ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ཤོག་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་བྱུང་བ།

སྤེལ་དུས 2018-08-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
             ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ས་ཆ་ཁག་གིས་བོད་ཤོག་གི་སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་བོད་ཤོག་གི་སྲོལ་རྒྱུན་རིག་གནས་ཀྱི་སྤུས་རྟགས་ཧུར་ཐག་བཏོད་ནས་མང་ཚོགས་དབུལ་པོ་བོད་ཤོག་ཐོན་ལས་འཕེལ་རྒྱས་གཏོང་བའི་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་རྒྱ་ཆེར་བཏང་བ་རེད། 2016ལོར་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་300བཏང་ནས་སྨན་གླིང་རྫོང་ཤེལ་དཀར་བོད་ཤོག་ལས་སྣོན་བཟོ་གྲྭ་བཙུགས་པ་རེད། ད་ཆ་བཟོ་གྲྭ་དེས་ཐོན་སྐྱེད་བྱས་པའི་བོད་ཤོག་རང་རྒྱལ་གྱི་ཞིང་ཆེན་མང་པོར་ཕྱིར་ཚོང་བྱེད་ཀྱི་ཡོད་པས་དཔལ་འབྱོར་དང་རིག་གནས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད་ཅིང་། འདི་ནི་བོད་ཤོག་ཕྱིར་ཚོང་ནང་ཞུགས་མཁན་མང་ཚོགས་ཀྱིས་ཤེལ་དཀར་གྲོང་ཚོའི་ཡུལ་སྐོར་བའི་ཞབས་ཞུའི་ལྟེ་གནས་སུ་བོད་ཤོག་གི་ཡུལ་སྐོར་དྲན་རྟེན་དངོས་རྫས་བསྡུ་གསོག་རྒྱག་པའི་གནས་ཚུལ་ཡིན་པ།