ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཕུན་སུམ་ཚོགས་པའི་རིག་གནས་འཚོ་བ།

སྤེལ་དུས 2018-08-16 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། རིན་སྒྲོལ་གྱིས་བསྒྲིགས།

འདི་ནི་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གི་མང་ཚོགས་ཀྱིས་ངལ་གསོའི་དུས་སུ་ཕྱོགས་བསྡུས་རིག་གནས་ས་ཚིགས་སུ་ཡོང་ནས་ཕུན་སུམ་ཚོགས་པའི་རིག་གནས་འཚོ་བ་སྣ་ཚོགས་ནང་ཞུགས་ནས་སྤྲོ་སྣང་དོད་པའི་འཚོ་བ་སྐྱེལ་བཞིན་པ།

 འདི་ནི་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གི་མང་ཚོགས་ཀྱིས་ཞིང་དལ་དུས་ཚོད་སྤྱད་ནས་ཤང་ཕྱོགས་བསྡུས་རིག་གནས་ས་ཚིགས་སུ་ཡོང་སྟེ་འཁོར་གཏོང་ཤེས་བྱ་སྦྱོང་བཞིན་པ།
          མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གིས་ཕྱོགས་བསྡུས་རིག་གནས་ས་ཚིགས་ཀྱི་ས་བབ་ཀྱི་ལེགས་ཆ་དང་ནུས་པའི་ལེགས་ཆ་སྤྱད་དེ་རོལ་རྩེད་ཀྱི་སྒྲིག་ཆས་མང་དུ་བཏང་བ་དང་འབྲེལ། རིག་གནས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད། མང་ཚོགས་ཀྱི་འཚོ་བ་རིམ་བཞིན་ཕུན་སུམ་ཚོགས་སུ་ཕྱིན་པ་དང་བསྟུན་ནས་ཐང་སྐྱ་ཤང་རིག་གནས་ས་ཚིགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་གནས་དེ་གའི་རིག་གནས་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཆེན་པོ་ཐེབས་ཡོད།