ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གཙོད་ཀྱི་གནས་སྤོ་བར་སྐྱེལ་སྲུང་བྱེད་པའི་རྒྱལ་ནང་གི་རུ་ཁག་ཐོག་མ་བཙུགས་པ།

སྤེལ་དུས 2018-08-13 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          ཟླ8པའི་ཚེས7ཉིན། གཙང་གསུམ་འབྱུང་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྨིག་པ་ལ་སྒང་སྲུང་སྐྱོབ་ས་ཚིགས་སུ། གཙོད་ཀྱི་གནས་སྤོ་བདེ་བླག་ཡོང་བར་སྐྱེལ་སྲུང་བྱེད་མཁན་གྱི་རུ་ཁག་བཙུགས་ནས་དར་ཆ་སྤྲོད་པའི་མཛད་སྒོ་བསྡུས་ཡོད་པ་མ་ཟད། “2018ལོའི་• གཙོད་ཁྱིམ་དུ་ལོག་པར་དགའ་བསུ་ཞུ”ཞེས་པའི་སྐྱེལ་སྲུང་ལས་དོན་སྤེལ་ཡོད། འདི་ནི་མིག་སྔར་རྒྱལ་ནང་དུ་བཙུགས་པའི་གཙོད་ཀྱི་གནས་སྤོ་བདེ་བླག་ཡོང་བར་སྐྱེལ་སྲུང་བྱེད་མཁན་གྱི་རུ་ཁག་ཐོག་མ་དེ་ཡིན།