན་པའི་སློབ་མ་ཚོས་རྣམ་པ་སྣ་ཚོགས་པའི་སྒོ་ནས་སློབ་གྲྭའི་འཚོ་བ་གསར་པ་ལ་གྲ་སྒྲིག་བྱེད་བཞིན་ཡོད། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་སློབ་བུ་རྣམས་ལ་དམིགས་བསལ་གྱི་“སློབ་འཕར་གསོལ་སྟོན་”ཞིག་སྟེ། རྫོང་དེའི་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་”བྱེད་སྒོའི་གཞུང་ལས་ཁང་གིས་རྫོང་སློབ་གསོ་ལུས་རྩལ་ཅུས་དང་། རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་དང་མཉམ་འབྲེལ་གྱིས་2018ལོའི་འཕྱོངས་རྒྱས་རྫོང་གི་ནང་སའི་བོད་ལྗོངས་འཛིན་གྲྭར་རྒྱུགས་འཕྲོད་པའི་སློབ་མར་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་”སྒྲོག་འགྲེལ་ཚོགས་འདུ་དང་སྐྱེལ་མ་བྱས། ཁྱོན་སློབ་འཕར་སློབ་མ་31དང་ཁྱིམ་བདག་40ལྷག་ཙམ་བྱེད་སྒོར་ཞུགས།
འཕྱོངས་རྒྱས་རྫོང་གི་ནང་སའི་བོད་ལྗོངས་འཛིན་གྲྭར་རྒྱུགས་འཕྲོད་པའི་སློབ་མར་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་”སྒྲོག་འགྲེལ་དང་སྐྱེལ་མའི་ཚོགས་འདུ།
             འཕྱོངས་རྒྱས་རྫོང་དང་གྲོང་ཁྱེར་རིམ་པའི་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་”སྒྲོག་འགྲེལ་པ་ལྷ་དོན་གྱིས་ཐོག་མར་སློབ་གྲོགས་ཚོས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པར་རྟེན་འབྲེལ་ཞུས། སློབ་བུ་རྣམས་སློབ་གྲྭ་གསར་བར་སླེབས་རྗེས་སློབ་སྦྱོང་ལ་ཧུར་བརྩོན་བྱེད་པ་དང་། དྲིན་ཤེས་དང་རང་ཚུགས་རང་འབད་བྱེད་དགོས། དུས་མཚུངས་སུ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་གཞན་གྱི་སློབ་གྲོགས་བར་ཕན་ཚུན་འགྲོ་འོང་བྱེད་ཤེས་དགོས། དེ་བས་ཀྱང་བོད་ལྗོངས་དྲིལ་བསྒྲགས་དང་ཕ་ཡུལ་འཕྱོངས་རྒྱས་ཀྱི་ལོ་རྒྱུས་རིག་གནས་དྲིལ་བསྒྲགས་བྱ་དགོས་པའི་རེ་བ་བཏོན།
སློབ་མ་ཚོའི་ནན་ཏན་གྱིས་སྒྲོག་འགྲེལ་ལ་ཉན་བཞིན་པ།
             འཕྱོངས་རྒྱས་རྫོང་མི་དམངས་སྨན་ཁང་གི་བོད་སྐྱོར་སྨན་པ་མའོ་བཀྭང་གིས་སྤྲོ་སྣང་ལྡན་པའི་ཕན་ཚུན་ལ་དྲིས་ལན་གྱི་ཐབས་ལ་བརྟེན་ནས་སློབ་མ་དང་ཁྱིམ་བདག་ཚོར་ནད་ཡམས་འགོག་སྲུང་དང་འཕྲལ་བསྟུན་རོགས་སྐྱོབ་སོགས་ཀྱི་འཕྲོད་བསྟེན་གྱི་ཤེས་བྱ་སློབ་ཁྲིད་བྱས། སློབ་མ་རྣམས་ལ་ཆུང་དུས་ནས་རང་ཉིད་སྲུང་སྐྱོབ་ཀྱི་འདུ་ཤེས་བཙུགས།
བྱེད་སྒོ་མཇུག་བསྒྲིལ་རྗེས། སློབ་གྲོགས་རེ་རེས་རང་ཉིད་ཀྱི་བསམ་ཚུལ་བཤད། གྲོང་གསེབ་ཀྱི་ཁྱིམ་ཚང་གི་བུ་མོ་ཆུང་ཆུང་ཞིག་གིས་བརྗོད་རྒྱུར། “ཕ་མ་དང་དགེ་རྒན་གྱིས་རང་ཉིད་ཀྱི་ཆེད་དུ་ནུས་ཤུགས་བཏོན་པ་ལ་བཀའ་དྲིན་ཞུ། རྗེས་མར་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ཏེ་ཕ་མའི་ཁུར་པོ་ཇེ་ཡང་དུ་གཏོང་པ་དང་། དགེ་རྒན་རྣམ་པ། ཁྱེད་ཚོས་སྐུ་ལུས་ཁག་པོ་མྱངས་སོང་། ཐུགས་རྗེ་ཆེ།”
འཕྱོངས་རྒྱས་རྫོང་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་”གཞུང་དོན་ཁང་གི་ལས་དོན་མི་སྣས་སློབ་མ་ཚོར་སྐྱེས་ཐུམ་ཆུང་ཆུང་གནང་།
             རྒྱུས་ལོན་བྱུང་བ་ལྟར་ན། བྱེད་སྒོ་སྤེལ་ཡུལ་དུ། འཕྱོངས་རྒྱས་རྫོང་སློབ་གསོ་ཅུས་ཀྱིས་སློབ་མ་ཚོར་སློབ་འཕར་བྱ་དགའི་དངུལ་དང་ཁ་བཏགས་སྤྲད། རྫོང་གི་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་”བྱེད་སྒོའི་གཞུང་ལས་ཁང་གིས་ “སྣང་ཆེན་བཞི་དང་དགའ་ཞེན་བཞིའི་”ཁུག་མ་དང་སྒྲོག་འགྲེལ་སྤྱི་དོན། སྒྲོག་འགྲེལ་གྱི་ཟུར་ཁྲིད་ལག་དེབ་སོགས་སྐྱེས་ཐུམ་ཆུང་ཆུང་40ལྷག་བཀྲམས་ཏེ། སློབ་མ་ཚོ་དབུས་རྒྱུད་ས་ཁུལ་དུ་སླེབས་རྗེས་“སྣང་ཆེན་བཞི་དང་དགའ་ཞེན་བཞི་”སྒྲོག་འགྲེལ་དགོས་པའི་སྐུལ་མ་བཏང་།