ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སྨན་བཅོས་ལག་རྩལ་ལ་བརྟེན་ནས་བདེ་ཐང་ཡོང་ཐབས་བྱེད་པ།

སྤེལ་དུས 2018-08-14 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། རྡོ་རྗེས་བསྒྲིགས།

འདི་ནི་ལི་ཁྲོན་ཅང་གིས་སྨན་དོན་མི་སྣའི་སྣེ་ཁྲིད་དེ་ནད་ཁང་ལ་ལྟ་སྐོར་བྱེད་པ།
          ལྷོ་ཕྱོགས་གསོ་རིག་ཚན་ཁག་སློབ་ཆེན་ལྷོ་ཕྱོགས་སྨན་ཁང་གི་མཆིན་མཁྲིས་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་གཞོན་པ་དང་། ཁག་གསུམ་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ཤེས་ལྡན་པའི་དབུ་བཞུགས་རིགས་གཅིག་མཁས་ཅན། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་ཕྱི་ནད་ཚན་ཁག་གཉིས་པའི་ཀྲུའུ་རེན་གཞོན་པ་ལི་ཁྲོན་ཅང་བོད་སྐྱོར་ལ་ཡོང་བ་ནས་བཟུང་། འགན་འཁྲི་ནན་སྒྲུབ་དང་། རང་དཔེ་གཞན་སྟོན། སྣེ་ཁྲིད་དཔེ་སྟོན། དམ་པ་དོན་གཉེར་བཅས་བྱས་ཏེ་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཉིན་རེའི་ལས་དོན་དེ་བྱ་གཞག་ཞིག་ལ་བརྩིས་ནས་ལྷོད་གཡེང་དང་སུན་སྣང་སྤུ་ཙམ་མེད་པར་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བྱ་བ་དངོས་དང་བྱ་བཟང་བསྒྲུབས་ནས་ཚན་ཁག་ཡོངས་དང་སྨན་ཁང་དེའི་ལས་བྱེད་པ་དང་ལས་བཟོ་ཡོངས་ལ་གཟུགས་བརྙན་ཡག་པོ་ཞིག་བཏོད་ཡོད།

འདི་ནི་ལི་ཁྲོན་ཅང་གིས་གཞི་རིམ་དུ་མང་ཚོགས་ལ་རིམས་ནད་སྔོན་འགོག་གི་ཤེས་བྱ་དྲིལ་བསྒྲགས་བྱེད་པ་དང་ཆབས་ཅིག་སྨན་སྤྲོད་པ།

འདི་ནི་ལི་ཁྲོན་ཅང་གིས་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་དོན་མི་སྣར་སློབ་ཁྲིད་བྱེད་པ།