ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་སའི་ཞོ་སྟོན་གྱི་སྣ་མང་ཕུན་སུམ་ཚོགས་པའི་ཉིན་མོ།

སྤེལ་དུས 2018-08-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།

ལྷ་སའི་ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོའི་ཐོག་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ།
          ཟླ་8ཚེས་11ཉིན་གྱི་དགོང་མོ། ལྷ་ས་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ལན་ཆིའུ་སྤོ་ལོ་ཁང་དུ་གློག་འོད་རྣམ་པར་བཀྲ་ཞིང་། ལས་རིགས་ཁག་ནས་ཕེབས་པའི་སྐུ་མགྲོན་དང་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་མཉམ་དུ་འཛོམས་ཏེ། 2018ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོ་དགའ་སྟོན་བྱས་པ་རེད།
          ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཀྱིས་2018ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཅི་གོ་ཀང་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཝང་ཡ་ལིན་བཅས་འགོ་ཚུགས་མཛད་སྒོར་ཕེབས་པ་རེད།
          ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་ཧྲིལ་པོ་འཁྲུག་ཆ་དོད་ཅིང་། སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཁར། དུས་རབས་ཀྱི་ཉམས་འགྱུར་ཡང་ལྡན་ཡོད། འཁྲབ་སྟོན་རིང་སྲོལ་རྒྱུན་རིག་གནས་དང་དེང་རབས་ཚན་རྩལ་གཉིས་ཟུང་དུ་འབྲེལ་ནས། ལྷ་མོ་སོགས་མངོན་མིན་རིག་གནས་ཤུལ་བཞག་དང་། འོང་སྐོར། རྟ་རྒྱུག་འགྲན་བསྡུར་བཅས་ཀྱི་ཁྱད་ལྡན་དུས་ཆེན་གང་ལེགས་མངོན་པ་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ཐད་ལ་ཐོབ་པའི་ལྷ་སའི་གཡུར་དུ་ཟ་བའི་གྲུབ་འབྲས་གང་ལེགས་མངོན་པ་མ་ཟད། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཐུན་མོང་ཐོག་མཐུན་སྒྲིལ་དང་། མཛེས་སྡུག སྐྱོན་བྲལ། བདེ་སྐྱིད་བཅས་ལྡན་པའི་ལྷ་ས་གསར་པ་གཏོད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཡང་མངོན་པར་བྱས་པ་རེད།
ཞོ་སྟོན་རིང་རྫོང་རྒྱབ་ཀླུ་ཁང་ནང་ལྷ་སའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཁག་གིས་མང་ཚོགས་ལ་སྲོལ་རྒྱུན་ལྷ་མོ་འཁྲབ་སྟོན་བྱེད་བཞིན་པ།
          འདི་ལོའི་ཞོ་སྟོན་དུ་རིག་གནས་དང་། ལུས་རྩལ། ཡུལ་སྐོར། ཚོང་འདུས་སོགས་ནང་དོན་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་བརྒྱུད་འཛམ་གླིང་སྐྱེ་བོ་ཀུན་ལ་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་ཡར་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་མངོན་པ་དང་། རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྲོང་ཁྱེར་ཡིན་པའི་ལྷ་སའི་གནས་ཚུལ་གསར་པ་དང་རྣམ་པ་གསར་པ་མངོན་པ། ཕྱི་ཕྱོགས་སུ་ཡིད་དབང་འཕྲོག་ཤུགས་སྔར་བས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ལྷ་སའི་དཔལ་འབྱོར་རྒྱུན་མཐུད་དང་། མགྱོགས་མྱུར། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་ཆེད་ཆ་རྐྱེན་ཡག་པོ་ཞིག་བཏོད་ཡོད་པ་རེད།
ཞོ་སྟོན་གྱི་ཉིན་དང་པོར་གཙུག་ལག་ཁང་དུ་ཡུལ་སྐོར་དུ་ཡོང་མཁན་ཧ་ཅང་མང་བ།