ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལོ་ཆུང་གཞོན་ནུ་སློབ་གསོར་རོགས་སྐྱོར་བྱེད་དུ་ཕྱིན་ནས་ལང་ཚོའི་རིན་ཐང་མངོན་འགྱུར་བྱ།

སྤེལ་དུས 2018-08-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། ༢༠༡༨ལོའི་ཟླ༧པའི་ཚེས༢༤ཉིན། རྨད་བྱུང་ངོ་མཚར་བའི“མཁའ་ལམ”བརྒྱུད་དེ་མེ་འཁོར་འཁོར་སྒམ་ནང་འཁྱིལ་བའི་མར་དྲི་ཞིམ་པོ་སྡོངས་ནས། ཀྲུང་གོའི་ཞིང་ལས་སློབ་ཆེན་མི་ཆོས་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མི་དག་ཀུན་གྱིས་ཉིན་མཚན་མེད་པར་རེ་ལྟོས་བྱེད་ཀྱིན་པའི་གནས་མཆོག་བོད་ལྗོངས་སུ་ཕྱིན་པ་དང་། མེ་འཁོར་ལས་བབས་མ་ཐག དྲི་མེད་དྭངས་གཙང་གི“སྤྲིན་དཀར”ལྟ་བུའི་ཁ་བཏགས་ནི་ཁོ་ཚོའི་མགུལ་དུ་སྒྲོན་པ་རེད།

          རི་འོག་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་སློབ་མ་དང་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མི་རྣམས་ཀྱིས་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན་པ།
          ནང་བསྟན་གྱི་གཟི་འོད་ཆེམ་ཆེམ་འཕྲོ་བའི་མཐོ་སྒང་དུ་ཡོད་ཚད་ནི་དེ་འདྲའི་དྭངས་གཙང་ཞིག་ཡིན་ལ། ཕུགས་བསམ་གྱིས་ཕྱུགས་པའི་གཞོན་ནུ་ཁྱུ་གཅིག་ནི་དད་པ་རྩེ་གཅིག་སྒོས་དེ་གར་ཉེ་བར་བཅར་ཞིང་། ཁོ་ཚོས་ལྷ་ཡུལ་དང་ཐག་ཉེ་ཤོས་ཀྱི་གནས་མཆོག་འདི་ཉིད་ནས་ལང་ཚོའི་མཛེས་སྡུག་བསྐྲུན་རྒྱུ་དང་འབད་འབུངས་ཀྱི་གཏམ་རྒྱུ་འབྲི་རྒྱུ་དེ་ཉིད་ལས་མ་མཆིས།
          དེ་ཡང་མཐོ་སྒང་དུ་ཐེངས་དང་པོར་ཕེབས་པའི་ཚེ། རུ་མི་དག་གིས་དབུགས་ཀྱི་འབྱིན་རྔུབ་སྐད་ཅིག་ཉིད་ལྷོད་ལ་འབབ་ཐུབ་ཀྱི་མེད་ཅིང་།  ལུས་ཕུང་གི་ཕྲ་ཕུང་རེ་རེས་ཀྱང་དབྱང་རླུང་ལ་རེ་བ་བྱེད་ཀྱིན་ཡོད་ནའང་། རུ་མི་རྣམས་ཀྱིས་ལམ་ཧྲིལ་པོར་གཞས་བཏང་ནས་ཕན་ཚུན་ལ་སེམས་ཤུགས་སྩོལ་གྱི་ཡོད་ལ། ལུས་པོས་ས་བབ་མཐོ་ཞིང་དབྱང་རླུང་དཀོན་པའི་དཀའ་ངལ་ག་གདོང་གཏད་ཀྱི་ཡོད་ནའང་ཁོ་ཚོར་ཕྱིར་བཤོལ་གྱི་སེམས་པ་ནི་རྨང་ནས་བྱུང་ཡོད་པ་མ་རེད།
          ཟླ༧པའི་ཚེས༢༧ཉིན་ནས་ཟླ༨པའི་ཚེས༣ཉིན་བར། ཚན་རིག་རྟོག་ཞིབ་རུ་ཁག་གིས་བོད་ཀྱི་འགྲུལ་བཞུད་ཀྱིས་ལས་རིམ་དང་པོ་སྟེ་སྤྱི་ཚོགས་བརྟག་ཞིབ་ཀྱི་ལས་འགན་ཡོངས་སུ་ལེགས་འགྲུབ་བྱུང་ཡོད་ཅིང་།  བརྟག་ཞིབ་མཇུག་འགྲིལ་རྗེས། ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མི་དག་གིས་ལས་མཚམས་མ་བཞག་པར་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་རི་འོག་གྲོང་རྡལ་ལྟེ་བའི་སློབ་ཆུང་ནས་བསྐྱོད་ནས་དུས་ཡུན་ཉིན5ཡི་རིང་གི“གྲོང་གསེབ་ཀྱི་དབྱར་སྒར” ལྟ་བུའི་དུས་ཐུང་གི་སློབ་གསོར་རོགས་སྐྱོར་ལས་རིམ་སྤེལ་བ་རེད།

          ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མིས་སློབ་ཆུང་སློབ་མར་གྲངས་རིག་གི་ཤེས་བྱ་འགྲེལ་བཤད་གནང་བཞིན་པ།
          གྲོང་གསེབ་ཀྱི་དབྱར་སྒར་གྱི་བསམ་ཕྱོགས་སྐོར་གླེང་སྐབས། ད་ལྟའི་ཚན་རིག་རྟོག་ཞིབ་རུ་ཁག་གི་འགན་འཛིན་སུན་ཡུས་ཁུན་གྱིས། སློབ་སྐྱོར་སྤྱི་ཡོངས་ཀྱི་དུས་ཚོད་ལས་ཅུང་ཐུང་པའི་རྐྱེན་གྱིས་གྲོང་གསེབ་ཀྱི་དབྱར་སྒར་གྱི་རྣམ་པ་བེད་སྤྱད་བཏང་པ་ཡིན་ལ། དེ་ནི་དུས་ཡུན་ཐུང་བའི་སློབ་གསོ་རོགས་སྐྱོར་བྱེད་པའི་དམིགས་བསལ་གྱི་རྣམ་པ་ཞིག་ཡིན་ཞིང་། གཙོ་བོ་ནི་ཚན་རིག་གི་ཤེས་བྱ་དང་རིག་གནས་རྒྱུན་ཤེས།འཕྲོད་བསྟེན་བདེ་འཇགས་ཀྱི་རྒྱུན་ཤེས།ཉམས་ལེན་རྣམ་པའི་བྱེད་སྒོ་མཉམ་དུ་བསྡུས་ནས་རོལ་རྩེད་ཞོར་ལ་སློབ་གསོའི་ཕན་འབྲས་ཐོན་པ་བྱེད་དགོས་པ་རེད་ལ། སློབ་གསོ་རོགས་སྐྱོར་གྱི་ནང་དོན་གཙོ་བོ་ཁག་གཉིས་སུ་བགོས་ཆོག་སྟེ། ཞོགས་པར་རིག་གནས་སློབ་ཚན་དང་ཕྱི་དྲོ་གྲོང་གསེབ་ཀྱི་དབྱར་སྒར་བྱེད་སྒོ་ཞིག་ཡིན་ཞེས་ངོ་སྤྲོད་གནང་བྱུང་།

          ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མི་དང་རི་འོག་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་སློབ་མ་རྣམས་འཁྱགས་གཏོར་རོལ་རྩེད་ལ་རོལ་བཞིན་པ།
          རྒྱུས་ལོན་བྱུང་པ་ལྟར་ན།  ཚན་རིག་རྟོག་ཞིབ་རུ་ཁག་གིས་ཟླ༨པའི་ཚེས༤ཉིན་ནས་སློབ་སྐྱོར་དངོས་སུ་མགོ་བརྩམས་པ་ཡིན་ལ།  ཉིན་དེར་རུ་མི་དག་རི་འོག་གྲོང་རྡལ་ལྟེ་བའི་སློབ་ཆུང་དུ་འབྱོར་པ་མ་ཟད་སོ་སོས་འགན་ཁུར་པའི་འཛིན་གྲྭར་སོང་ནས་སློབ་གྲོགས་ཚོ་དང་འཁྱགས་གཏོར་རོལ་རྩེད་ལ་རོལ་པ་རེད།
          ཟླ༨པའི་ཚེས༧ཉིན་ནས་ཟླ༨པའི་ཚེས༡༡ཉིན་གྱི་སྔ་དྲོའི་བར། ་སློབ་སྐྱོར་བྱེད་སྒོ་དེ་བདེ་བླགས་་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཞིང་། སློབ་ཚན་ཐོག་རུ་མི་ཚོས་དེ་སྔར་འོས་བཙོང་གསོག་དངུལ་གྱིས་ཉོས་པའི་སྐད་ཡིག་དང་གྲངས་རིག   དབྱིན་ཡིག  རོལ་དབྱངས། མཛེས་རྩལ་ཤེས་བྱ་ཉུང་བསྡུས། རི་མོའི་དེབ་སོགས་གནང་ནས་བྱིས་པ་ཚོའི་མཐོང་རྒྱ་ཇེ་ཡངས་སུ་བཏང་བ་དང་། སློབ་ཚན་གྲོལ་རྗེས་རུ་མི་ཚོས་སྙིང་ཉེ་ཞིང་སེམས་དག་པའི་སྤྱོད་ལམ་གྱིས་བྱིས་པ་ཚོ་དང་ན་གཞོན“དགེ་རྒན་ཆུང་ཆུང”འདི་ཚོའི་བར་ཐག་ཇེ་ཉེར་བཏང་པ་དང་། བྱིས་པ་ཚོ་ནི་ངོ་ཚ་དང་གུས་ཆུང་ནས་རིམ་བཞིན་རང་གི་བློ་སྤོབས་ཇེ་ཆེར་ཕྱིན་ནས་བསམ་ཕྱོགས་བརྗེ་རེས་བྱེད་མཁས་པ་ཞིག་ཏུ་གྱུར།

          ཚན་རིག་རྟོག་ཞིབ་རུ་མིས་སློབ་ཆུང་སློབ་མར་རི་མོ་འབྲི་སྟངས་བཤད་བཞིན་པ།
              ཟླ8པའི་ཚེས11ཉིན་གྱི་ཕྱི་དྲོར། རུ་མི་ཚོས“བདེ་ཐང་ལག་རྟགས” དང་ཚན་རིག་ཁྱབ་གདལ་བརྡ་ཁྱབ་ཁྱེར་ནས་བྱིས་པ་ཚོར་རྣམ་པ་གསར་རྐྱང་གི་དངོས་མང་སྟོན་ཚོགས་ཤིག་གྲ་སྒྲིག་གནང་པ་དང་། ཁོ་ཚོས་ཞུགས་སྦྱོང་རྣམ་པའི་རྩེད་མོ་ཆུང་ཆུང་གི་གོ་རིམ་ཁྲོད་འཕྲོད་བསྟེན་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་རྟོགས་ཀྱི་ཡོད་མ་ཟད། རོལ་རྩེད་མཇུག་རྫོགས་རྗེས་རང་ཉིད་ལ་དབང་བའི་སོ་ཤད་དང་ལག་ཕྱིས།འདག་རྫས་བཅས་བླངས་པ་རེད།

          ཚན་རིག་རྟོག་ཞིབ་རུ་མི་སྣེ་མང་སྨྱན་བྱད་བརྒྱུད་སློབ་ཆུང་སློབ་མར་ཤེས་བྱ་སློབ་ཁྲིད་བྱེད་བཞིན་པ།
          དབྱར་སྒར་མཇུག་འགྲིལ་མཛད་སྒོའི་སྟེང་དུ་། གཏིང་སྐྱེས་རྫོང་གི་གྲོང་བརྡལ་གྱི་འགོ་འཛིན་གྱིས་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མིར། “ཁྱེད་ཚོའི་འདི་གར་ཡོང་བའི་དམིགས་ཡུལ་ལ་ལེགས་འགྲུབ་བྱུང་ཡོད་ཅིང་། སློབ་གསོའི་འདུ་ཤེས་གསར་པ་དང་སློབ་གསོའི་འདུ་ཤེས་རྙིང་པའི་གདོང་གཏུག་ཁྲོད། ང་ཚོས་ཀྱང་སློབ་གསོའི་སྐོར་གྱི་བྱེད་ཐབས་གསར་པ་བསྡུ་ལེན་བྱེད་ཐུབ་ཡོད་པ་དང་། སྤྱིར་དུས་ཐུང་ཉིན5ལས་མེད་ནའང་། ཁྱེད་རང་ཚོ་ཕེབས་པ་དེས་བྱིས་པ་ཚོར་རིའི་ཕྱི་རོལ་གྱི་འཇིག་རྟེན་མཐོང་པར་བྱས་པ་དང་།ན་གཞོན་དགེ་རྒན་ཁྱོད་ཚར་ཡར་སྐྱེད་འཕེལ་རྒྱས་འབྱུང་ཐུབ་ཡོད་ཕྱིར་དེ་ནི་ད་གཟོད་སློབ་གསོར་རྒྱབ་སྐྱོར་དོན་སྙིང་ཆེས་ཆེར་ལྡན་པ་རེད” ཕན་ཚུན་ཁ་བྲལ་འདོད་མེད་པའི་བརྩེ་བར་མཚོན་ཕྱིར ལྟེ་བའི་སློབ་ཆུང་གི་བྱིས་པ་ཚོས་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མི་རྣམས་ལ་བོད་ཀྱི་སྲོལ་རྒྱུན་དུས་ཆེན་སྟེང་མ་གཏོགས་མཐོང་དཀོན་པའི་སྐོར་བྲོ་འཁྲབ་སྟོན་གནང་པ་དང་། ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མི་དག་གིས་ཀྱང་སླར་ཡང་ཁོ་ཚོར་དབང་པའི་རུ་གླུ་མཉམས་ལེན་གནང་པ་རེད། མཚམས་འདིར། དུས་ཡུན་ཉིན5 ཡི་དུས་ཡུན་ཐུང་བའི་སློབ་གསོ་རོགས་སྐྱོར་ནི་མིག་ཆུ་དང་དགའ་སྤྲོའི་ཁྲོད་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།

          རི་འོག་གྲོང་རྡལ་གྱི་གྲོང་གཙོ་དང་རི་འོག་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་སློབ་སྤྱི། ལོ་རིམ་ཁག་གི་དགེ་རྒན་དང་སློབ་མ། ཚན་རིག་རྟོག་ཞིབ་རུ་ཁག་གི་ཁོངས་མི་རྣམས་ཀྱིས་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན་པ།
          རྒྱུས་ལོན་བྱུང་པ་ལྟར་ན། ཟླ8པའི་ཚེས12 ཉིན་གྱི་སྔ་དྲོར། ཀྲུང་གོའི་ཞིང་ལས་སློབ་ཆེན་གྱི་རྟོག་ཞིབ་རུ་ཁག་གི་རུ་མི་དག་གཏིང་སྐྱེས་རྫོང་རི་འོག་གྲོང་རྡལ་གྱི་དཀྱིལ་ལེ་གྲོང་ཚོ་དང་ཁ་གྱེས་ནས་ཆེས་མཇུག་མཐའི་དབྱར་ཁའི་གུང་གསེང་གི་བྱེད་སྒོ་སྟེ། གཞིས་རྩེ་གྲོང་ཁྱེར་དུ་བསྐྱོད་ནས་ས་མཐོའི་གོམ་བགྲོད་བྱེད་སྒོ་སྤེལ་བ་རེད།