གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་དར་མདོར་མཇུག་བསྒྲིལ།

སྤེལ་དུས 2018-09-10 ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          ལུས་རྩལ་འགྲན་བསྡུར་གྱི་གོ་རིམ་རབ་དང་རིམ་པ་མཇུག་བསྒྲིལ་ནས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་དེ་སྤྱི་ཟླ9པའི་ཚེས9ཉིན་གྱི་མཚན་མོར་དར་མདོར་མཇུག་བསྒྲིལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་མཇུག་བསྒྲིལ་བའི་མཛད་སྒོ་གཙོ་འགན་བཞེས་པ་རེད། ཞའོ་ཡིའུ་ཚའེ་ཡིས་གཙོ་འགན་བཞེས་སྐབས་དང་ཐོག་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་ཨུ་ལྷན་དང་། ཀྲུང་གུང་དཀར་མཛེས་ཁུལ་ཨུ། ཁུལ་མི་དམངས་སྲིད་གཞུང་གི་ཚབ་མཛད་ནས་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་གྱི་འགོ་ཁྲིད་རྣམ་པར་བླ་ན་མེད་པའི་གུས་འདུས་ཞུས་པས་མ་ཚད། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ནང་དཀའ་སྤྱད་སྙིང་རུས་བསྒྲིམས་པའི་བློ་མཐུན་རྣམ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། 
          ཞའོ་ཡིའུ་ཚའེ་ཡིས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བླ་ན་མེད་པའི་མཐོང་ཆེན་དང་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་བཀོད་སྒྲིག་ཞིབ་ཚགས་དང་སེམས་ཤུགས་བསྒྲིམས་ནས་སྒྲིག་འཛུགས་བྱས་འོག  གྲོང་ཁྱེར་དང (རང་སྐྱོང་ཁུལ)14དང་སློབ་གྲྭ་ཆེན་པོའི་འཐུས་ཚབ་ཀྱིས་ཉིན་བདུན་རིང་ལ་འབད་བརྩོན་བྱས་འོག དེ་རིང་མཛའ་གཞས་ཆོལ་ཁ་དར་རྩེ་མདོ་ནས་མཇུག་བསྒྲིལ་བ་རེད་ཅེས་གསུངས། ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ལག་བསྟར་ཀྲུའུ་རེན། ཞིང་ཆེན་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཝུན་ཀྲི་ཡིས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་སྤྱོད་ཚུལ་དར་སྲོལ་བཟང་པོའི་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད། ཡོན་ཝེན་ཏུང་དང་ཀྲང་ཧྥུ་གོ ལིའུ་ཁྲེང་མིང་། ལིའུ་ཝུན་ཀྲི། ཝུན་ཅན་བཅས་འགོ་ཁྲིད་བློ་མཐུན་གྱིས་སྤྱོད་ཚུལ་དར་སྲོལ་བཟང་པོའི་བྱ་དགའ་ཐོབ་མཁན་གྱི་འཐུས་ཚབ་ཚོགས་པར་བྱ་དགའི་རྟགས་མ་སྤྲད་པ་རེད།
          སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་རེན། ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝུན་ཅན་གྱིས་མཇུག་སྒྲིལ་བའི་ཤིས་ཚིག་འབུལ་སྐབས་གསུངས་དོན། ཐེངས་འདིའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་འདི་ལུས་རྩལ་པ་ཡོངས་རྫོགས་ཀྱིས་འབད་འཐབ་བྱས་འོག་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོ་ལ་ས་གནས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་ལུས་རྩལ་གྱི་ཉམས་འགྱུར་དང་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་སྟོན་བྱས་ཡོད་པ་རེད། འདི་ནི་རང་རེའི་ཞིང་ཆེན་གྱི་མི་རིགས་སྲོལ་རྒྱུན་ལུས་རྩལ་དར་རྒྱས་གོང་འཕེལ་འགྲོ་བའི་མཚོན་ཚུལ་ཡིན་ལ། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྤེལ་རེས་བྱས་པའི་མཚོན་ཚུལ་ཞིག་ཀྱང་ཡིན། མི་རིགས་སོ་སོའི་སྤུན་ཟླའི་བར་སྤེལ་རེས་དང་མཉམ་འདྲེས་བྱས་པའི་ལེའུ་གསར་པ་བསྐྲུན་པ་ཞིག་ཀྱང་རེད། རང་རེའི་ཞིང་ཆེན་གྱི་མི་རིགས་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་མི་རིགས་སོ་སོའི་བར་རིག་གནས་སྤེལ་རེས་དང་མཛའ་མཐུན་མཉམ་འབྲེལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། དཀར་མཛེས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་དབྱིས་ཞིན་གྱིས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཞིང་ཆེན་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲང་ཧྥུ་གོ་ལ་ལུས་རྩལ་འགྲན་ཚོགས་ཀྱི་དར་ཆ་བརྒྱུད་སྤྲོད་བྱས་པའི་དུས་མཚུངས་སུ། ཀྲང་ཧྥུ་གོ་ཡིས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་བྱ་འགུལ་སྐབས་བཅུ་དྲུག་པའི་འགྲན་ཚོགས་འཛུགས་གཉེར་བྱེད་འགན་འཁུར་མཁན་ལིའང་ཧྲན་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཕའེ་ཆི་པིང་ལ་བརྒྱུད་སྤྲོད་བྱས་པ་རེད། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་པོ་གཞོན་པ་ཡོན་ཝེན་ཏུང་གིས་ཐེངས་འདིའི་ལུས་རྩལ་བྱ་འགུལ་འགྲན་ཚོགས་མཇུག་བསྒྲིལ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་རེད།